ཡོངས་འཛིན་རིག་མཛོད། >ལོ་རྒྱུས། >ཀྲུང་གོའི་ལོ་རྒྱུས།

ཆིང་རྒྱལ་རབས།

ཆིང་རྒྱལ་རབས་ནི་གོང་མའི་རྒྱལ་རབས་མཐའ་མ་དེ་ཡིན་པ་དང་མན་ཇུ་རིགས་ཀྱིས་འཛིན་སྐྱོང་བྱས། དེ་ནི་རྒྱ་རིགས་མ་ཡིན་པས་རིགས་ཀྱི་དུས་རབས་གཉིས་པ་དེ་ཡིན། མན་ཇུ་བ་རྣམས་ལ་དེ་སྔོན་ཇུར་ཆེན་ཞེས་འབོད་པ་དང་མིང་རྒྱལ་རབས་ཀྱི་སྐབས་བྱང་ཤར་མཚམས་ཀྲུང་གོའི་ལྕགས་རི་རིང་པོའི་ཕྱི་ངོས་སུ་གནས་སྡོད་བྱེད་ཀྱི་ཡོད། རྒྱ་ཡིག་གི་མིང་། 清朝 ཕྱི་ཡིག་གི་མིང་། Qing Dynasty བསྡུས་མིང་། ཆིང་། རྒྱལ་ས། པེ་ཅིང་། གྲོང་ཁྱེར་གཙོ་བོ། ཧྲེང་ཅིང་སོགས། རྒྱལ་གླུ། 《巩金瓯》 གཞུང་ཕྱོགས་ཀྱི་སྐད་ཡིག མན་ཇུའི་སྐད། རྒྱ་སྐད། སོག་སྐད། བོད་སྐད། དངུལ་ལོར།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཁྲུན་ཆིའུ་ཀྲན་གོའི་དུས་རབས།

སྤྱི་ལོའི་གོང་ཀྱི་དུས་རབས8པའི་ནང། ཁྲུན་ཆིའུ་ཀྲན་གོའི་དུས་རབས་སྐབས་ཆབ་སྲིད་ཀྱི་དབང་ཤུགས་ཕྱོགས་བགོས་སུ་ཕྱིན། མིང་དེ་ལྟར་དཔྱིད་དུས་དང་སྟོན་དུས་ཞེས་པའི་ལོ་རྒྱུས་དེབ་ཐེར་གྱི་ཤུགས་རྐྱེན་འོག་འཐོབ། རྒྱ་ཡིག་གི་མིང་། 春秋时期 ཕྱི་ཡིག་གི་མིང་། Chun&Qiu རྒྱལ་ས། ལུའོ་ཡི(དེང་གི་ལུའོ་དབྱང་ཡིན) མི་རིགས་གཙོ་བོ། ཧྭ་ཞ་མི་རིགས། ཁོངས་གཏོགས་རྒྱལ་རབས། ཀྲོའུ། སྲིད་བསྐྱངས་ལོ། སྤྱི་ལོ་སྔོན་གྱི770ལོ —སྤྱི་ལོ་སྔོན་གྱི476ལོ། རྒྱལ་ཕྲན་གཙོ་བོ། ཅིན་སོགས་བརྒྱད་ཡོད།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཐེངས་གཉིས་པའི་ཉལ་ཐའི་དམག་འཁྲུག

ཐེངས་གཉིས་པའི་ཉལ་ཐ་དམག་འཁྲུག་ནི་དབྱིན་ཇི་དང་ཧྥ་རན་སེ་གཉིས་ཨུ་རུ་སུ་དང་ཨ་རི་གཉིས་ཀྱིས་རྒྱབ་སྐྱོར་ལས་ཀྲུང་གོ་བཙན་འཛུལ་བྱས་པའི་དམག་འཁྲུག་ཡིན། དབྱིན་ཇི་དང་ཧྥ་རན་སེ་གཉིས་ཀྱིས་ཐེ་ཕིང་ཐེན་གོ་ལས་འགུལ་སྐབས་དང་བསྟུན་ཏེ། ཡ་ལོ་རྟགས་དོན་རྐྱེན་དང་མ་ཧྲིན་ཧྥོ་དོན་རྐྱེན་ལ་ཁ་གཡར་ཏེ། མཉམ་འབྲེལ་བྱས་ནས་ཆིང་སྲིད་གཞུང་ལ་རྒོལ་བའི་འཐབ་འཁྲུག་ཅིག རྒྱ་ཡིག་གི་མིང་། 第二次鸦片战争 ཕྱི་ཡིག་གི་མིང་། The Second Opium War ས་གནས། ཀྲུང་གོ དུས་ཚོད། སྤྱི་ལོ1856 — སྤྱི་ལོ1860 འཐབ་ཞུགས་ཕྱོགས་ཁག དབྱིན་ཇི་དང་ཧྥ་རན་སེ། ཨུ་རུ་སུ་དང་ཨ་རི་འདུམ་འགྲིག་མིང་ཐོག་ནས། ཆིང་རྒྱལ་རབས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག

ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག་ལ་དབྱིན་ཇིས་ཐེངས་དང་པོའི་ཀྲུང་དབྱིན་འཐབ་འཁྲུག་ཟེར་ལ། ཡང་ན་ཚོང་འགྲུལ་འཐབ་འཛིང་ཡང་ཟེར། དེ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་འགོ་བརྗོད་ལྟ་བུ་ཡིན། རྒྱ་ཡིག་གི་མིང་། 第一次鸦片战争 ཕྱི་ཡིག་གི་མིང་། First Opium War ས་གནས། ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་རྒྱུད། དུས་སྐབས། 1840ལོའི་ཟླ6 — 1842ལོའི་ཟླ8 འཐབ་ཞུགས་ཕྱོགས་ཁག དབྱིན་ཇི་དང་ཀྲུང་གོ་ཆིང་རྒྱལ་རབས། མཇུག་འབྲས། དབྱིན་ཇིས་རྒྱལ་ཁ་བླངས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

གསུམ་རྒོལ་དང༌ལྔ་རྒོལ་ལས་འགུལ།

གསུམ་རྒོལ་ནི་ལྐོག་ཟ་ལ་ངོ་རྒོལ་དང༌། ཆུད་ཟོས་ལ་ངོ་རྒོལ། དཔོན་ངན་རིང་ལུགས་ལ་ངོ་རྒོལ་བཅས་ལ་ཟེར་ཞིང༌། ལྐོག་རྔན་སྤྲོད་ལེན་ལ་ངོ་རྒོལ་དང༌། ཁྲལ་རིགས་སྐུང་གཡོལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་འཁྱེར་ལ་ངོ་རྒོལ། རྒྱུ་ཆ་རྐུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་རྐུ་འཁྱེར་ལ་ངོ་རྒོལ་བཅས་ལྔ་རྒོལ་གྱི་ལས་འགུལ་ཡིན། རྒྱ་ཡིག་གི་མིང་། 三反五反运动 དུས་ཚོད། སྤྱི་ལོ 1951—སྤྱི་ལོ 1952ལོ་མཇུག་བར། ལས་འགུལ་བྱ་ཡུལ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཧྭ་ཀུའོ་ཧྥེང་།

ཧྭ་ཀུའོ་ཧྥེང། ཐོག་མའི་མཚན་ལ་སུའུ་ཐའོ་ཟེར། ཧྲན་ཞི་ཞིང་ཆེན་ཅའོ་ཁྲུང་རྫོང་གི་མི་ཡིན། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གལ་ཆེན་ནང་གི་གཅིག་ཡིན། ཡུན་རིང་ཉམས་ཚོད་བླངས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་ཡིན། སྤྱི་ལོ1976ལོའི་ཟླ4བར་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འགན་ཁུར་ཞིང་ཕྱིས་སུ་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཐང་རྒྱལ་རབས།

ཐང་རྒྱལ་རབས་བཙུགས་རྗེས་ཁག་གསུམ་སྡེ་དྲུག་དང་བོགས་གླ་བསྡུ་གསུམ་གྱི་ལམ་ལུགས་མུ་མཐུད་དུ་ལག་བསྟར་བྱས། ཐང་ཐའེ་ཙུང་གི་སྐབས་སུ་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་གོང་དུ་འཕེལ་བར། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤིན་ཏུ་རྒྱས་པའི་ཀྲིན་ཀོན་ཁྲི་ལོའི་སྲིད་སྐྱོང་ཟེར་བ་བྱུང་། དེའི་རྗེས་སུ་སྲིད་འགྱུར་ཅུང་ཆེ་སྟེ། བཙུན་མོ་ཝུའུ་ཙི་ཐེན་རྒྱལ་པོར་བསྡད་ནས་རྒྱལ་མིང་ཀྲོའུ་རུ་བསྒྱུར་བ་སོགས་བྱུང་། རྒྱ་ཡིག་གི་མིང་། 唐朝 ཕྱི་ཡིག་གི་མིང་། Tang Dynasty བསྡུས་མིང་། ཐང་། ཏ་ཐང་། ཐང་རྒྱལ་རབས། ཁོངས་གཏོགས་གླིང་ཆེན།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཧན་ནུབ་མ།

ཧན་ནུབ་མ(སྤྱི་ལོ་སྔོན་གྱི202ལོ་ནས་སྤྱི་ལོ་སྔོན་གྱི25ལོ)བཙུགས་རྗེས་ཆིན་གྱི་ལམ་ལུགས་བཟང་ཤོས་དག་རྒྱུན་འཛིན་པའི་རྨང་གཞིའི་སྟེང་ཁྲལ་དང་འུ་ལག་ཇེ་ཡང་དུ་བཏང་བས་ཞིང་ལས་དང་ལག་ཤེས་བཟོ་ལས། ཚོང་ལས་སོགས་སྤྱི་ཚོགས་དཔལ་འབྱོར་ལ་སླར་གསོ་དང་གོང་འཕེལ་བྱུང་། རྒྱ་ཡིག་གི་མིང་། 西汉 ཕྱི་ཡིག་གི་མིང་། The Han Dynasty བསྡུས་མིང་། ཧན། ཧན་ཆེན་མོ་བཙན་རྒྱལ། ཁོངས་གཏོགས་གླིང་ཆེན། ཡ་གླིང་། རྒྱལ་ས། ཁྲང་ཨན། གྲོང་ཁྱེར་གཙོ་བོ། ཁྲང་ཨན། ཞན་དབྱང་། ཧན་ཏན། ཁྲེང་ཏུའུ་སོགས། སྲིད་དབང་ལམ་ལུགས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཧྲང་རྒྱལ་རབས།

ཧྲང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་བྱུང་བའི་རྒྱལ་རབས་གཉིས་པ་ཡིན། མ་ཟད་དུས་མཉམ་ལ་ཡིག་ཐོག་ཏུ་བཀོད་པའི་རྒྱལ་རབས་ཀྱང་ཡིན། དེ་ནི་ཧྲང་ཐང་གིས་སྣེ་འཁྲིད་པའི་ཧྲང་ཚོ་བའི་ཚོ་དཔོན་དག་དང་མཉམ་དུ་ཞ་རྒྱལ་རབས་བསྣུབས་རྗེས་བཙུགས་པའི་རྒྱལ་རབས་ཡིན། རྒྱལ་ས་ཐེངས་མང་གནས་སྤོ་བྱས་མཐར་ཡིན་ནས་རྒྱལ་ས་གཏན་ཆགས་བྱས་ཏེ། ལོ་ཉིས་བརྒྱ་དོན་གསུམ་སོང་བ་རེད། དེ་བས་ཧྲང་རྒྱལ་རབས་ལ་ཧྲང་ངམ་ཡིན་ཧྲང་ཡང་ཟེར་བ་རེད། རྒྱ་ཡིག་གི་མིང་། 商朝 ཕྱི་ཡིག་གི་མིང་། Shang Dynasty བསྡུས་མིང་། ཧྲང་ངམ་དབྱིན་ཧྲང་། རྒྱལ་ས། ཧྲང་ཆིའུ་དང་ཨན་དབྱང་། སྲིད་བསྐྱང་ལོ། སྤྱི་ལོ་སྔོན་གྱི་དུས་རབས17ནས་སྤྱི་ལོ་སྔོན་གྱི་དུས་རབས11

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

སྲིད་དབང་རྒྱུད་འཛིན་ལམ་ལུགས།

ལམ་ལུགས་འདི་ནི་ཀྲུང་གོའི་གནའ་རབས་སྤྱི་ཚོགས་ཀྱི་ཁྲོད་ཁྱིམ་རྒྱུན་གཅིག་གིས་མི་རབས་ནས་མི་རབས་ལ་སྲིད་དབང་རྒྱུད་འཛིན་པ་སྟེ། ཕ་འདས་ན་བུས་སྲིད་དབང་རྒྱུད་འཛིན་པ་དང་། ཕུ་བོ་འདས་ན་ནུ་བོས་དབང་ཆ་རྒྱུད་འཛིན་པའི་ལམ་ལུགས་ལ་ཟེར། ཞ་རྒྱལ་རབས་ནས་བཟུང་སྒེར་དབང་ལམ་ལུགས་འཕེལ་རྒྱས་བྱུང་བས་དབང་ཆ་རྒྱུད་འཛིན་ལམ་ལུགས་བྱུང་ཞིང་། ཀྲུང་གོའི་ལོ་རྒྱུས་སུ་ཧ་ལམ་ལོ་ངོ4000ཙམ་ལ་རྒྱུན་བསྐྱངས། རྒྱ་ཡིག་གི་མིང་། 世袭制 ཕྱི་ཡིག་གི་མིང་།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

སི་མ་དབྱི།

སི་མ་དབྱི་ནི་ཧོ་ནན་ཝིན་རྫོང་ས་ཆའི་མི་ཡིན། རྒྱལ་ཁབ་གསུམ་སྐབས་ཀྱི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་དམག་དོན་པ། འཐབ་ཇུས་པ་དང་ཅིན་ནུབ་མའི་རྒྱལ་རབས་ཀྱི་རྨང་འདིང་མཁན་ཡིན། ཚའོ་ཝེ་སྐབས་སུ་ཏུའུ་ཏུའུ་ཆེན་མོ། དམག་སྤྱི་ཆེན་མོ། ཐའེ་ཝེ་དང་ཐའེ་ཧྥུའུ་སོགས་ཀྱི་འགན་འཁུར་མྱོང་བ་རེད། ཀྲུའུ་ཀོ་ལིའང་གིས་སྣེ་ཁྲིད་པའི་ཧྲུའུ་དམག་གིས་བྱང་ཁུལ་ལ་རྒོལ་བར་བཀག་འགོག་བྱས་ཏེ་དམག་དཔུང་ཕྱིར་དེད་པས་བྱས་རྗེས་ཆེ། རྒྱ་ཡིག་གི་མིང་། 司马懿 མིང་གཞན། ཅིན་ཞོན་ཏི།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

རྒྱལ་བོ་གསུམ་དང་བཙན་པོ་ལྔ།

རྒྱལ་བོ་གསུམ་དང་བཙན་པོ་ལྔ་སྟེ་སན་ཧོང་ཝུའུ་ཏི་ཞེས་འབོད་པ་འདི་དག་ནི་ཀྲུང་གོའི་གནའ་རབས་ལོ་རྒྱུས་སྟེང་མཛད་པ་གཟེངས་སུ་མཐོ་བའི་དཔའ་བོ་མི་སྣ་སྐོར་ཞིག་སྟེ། ཆེས་སྔ་བའི་གནའ་རབས་ལོ་རྒྱུས་ཀྱི་མ་ལག་ཅིག་སྟེ་ཐོག་མར་ཀྲུའུ་ལུའུ་ཞེས་པའི་ཡིག་ཆའི་ནང་དུ་བཀོད་ཡོད་ཅིང་། དེ་དག་མི་སྣ་སུ་སུ་ཡིན་པ་གསལ་བོ་བརྗོད་མེད། གནའ་བོའི་ཡིག་ཆ་ཁག་གི་ཁྲོད་དུའང་བཤད་ཚུལ་གཅིག་མཐུན་ཞིག་བྱུང་མེད། རྒྱ་ཡིག་གི་མིང་། 三皇五帝 ཕྱི་ཡིག་གི་མིང་། Three Sovereigns and Five Emperors རྒྱལ་བོ་གསུམ། གནམ་གྱི་རྒྱལ་པོ། སའི་རྒྱལ་པོ། མིའི་རྒྱལ་པོ། བཙན་པོ་ལྔ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཁུའུ་ཀྲུན།

ཁུའུ་ཀྲུན་ལོ་བཅུ་དགུའི་སྟེང་ཚན་འབྱེད་རྒྱུགས་འདེམས་བླངས་ནས་སྲིད་ལ་ཞུགས། སྤྱི་ལོ1004ལོར་ལིའོ་དམག་གིས་སུང་ལ་དཔུང་འཇུག་བསྟུད་མར་བྱས་པར་ཁུའུ་ཀྲུན་གྱིས་སུང་ཀྲིན་ཙུང་སྐུ་དངོས་གཡུལ་དུ་ཞུགས་ཏེ་འགོག་རྒོལ་བྱ་དགོས་པའི་རེ་བ་ནན་གྱིས་བཏོན། རྗེས་སུ་ཏའེ་ཝེས་ཉེས་མེད་བསྙོན་འཛུགས་བྱས་པས་ལེ་ཀྲོའུ་རུ་མཐར་བསྐྲད་པ་དང་ས་དེ་ནས་ཚེ་ལས་འདས། རྒྱ་ཡིག་གི་མིང། 寇凖(寇准) མིང་གཞན། ཁུའུ་ལའོ་ཞི། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(961-1023.10.24) འཁྲུངས་ཡུལ། ཧྭ་ཀྲོའུ་ཞ་ཀུའེ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

མགོ་དཀྲིས་དམར་པོའི་འོས་ལངས།

མགོ་དཀྲིས་དམར་པོའི་འོས་ལངས་ནི་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་བསླངས་པའི་འོས་ལངས་ཆེ་ཤོས་ཤིག་རེད། དེ་ཡང་ཡོན་རྒྱལ་རབས་དུས་མཇུག་ཏུ་ཞིང་པ་འབུམ་གཅིག་དང་ཁྲི་ལྔ་ཙམ་ལ་རྨ་ཆུའི་ཆུ་རྐ་བརྐོ་རུ་བཅུག་པར་མགོ་འཛིན་དཔོན་པོས་ཞིང་པའི་གླ་ཕོགས་ལྐོག་ཟ་བྱས་པས། ཞིང་པས་འོས་ལངས་བྱུང་བ་དང་མཐར་ཀྲུའུ་ཡོན་ཀྲང་གིས་སྣེ་ཁྲིད་པའི་འོས་ལངས་དམག་གིས་ཡོན་རྒྱལ་རབས་བསྣུབས་པ་རེད། རྒྱ་ཡིག་གི་མིང་། 红巾军起义 དུས་སྐབས། སྤྱི་ལོ(1351-1366) དུས་རབས། ཡོན་རྒྱལ་རབས། བྱུང་ཡུལ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

པའོ་ཀྲེང་།

པའོ་ཀྲེང་ནི་སུང་བྱང་མའི་ཆབ་སྲིད་པ་ཞིག་སྟེ། མིང་ལ་ཁྲིན་ཟེར་ཞིང་ལུའུ་ཀྲོའུ་ཧོ་ཧྥའེ(ད་ལྟའི་ཨན་ཧེའུ་ཞིང་ཆེན་ལ་གཏོགས)ས་ཆའི་མི་རེད། སྤྱི་ལོ1027ལོར་འདེམས་བླངས་ལ་རྒྱུགས་འཕྲོད། སྔ་རྗེས་སུ་ཐན་ཁྲང་གི་རྫོང་དཔོན་དང་ཏན་ཀྲོའུ་ཡི་ཀྲོའུ་དཔོན་སོགས་ལ་བསྐོས། རྗེས་སུ་ཞིབ་དཔྱོད་བློན་ཆེན་ལ་འཕར། རྒྱ་ཡིག་གི་མིང་། 包拯 མིང་གཞན། པའོ་ཀུང་། པའོ་ཞའོ་སུའུ། པའོ་ཆིང་ཐེན། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(999-1062.7.3) འཁྲུངས་ཡུལ། ལུའུ་ཀྲོའུ་ཧོ་ཧྥེ། མི་རིགས། རྒྱ་རིགས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཧྲང་ཀྲོའུ་རྒྱལ་པོ།

ཧྲང་ཀྲོའུ་ནི་ཧྲང་རྒྱལ་རབས་ཀྱི་ཆེས་མཐའ་མའི་རྒྱལ་པོ་སྟེ་རྒྱལ་རབས31པ་རེད། རུས་ལ་ཙི་དང་མིང་ལ་ཞིན་ཞེས་ཟེར་ཞིང་། ཧྲོའུ་ཞེས་ཀྱང་འབོད། ཁོ་རིག་པ་རྣོ་ཞིང་སྟོབས་དང་ལྡན་པ་ཞིག་ཡིན་ཀྱང་། གདུག་རྩུབ་ཆེ་ལ་འདོད་གཡེམ་ལོངས་སྤྱོད་ལ་དགའ། དཔྱ་ཁྲལ་ལྕི་མོ་བསྡུས་ཏེ་འབངས་མི་སེར་ལ་མནར་གཅོད་ཚད་མེད་བཏང་། བློན་པོ་རྣམས་ཀྱང་རང་ཉིད་ཀྱི་སྲོག་ལ་ཉེན་ཁ་ནམ་ཡོང་མི་ཤེས་པའི་ཚད་ལ་སླེབས་པས་སྲིད་དབང་ཚོགས་པ་ཁ་ཐོར་དུ་སོང་། རྒྱ་ཡིག་གི་མིང་། 商纣王 དངོས་མིང་། ཙི་ཧྲོའུ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཀོའུ་ལན།

ཀོའུ་ལན་ནི་སུང་དང་ཡོན་རྒྱལ་རབས་ཀྱི་དུས་སུ་གྲོང་ཁྱེར་དུ་ཟློས་གར་སོགས་རོལ་རྩེད་བྱེད་སའི་གནས་ལ་ཟེར། ཀོའུ་ལན་ལ་དང་ཐོག་ལན་ཀན་ཞེས་ཟེར་ཞིང་། ཐང་རྒྱལ་རབས་ནས་བཟུང་གླུ་བྲོ་དང་འབྲེལ་རྩེད་ར་མང་དུ་ཡོད། དེ་རོལ་རྩེད་ཚོང་གཉེར་བྱེད་ས་ཝ་ཙི་དང་འབྲེལ་བ་ཆེན་པོ་ཡོད། རྒྱ་ཡིག་གི་མིང་། 勾栏 ངོ་སྤྲོད། ཀོའུ་ལན་ནི་སུང་དང་ཡོན་རྒྱལ་རབས་ཀྱི་དུས་སུ་གྲོང་ཁྱེར་དུ་ཟློས་གར་སོགས་རོལ་རྩེད་བྱེད་སའི་གནས་ལ་ཟེར། ཀོའུ་ལན་ལ་དང་ཐོག་ལན་ཀན་ཞེས་ཟེར་ཞིང་། ཐང་རྒྱལ་རབས་ནས་བཟུང་གླུ་བྲོ་དང་འབྲེལ་རྩེད་ར་མང་དུ་ཡོད།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཀྲོའུ་ནུབ་མ།

སྤྱི་ལོ་སྔོན་གྱི་དུས་རབས11པའི་དུས་དཀྱིལ་དུ་ཀྲོའུ་ཝུའུ་ཝང་གིས་དམག་དཔུང་གི་སྣེ་ཁྲིད་དེ་གདུག་རྩུབ་ཅན་གྱི་རྒྱལ་པོ་ཀྲོའུ་ལ་ངོ་རྒོལ་གྱི་གཡུལ་འགྱེད་པར་ཆས། ཧྲང་ཀྲོའུ་རྒྱལ་པོས་གནས་སྐབས་སུ་དམག་དཔུང་ཞིག་བསྡུས་ཏེ་བཀག་འགོག་བྱས་པར། དམག་མི་དེ་དག་གིས་མདུང་ཁ་ཕྱིར་གཏད་ཅིང་། ཀྲོའུ་དམག་ལ་རོགས་རམ་གྱིས་ཧྲང་གི་རྒྱལ་ས་བླངས་ཤིང་ཀྲོའུ་རྒྱལ་རབས་བཙུགས་པ་རེད། ལོ་རྒྱུས་སུ་དེར་ཀྲོའུ་ནུབ་མ་ཟེར། རྒྱ་ཡིག་གི་མིང་། 西周 ཕྱི་ཡིག་གི་མིང་། The Zhou

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཁྲུན་ཆིའུ་དུས་སྐབས།

རུའུ་ལུགས་པའི་སྲོལ་འབྱེད་མཁན་ཁུང་ཙིས་ཚེ་སྨད་དུ་བསྟན་བཅོས་ལྔ་རྩོམ་སྒྲིག་བྱས་པར་གྲགས་པའི་ཁྲོད་ཀྱི《ཁྲུན་ཆིའུ་དེབ་ཐེར》རུ་ཁོའི་ཆབ་སྲིད་ལྟ་བ་དང་སྤྱི་ཚོགས་ལ་བཅངས་པའི་ཕུགས་བསམ་བཏོན་ཡོད་ལ། རྗེས་རབས་པས་དེབ་ཐེར་དེ་རུ་བཀོད་པའི་ལོ་རྒྱུས་དུ་སྐབས་དེ་ལའང་ཁྲུན་ཆིའུ་དུས་སྐབས་ཞེས་བཏགས་པ་རེད། རྒྱ་ཡིག་གི་མིང་། 春秋时期 བསྡུས་མིང་། ཁྲུན་ཆིའུ། ཁོངས་གཏོགས་གླིང་ཆེན། ཡ་གླིང་། རྒྱལ་ས། ལུའོ་དབྱི། གཞུང་ཕྱོགས་ཀྱི་སྐད། ཡཱ་སྐད། (ཞ་རྒྱལ་རབས་སྐབས་ཀྱི་སྐད།) གྲོང་ཁྱེར་གཙོ་བོ། ཧྲང་ཆིའུ། ཝན་ཆིའུ། ལིན་ཙི། ཆུས་ཧྥུའུ་སོགས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

མནའ་མཐུན་ཚོགས་པ་བཙུགས་པ།

མནའ་མཐུན་ཚོགས་པ་ནི་རྒྱལ་ཡོངས་རང་བཞིན་དང་གཅིག་གྱུར་གྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་སྲིད་ཏང་དང་པོ་ཡིན་ཞིང་། དེ་བཙུགས་པ་དེས་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་གསར་བརྗེ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན། རྒྱ་ཡིག་གི་མིང་། 同盟会成立 ཕྱི་ཡིག་གི་མིང་།  The tong Hui alliance was established ཕྱི་ཡིག་གི་མིང་།  The tong Hui alliance was established མི་སྣ། སུན་ཀྲུང་ཧྲན། ཧོང་ཞིན། སུང་ཅའོ་རེན། ཆབ་སྲིད་ཀྱི་རྩ་འཛིན།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

གསར་བརྗེའི་ཕྱོགས་ཁག

དེ་ནི་སུན་ཀྲུང་ཧྲན་གཙོ་བོ་ཡིན་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ཏེ་ལམ་ལུགས་རྙིང་བར་རྡུང་རྡེག་གཏོང་བ་དང་། ལམ་ལུགས་གསར་བ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་ལ་སྐུལ་འདེད་བྱེད་པའི་ནུས་ཤུགས་ཤིག་ཡིན། རྒྱ་ཡིག་གི་མིང་། 革命派 ཕྱི་ཡིག་གི་མིང་། The  Revolutionary མི་སྣ། ཁང་ཡིའུ་ཝེ། ལིའང་ཆི་ཁྲའོ། དུས་ཚོད། མནའ་མཐུན་ཚོགས་པ་བཙུགས་པའི་རྗེས། རྒྱབ་ལྗོངས། མནའ་མཐུན་ཚོགས་པ་བཙུགས་པའི་རྗེས་སུ། ཁང་ཡིའུ་ཝེ་དང་ལིང་ཆི་ཁྲའོ་ཡིས་ཚབ་བྱས་པའི་གོང་མ་སྲུང་བའི་ཕྱོགས་ཁག་གིས་གང་ནུས་ཅི་ཐུབ་སྒོས་ཆིང་སྲིད་གཞུང་གི་དབང་སྒྱུར་སྲུང་སྐྱོབ་བྱས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཀྲུང་ཧྭ་མིན་གོ་དབུ་བརྙེས་པ།

ཀྲུང་ཧྭ་མིན་གོ་ནི་ཆིང་རྒྱལ་རབས་རུལ་སུངས་སུ་གྱུར་བ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བར་གྱི་མིང་དང་ལོ་རྟགས་ཡིན། བསྡུས་མིང་ལ་མིན་གོ་ཟེར། རྒྱ་ཡིག་གི་མིང་། 中华民国诞生 ཕྱི་ཡིག་གི་མིང་། The Republic of China was born དུས་ཚོད། སྤྱི་ལོ1912ལོའི་ཟླ1པའི་ཚེས1ཉིན། མི་སྣ། སུན་ཀྲུང་ཧྲན། ངོ་སྤྲོད། སྤྱི་ལོ1911ལོའི་ལོ་མཇུག་ཏུ། སུན་ཀྲུང་ཧྲན་ཕྱི་རྒྱལ་ནས་ཕྱིར་ཧྲང་ཧའེ་རུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

རིག་གནས་གསར་བའི་ལས་འགུལ།

པེ་དབྱང་དམག་ཤེད་ཅན་གྱིས་དབང་སྒྱུར་བྱེད་པའི་དུས་མགོར། ལོ་ངོ་སྟོང་ཕྲག་དུ་མའི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྡུང་རྡེག་དྲག་པོ་གཏོང་བའི་རིག་གནས་ཀྱི་བློ་སྒོ་འབྱེད་པའི་ལས་འགུལ་ཏེ་རིག་གནས་གསར་བའི་ལས་འགུལ་བསླངས། རྒྱ་ཡིག་གི་མིང་། 新文化运动 ཕྱི་ཡིག་གི་མིང་། New Culture Movement ལས་འགུལ་བསླངས་དུས། སྤྱི་ལོ1915ལོར། མི་སྣ་གཙོ་བོ། ཁྲེན་ཏུའུ་ཞིའུ། རྒྱབ་ལྗོངས། 1  ཆབ་སྲིད་ཀྱི་ཐད་ནས། ལྕགས་ཕག་ལོའི་གསར་བརྗེ་ཕམ་རྗེས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ས་ཁྱི་ལོའི་ལུགས་སྒྱུར།

དེ་ནི་ཆབ་སྲིད་ཀྱི་ལུགས་སྒྱུར་ཞིག་ཡིན་ལ། བསམ་བློ་བཅིངས་འགྲོལ་གྱི་ལས་འགུལ་དང་འབྱོར་ལྡན་གྲལ་རིམ་གྱི་རིག་གནས་ལས་འགུལ་ཞིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 戊戌变法 ཕྱི་ཡིག་གི་མིང་། Reform Movement མི་སྣ་གཙོ་བོ། ཁང་ཡིའུ་ཝེ། ལིའང་ཆི་ཁྲའོ། ཁང་ཡིའུ་ཝེ་དང་ལིའང་ཆི་ཁྲའོ་ཡི་གསར་བཅོས་བསམ་བློ། 1 དཔལ་འབྱོར་ཐད་ནས་མི་རིགས་བཟོ་ཚོང་ལས་རིགས་དར་སྤེལ་བྱས་ཏེ་ཕྱི་རྒྱལ་ལ་ཚོང་རྩོད་བྱེད་པའི་འདོད་བློ་བཏོན་པ།  2 རིག་གནས་ཐད་ནས་སློབ་གྲྭ་གསར་དུ་བཙུགས་ཏེ་ནུབ་ཕྱོགས་ཀྱི་རང་བྱུང་ཚན་རིག་ཤེས་བྱར་སློབ་སྦྱོང་བྱེད་པའི་འདོད་བློ་བཏོན།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཆིང་རྒྱལ་རབས་ཀྱི་དབང་སྒྱུར་ཉམས་ཉེན་ཇེ་དྲག་ཏུ་གྱུར་བ།

མི་རིགས་འབྱོར་ལྡན་གྲལ་རིམ་གྱི་རུ་ཁག་སྔར་ལས་རྒྱ་ཆེ་བ་དང་། འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་བསམ་བློ་དྲིལ་བསྒྲགས་དང་དམངས་གསུམ་རིང་ལུགས་ལག་བསྟར་བྱེད་སྒོ་སྤེལ་བ།མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྲལ་རིམ་བར་གྱི་འཐབ་རྩོད་ལ་རྡུང་རྡེག་དྲག་པོ་བཏང་། རྒྱ་ཡིག་གི་མིང་། 清朝统治危机激化 ཕྱི་ཡིག་གི་མིང་། The crisis of the rule of Qing dynasty intensified དུས་ཚོད། སྤྱི་ལོ1905ལོ། བརྒྱུད་རིམ། 1 སྤྱི་ལོ1905ལོར་ཆིང་སྲིད་གཞུང་གིས་ཙའེ་ཙི་སོགས་བློན་ཆེན་ལྔ་ཕྱི་རྒྱལ་དུ་ཁྲིམས་སྲིད་རྟོག་ཞིབ་བྱེད་པར་མངགས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ས་ཞིང་གསར་བརྗེ།

ས་ཞིང་གསར་བརྗེ་ལས་རྒྱ་ཆེ་བའི་ཞིང་དབུལ་དང་ཞིང་བ་གླ་བ་རྣམས་ཆབ་སྲིད་ཀྱི་ཐོག་ནས་ཡར་ལངས་ཐོབ་པ་དང་། དཔལ་འབྱོར་གྱི་ཐོག་ནས་ས་ཞིང་ཐོབ་ཅིང་། འཚོ་བའི་ཐོག་ནས་ཁེག་ཐེག་བགྱིས། རྒྱལ་ཁའི་འབྲས་བུར་སྲུང་སྐྱོབ་བྱེད་ཆེད། ཁོ་ཚོ་ཧུར་ཐག་གིས་དམག་དང་དམག་འཁྲུག་དུ་ཞུགས་ཏེ། འབད་བརྩོན་བྱས་ནས་ཐོན་སྐྱེད་གོང་དུ་སྤེལ། རྒྱ་ཡིག་གི་མིང་། 土地改革 ཕྱི་ཡིག་གི་མིང་། land reform དུས་ཚོད། སྤྱི་ལོ1931ལོའི་དགུན་ཁར། ངོ་སྤྲོད། ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེའི་གནས་གཞིའི་ས་ཁུལ་ནས་ཡུལ་གྱི་གཤེད་མ་གཏོར་བ་དང་།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཝང་ཅིན་ཝེ་ཚོགས་ཁག་གིས་སྲིད་དབང་རྫུས་མ་བཙུགས།

ཝང་ཅིན་ཝེས་ནན་ཅིན་དུ་འཇའ་ཕན་བཙན་རྒྱལ་རིང་ལུགས་པར་བློ་དཀར་བའི་རྒྱལ་དམངས་སྲིད་གཞུང་རྫུས་མ་བཙུགས་ཏེ། ཝང་གི་སྲིད་དབང་རྫུས་མ་དེ་འཇའ་ཕན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་རྒྱལ་སྲིད་ཇུས་སྤེལ་བའི་འབྱུང་འབྲས་དང་ལག་ཆར་གྱུར། རྒྱ་ཡིག་གི་མིང་། 汪精卫集团的傀儡政权被创建 ཕྱི་ཡིག་གི་མིང་། The puppet regime of the Wang Jingwei group was created བཙུགས་ལོ། སྤྱི་ལོ1940ལོའི་ཟླ3པ། ངོ་སྤྲོད། སྤྱི་ལོ1938ལོའི་སྟོན་ཁར། འཇའ་དམག་གིས་ཀོང་ཀྲོའུ་དང་ཝུའུ་ཧན་བཟུང་རྗེས།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ཀྲུང་གུང་ཀྲུང་དབྱང་གི་ཚོགས་ཆེན་བདུན་པ་འཚོགས་པ།

མའོ་ཙེ་ཏུང་གཙོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཡན་ཨན་དུ་སྐབས་བདུན་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས། རྒྱ་ཡིག་གི་མིང་། 中共中央召开第七次会议 ཕྱི་ཡིག་གི་མིང་། Seventh meeting of the central Committee of the Chinese communist party མི་སྣ། མའོ་ཙེ་ཏུང་། ངོ་སྤྲོད། འཛམ་གླིང་ཡོངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོའི་འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་མ་ཐོབ་གོང་གི་སྤྱི་ལོ1945ལོའི་དཔྱིད་ཀར།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

འཇའ་ཕན་གྱིས་གླེང་མེད་དུ་མགོ་བཏགས་པ།

སྤྱི་ལོ1945ལོའི་ཟླ8པར། སུའུ་ལེན་སྲིད་གཞུང་གིས་འཇའ་ཕན་ལ་དམག་བརྡ་བཏང་སྟེ་ཀྲུང་གོའི་བྱང་ཤར་དུ་དམག་སྐྱོད་བྱས་ཤིང་། འཇའ་ཕན་གྱི་ཀོན་ཏུང་གོ་ཧྲག་དམག་དཔུང་རྡུལ་དུ་བརླགས། རྒྱ་ཡིག་གི་མིང་། 日本无条件的投降 ཕྱི་ཡིག་གི་མིང་། Unconditional surrender of Japan དུས་ཚོད། སྤྱི་ལོ1945ལོའི་ཟླ8པའི་ཚེས15ཉིན། ངོ་སྤྲོད། སྤྱི་ལོ1945ལོའི་ཟླ5པར། ཡོ་རོབ་གླིང་གི་གཡུལ་སའི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་རྒྱལ་ཁའི་ངང་མཇུག་བསྒྲིལ།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།

ལིན་པིའོ་གསར་བརྗེར་ངོ་རྒོལ་ཚོགས་ཁག་རྩ་མེད་དུ་བཏང་།

རིག་གསར་ནས་ལིན་པིའོ་ཡི་གོ་གནས་ཇེ་མཐོར་སོང་། ཏང་གི་ཚོགས་ཆེན་དགུ་བའི་སྟེང་ཁོ་ནི་མའོ་ཙེ་ཏུང་གི་རྒྱུན་འཛིན་པ་ཡིན་པ་གཏན་ལ་ཕབ་པས། ཁོ་གཙོ་ཡིན་པའི་ཚོགས་ཁག་གི་སྟོབས་ཤུགས་འཕེལ་བ་ཧ་ཅང་མགྱོགས། ཚོགས་ཆེན་དགུ་བའི་རྗེས་སུ། ལིན་པིའོ་ཚོགས་ཁག་གིས་དབང་ཆ་འཕྲོག་པར་ཤུགས་སྣོན་པའི་གནས་ཚུལ་དེ་མའོ་ཙེ་ཏུང་གིས་མཁྱེན་པ་རེད། རྒྱ་ཡིག་གི་མིང་། 林彪反革命集团被斩草除根 ཕྱི་ཡིག་གི་མིང་། The Lin Biao counter revolutionary group is. དུས་ཚོད།

རིགས་དབྱེ།   ལོ་རྒྱུས།ཀྲུང་གོའི་ལོ་རྒྱུས།