སུའེ་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའེ་རྒྱལ་རབས།
རྒྱལ་ས་ཏཱ་ཞིང་ལུའོ་དབྱང་ཡིན། རྒྱལ་ས་གཉིས་པ་ཏུང་ཏུའུ་ཡིན། སུའེ་རྒྱལ་རབས་ནི་སྤྱི་ལོ 581 ལོར་བྱང་ཕྱོགས་མི་རིགས་མཉམ་འདྲེས་ཆེན་པོ་དང། ཅང་ནན་ས་ཁུལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། སླར་ཡང་ལོ་ངོ་བཞི་བརྒྱ་ལྷག་ཙམ་བར་སྲིད་དབང་ཁ་ཐོར་འགྱུར་བ་རྣམས་གཅིག་འགྱུར་མཛད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隋朝
ཕྱི་ཡིག་གི་མིང་།
Sui Dynasty
སྲིད་བསྐྱངས་ལོ།
སྤྱི་ལོ 581 — སྤྱི་ལོ618
བསྡུས་མིང་།
སུའེ།
རྒྱལ་ས།
ཏཱ་ཞིང་གྲོང་། ལུའོ་དབྱང་།
གྲོང་ཁྱེར་གཙོ་བོ།
ཐའེ་ཡོན་སོགས།
གཞུང་ཕྱོགས་ཀྱི་སྐད་རིགས།
ཅིན་ལིང་སྐད།
དངུལ་ལོར།
དངུལ་སྒོར་ཁུང་བུ་ཅན།
ཆབ་སྲིད་སྒྲིག་ཁྲིམས།
རྒྱལ་བོས་སྒེར་འཛིན་སྲིད་དབང་།
མི་རིགས་གཙོ་བོ།
རྒྱ་རིགས།
ཆོས་ལུགས་གཙོ་བོ།
སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས།
ཆབ་སྲིད་ལམ་ལུགས།
ཁག་གསུམ་སྡེ་དྲུག་ལམ་ལུགས།
དཔོན་བསྐོ་ལམ་ལུགས།
རྒྱུགས་ལེན་མིང་གདགས་ལམ་ལུགས།
དམག་དོན་ལམ་ལུགས།
གཞུང་དམག་ལམ་ལུགས།
བྱས་རྗེས་གཙོ་བོ།
ཀྲུང་གོ་གཅིག་གྱུར་སོགས།
1 ངོ་སྤྲོད།

རྒྱལ་ས་ཏཱ་ཞིང་ལུའོ་དབྱང་ཡིན། རྒྱལ་ས་གཉིས་པ་ཏུང་ཏུའུ་ཡིན། སུའེ་རྒྱལ་རབས་ནི་སྤྱི་ལོ 581 ལོར་བྱང་ཕྱོགས་མི་རིགས་མཉམ་འདྲེས་ཆེན་པོ་དང། ཅང་ནན་ས་ཁུལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། སླར་ཡང་ལོ་ངོ་བཞི་བརྒྱ་ལྷག་ཙམ་བར་སྲིད་དབང་ཁ་ཐོར་འགྱུར་བ་རྣམས་གཅིག་འགྱུར་མཛད་ཐུབ། དབུས་སྲིད་གཞུང་དུ་ཁག་གསུམ་སྡེ་དྲུག་ལམ་ལུགས་བཙུགས། ས་གནས་སོ་སོར་ཀྲུའུ་དང་ཅུན་རྫོང་བཅས་རིམ་པ་གསུམ་གྱི་འཛིན་སྐྱོང་མཛད། ལྷོ་བྱང་གི་དཔལ་འབྱོར་བརྗེ་རེས་དང་སུའེ་རྒྱལ་རབས་ཀྱི་རྒྱལ་ཡོངས་དབང་སྒྱུར་སྲ་བརྟན་གཏོང་ཆེད་དུ་ལྷོ་ཕྱོགས་ཡུས་ཧན་ནས་བྱང་ཕྱོགས་ཀྲུའུ་ཅུན་བར་མིས་བཟོས་གཙང་པོ་སྐྲུན། དངུལ་སྲང་གི་ལམ་ལུགས་འཐུས་ཚང་བྱས། རྒྱ་ནག་ལྕགས་རི་རིང་པོ་ཡང་རྒྱ་བསྐྱེད་མཛད། ནང་ཆོས་ནི་གཞུང་འབྲེལ་གྱི་ཆོས་ལུགས་སུ་ངོས་འཛིན་གནང། གང་ལྟར་རྗེས་ཀྱི་རྒྱལ་རབས་ཐང་གོང་མའི་སྐབས་གི་སྲིད་དབང་ཐད་ཕན་ཐོགས་ཤུགས་ཆེ་བྱུང། འོན་ཀྱང་དམག་འཁྲུག་དང་ཞིང་བའི་འོས་ལངས། ཝ་ཀང་དམག་སོགས་རྒྱུ་རྐྱེན་མང་དག་ཞུགས་རྐྱེན་སྲིད་དབང་ཁ་འཐོར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།