ཀྲོའུ་ནུབ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ་སྔོན་གྱི་དུས་རབས11པའི་དུས་དཀྱིལ་དུ་ཀྲོའུ་ཝུའུ་ཝང་གིས་དམག་དཔུང་གི་སྣེ་ཁྲིད་དེ་གདུག་རྩུབ་ཅན་གྱི་རྒྱལ་པོ་ཀྲོའུ་ལ་ངོ་རྒོལ་གྱི་གཡུལ་འགྱེད་པར་ཆས། ཧྲང་ཀྲོའུ་རྒྱལ་པོས་གནས་སྐབས་སུ་དམག་དཔུང་ཞིག་བསྡུས་ཏེ་བཀག་འགོག་བྱས་པར། དམག་མི་དེ་དག་གིས་མདུང་ཁ་ཕྱིར་གཏད་ཅིང་། ཀྲོའུ་དམག་ལ་རོགས་རམ་གྱིས་ཧྲང་གི་རྒྱལ་ས་བླངས་ཤིང་ཀྲོའུ་རྒྱལ་རབས་བཙུགས་པ་རེད། ལོ་རྒྱུས་སུ་དེར་ཀྲོའུ་ནུབ་མ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西周
ཕྱི་ཡིག་གི་མིང་།
The Zhou Dynasty
བསྡུས་མིང་།
ཀྲོའུ།
ཁོངས་གཏོགས་གླིང་ཆེན།
ཡ་གླིང་།
ཆབ་སྲིད་ལམ་ལུགས།
གོང་མའི་ལམ་ལུགས།
རྒྱལ་པོ།
ཀྲོའུ་ཝུའུ་ཝང་། ཀྲོའུ་ཁྲེང་ཝང་། ཀྲོའུ་ཁང་ཝང་སོགས།
རྒྱལ་རབས་བཙུགས་དུས།
དུས་རབས11ནང།
རྒྱལ་ས།
ཧའོ་ཅིང་། ལུའོ་ཡི།
གྲོང་ཁྱེར་གཙོ་བོ།
ཁྲའོ་ཀོ། ལིན་ཙི། ཧན་ཏན་སོགས།
མི་རིགས།
ཧྭ་ཞ་རིགས།
རྒྱལ་ཕྲན་གཙོ་བོ།
ཅིན། ཡན། ཆི། ཁྲུའུ། ཝེ་སོགས།
དངུལ་ལོར།
ཁེམ་དབྱིབས་ཟངས་སྒོར། གྲི་སྒོར།
1 ངོ་སྤྲོད།

ལྷ་སྒྲུང《ལྷ་ལ་བཀུར་པའི་སྒྲུང》གི་ནང་དུ་ཀྲོའུ་ཝུའུ་ཝང་གིས་ཀྲོའུ་བཏུལ་བའི་གཏམ་རྒྱུད་ཞིབ་འབྲི་བྱས་ཡོད་པ་དེར་སྒྲོ་བཏགས་ཀྱི་ཆ་ཅུང་མང་ཡང་། གཞི་རྩའི་ནང་དོན་ནི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བ་ཞིག་རེད། སྤྱི་ལོ་སྔོན་གྱི་དུས་རབས11པའི་དུས་དཀྱིལ་དུ་ཀྲོའུ་ཝུའུ་ཝང་གིས་དམག་དཔུང་གི་སྣེ་ཁྲིད་དེ་གདུག་རྩུབ་ཅན་གྱི་རྒྱལ་པོ་ཀྲོའུ་ལ་ངོ་རྒོལ་གྱི་གཡུལ་འགྱེད་པར་ཆས། ཧྲང་ཀྲོའུ་རྒྱལ་པོས་གནས་སྐབས་སུ་དམག་དཔུང་ཞིག་བསྡུས་ཏེ་བཀག་འགོག་བྱས་པར། དམག་མི་དེ་དག་གིས་མདུང་ཁ་ཕྱིར་གཏད་ཅིང་། ཀྲོའུ་དམག་ལ་རོགས་རམ་གྱིས་ཧྲང་གི་རྒྱལ་ས་བླངས་ཤིང་ཀྲོའུ་རྒྱལ་རབས་བཙུགས་པ་རེད། ལོ་རྒྱུས་སུ་དེར་ཀྲོའུ་ནུབ་མ་ཟེར། ཡོངས་གྲགས་སུ་ཀྲོའུ་རྒྱལ་རབས་ལོ་ངོ300ལྷག་ལ་གནས་ཤིང་། ཀྲོའུ་ཝུའུ་ཝང་དང་ཀྲོའུ་ཁྲུན་ཝང་གི་དུས་སྐབས་སུ་བློན་པོ་མཁས་ཅན་ཀྲོའུ་ཀུང་གི་རྒྱབ་སྐྱོར་འོག་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་བྱས་པས་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ། ཡིན་ནའང་ཀྲོའུ་ཝང་དང་མུའུ་ཝང་གི་དུས་སུ་བསྟུད་མར་ཕྱི་ཕྱོགས་ལ་དཔུང་འཇུག་བྱས་པས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་གྱུར། དེའི་རྗེས་སུ་ཤན་ཝང་གི་སྐབས་སུ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཅུང་ཙམ་སླར་སོས་ཀྱང་། ཀྲོའུ་ཡིའུ་ཝང་ཞེས་པའང་ཆང་དང་འདོད་གཡེམ་ལ་གཡེང་ཤིང་བློན་པོ་ངན་པ་མང་པོར་བརྟེན་ཏེ་སྲིད་དོན་ལ་དོ་སྣང་མ་བྱས་པས་སྤྱི་ལོ་སྔོན་གྱི771ལོར་ནུབ་ཕྱོགས་སུ་འཚོ་བའི་ཆོན་རོང་མི་རིགས་ཀྱིས་དམག་དཔུང་དྲངས་ཏེ་ཧའོ་ཅིན(ད་ལྟའི་ཞི་ཨན་ས་ཆ་ཡིན)བདག་ཏུ་བཟང་སྟེ། ཀྲོའུ་ནུབ་མ་བསྣུབས་པ་རེད། ཀྲོའུ་ནུབ་མ་དུས་སྐབས་ནི་ཀྲུང་ཧྭའི་ཆེས་གནའ་རབས་ཀྱི་ཤེས་རིག་ཤིན་ཏུ་དར་བའི་དུས་སྐབས་ཤིག་ཡིན་ལ། དེའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱིས་རྗེས་རབས་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-23

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།