པའོ་ཀྲེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཀྲེང་།
པའོ་ཀྲེང་ནི་སུང་བྱང་མའི་ཆབ་སྲིད་པ་ཞིག་སྟེ། མིང་ལ་ཁྲིན་ཟེར་ཞིང་ལུའུ་ཀྲོའུ་ཧོ་ཧྥའེ(ད་ལྟའི་ཨན་ཧེའུ་ཞིང་ཆེན་ལ་གཏོགས)ས་ཆའི་མི་རེད། སྤྱི་ལོ1027ལོར་འདེམས་བླངས་ལ་རྒྱུགས་འཕྲོད། སྔ་རྗེས་སུ་ཐན་ཁྲང་གི་རྫོང་དཔོན་དང་ཏན་ཀྲོའུ་ཡི་ཀྲོའུ་དཔོན་སོགས་ལ་བསྐོས། རྗེས་སུ་ཞིབ་དཔྱོད་བློན་ཆེན་ལ་འཕར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
包拯
མིང་གཞན།
པའོ་ཀུང་། པའོ་ཞའོ་སུའུ། པའོ་ཆིང་ཐེན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(999-1062.7.3)
འཁྲུངས་ཡུལ།
ལུའུ་ཀྲོའུ་ཧོ་ཧྥེ།
མི་རིགས།
རྒྱ་རིགས།
དུས་སྐབས།
སུང་བྱང་མ།
བྱས་རྗེས།
ཁྲིམས་འཛིན་དྲག་གཞག ངོ་སོ་སྤུ་ཙམ་ཡང་མི་གཏོང་བ།
1 ངོ་སྤྲོད།

པའོ་ཀྲེང་ནི་སུང་བྱང་མའི་ཆབ་སྲིད་པ་ཞིག་སྟེ། མིང་ལ་ཁྲིན་ཟེར་ཞིང་ལུའུ་ཀྲོའུ་ཧོ་ཧྥའེ(ད་ལྟའི་ཨན་ཧེའུ་ཞིང་ཆེན་ལ་གཏོགས)ས་ཆའི་མི་རེད། སྤྱི་ལོ1027ལོར་འདེམས་བླངས་ལ་རྒྱུགས་འཕྲོད། སྔ་རྗེས་སུ་ཐན་ཁྲང་གི་རྫོང་དཔོན་དང་ཏན་ཀྲོའུ་ཡི་ཀྲོའུ་དཔོན་སོགས་ལ་བསྐོས། རྗེས་སུ་ཞིབ་དཔྱོད་བློན་ཆེན་ལ་འཕར། ཁོས་དཔོན་བློན་རྣམས་འདེམས་པར་གཟབ་ནན་དང་། ཚད་ཐིག་མི་ལོངས་པའི་དཔོན་པོ་གོ་ས་ནས་ཕབ་དགོས་པ། དམག་དཔོན་བློ་གྲོས་ཅན་བདམས་ཏེ་དམག་སྦྱོང་བྱས་པ། མཐའ་མཚམས་སྲུང་སྐྱོང་དང་ཆི་ཏན་འགོག་པར་ཤུགས་སྣོན་དགོས་པ་སོགས་ཀྱི་ལྟ་ཚུལ་བཏོན། ཁོ་རང་ཉིད་ཀྱིས་གཞུང་འགན་ཁུར་བའི་སྐབས་སུ་ཁྲིམས་འཛིན་དམ་ཞིང་དྲང་བ་དང་། ཉེ་རིང་ཕྱོགས་ལྷུང་མེད་པ། དབང་ལྡན་སྐུ་དྲག་ཡིན་ཡང་མི་གཡོལ་བ་རེད་དེ། ཁོའི་ཨ་ཞང་ཞིག་ཁྲིམས་དང་འགལ་བར་ཁྲིམས་ལྟར་ལྕག་ཚན་གྱིས་གཞུས་པས་གཉེན་མི་སྤུན་ཟླ་ཡིན་ཡང་ཁྲིམས་འགལ་གྱི་ལས་བསྒྲུབས་མི་ཐུབ་པར་བཤད། སྤྱི་ལོ1061ལོར་ཀྲུང་དབྱང་ལས་གྲྭའི་དཔོན་པོ་གཞོན་པའི་འགན་ཁུར། དེའི་ཕྱིར་ལོར་ནད་བྱུང་ནས་ཚེ་ལས་འདས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-21

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།