ཀྲོའུ་རྒྱལ་རབས།

ཀྲོའུ་རྒྱལ་རབས་ནི་ཀྲུང་གོའི་རྒྱལ་རབས་ཐོག་དུས་ཡུན་རིང་ཤོས་ཀྱི་རྒྱལ་རྒྱུད་ཞིག་ཡིན། དུས་ཡུན་ལོ་ངོ 1300 ལྷག་ཙམ་གྱི་ལོ་རྒྱུས་ལྡན།

རིགས་དབྱེ།  

ཆིང་རྒྱལ་རབས།

ཆིང་རྒྱལ་རབས་ནི་གོང་མའི་རྒྱལ་རབས་མཐའ་མ་དེ་ཡིན་པ་དང་མན་ཇུ་རིགས་ཀྱིས་འཛིན་སྐྱོང་བྱས། དེ་ནི་རྒྱ་རིགས་མ་ཡིན་པས་རིགས་ཀྱི་དུས་རབས་གཉིས་པ་དེ་ཡིན། མན་ཇུ་བ་རྣམས་ལ་དེ་སྔོན་ཇུར་ཆེན་ཞེས་འབོད་པ་དང་མིང་རྒྱལ་རབས་ཀྱི་སྐབས་བྱང་ཤར་མཚམས་ཀྲུང་གོའི་ལྕགས་རི་རིང་པོའི་ཕྱི་ངོས་སུ་གནས་སྡོད་བྱེད་ཀྱི་ཡོད།

རིགས་དབྱེ།  

ཀྲན་གོ

ཀྲན་གོའི་སྐབས་སུ་རྒྱལ་ཕྲན་བདུན་བྱུང་ལ། དེ་དག་ནི་ཆིན་དང་ཁྲུའུ། ཧན་དང་ཀྲའོ། ཝེ་དང་ཆི། ཡན་སོགས་ནི་སྐབས་དེར་རྒྱལ་ཕྲན་བཙན་པོ་བདུན་ཏུ་འབོད་པ་ཡིན།

རིགས་དབྱེ།  

ཧྲང་རྒྱལ་རབས།

ཧྲང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་བྱུང་བའི་རྒྱལ་རབས་གཉིས་པ་ཡིན། མ་ཟད་དུས་མཉམ་ལ་ཡིག་ཐོག་ཏུ་བཀོད་པའི་རྒྱལ་རབས་ཀྱང་ཡིན། དེ་ནི་ཧྲང་ཐང་གིས་སྣེ་འཁྲིད་པའི་ཧྲང་ཚོ་བའི་ཚོ་དཔོན་དག་དང་མཉམ་དུ་ཞ་རྒྱལ་རབས་བསྣུབས་རྗེས་བཙུགས་པའི་རྒྱལ་རབས་ཡིན། རྒྱལ་ས་ཐེངས་མང་གནས་སྤོ་བྱས་མཐར་ཡིན་ནས་རྒྱལ་ས་གཏན་ཆགས་བྱས་ཏེ། ལོ་ཉིས་བརྒྱ་དོན་གསུམ་སོང་བ་རེད། དེ་བས་ཧྲང་རྒྱལ་རབས་ལ་ཧྲང་ངམ་ཡིན་ཧྲང་ཡང་ཟེར་བ་རེད།

རིགས་དབྱེ།  

ཁྲུན་ཆིའུ་ཀྲན་གོའི་དུས་རབས།

སྤྱི་ལོའི་གོང་ཀྱི་དུས་རབས8པའི་ནང། ཁྲུན་ཆིའུ་ཀྲན་གོའི་དུས་རབས་སྐབས་ཆབ་སྲིད་ཀྱི་དབང་ཤུགས་ཕྱོགས་བགོས་སུ་ཕྱིན། མིང་དེ་ལྟར་དཔྱིད་དུས་དང་སྟོན་དུས་ཞེས་པའི་ལོ་རྒྱུས་དེབ་ཐེར་གྱི་ཤུགས་རྐྱེན་འོག་འཐོབ།

རིགས་དབྱེ།  

སུའེ་རྒྱལ་རབས།

རྒྱལ་ས་ཏཱ་ཞིང་ལུའོ་དབྱང་ཡིན། རྒྱལ་ས་གཉིས་པ་ཏུང་ཏུའུ་ཡིན། སུའེ་རྒྱལ་རབས་ནི་སྤྱི་ལོ 581 ལོར་བྱང་ཕྱོགས་མི་རིགས་མཉམ་འདྲེས་ཆེན་པོ་དང། ཅང་ནན་ས་ཁུལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། སླར་ཡང་ལོ་ངོ་བཞི་བརྒྱ་ལྷག་ཙམ་བར་སྲིད་དབང་ཁ་ཐོར་འགྱུར་བ་རྣམས་གཅིག་འགྱུར་མཛད་པ་དེ་ཡིན།

རིགས་དབྱེ།  

ཐང་རྒྱལ་རབས།

ཐང་རྒྱལ་རབས་བཙུགས་རྗེས་ཁག་གསུམ་སྡེ་དྲུག་དང་བོགས་གླ་བསྡུ་གསུམ་གྱི་ལམ་ལུགས་མུ་མཐུད་དུ་ལག་བསྟར་བྱས། ཐང་ཐའེ་ཙུང་གི་སྐབས་སུ་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་གོང་དུ་འཕེལ་བར། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤིན་ཏུ་རྒྱས་པའི་ཀྲིན་ཀོན་ཁྲི་ལོའི་སྲིད་སྐྱོང་ཟེར་བ་བྱུང་། དེའི་རྗེས་སུ་སྲིད་འགྱུར་ཅུང་ཆེ་སྟེ། བཙུན་མོ་ཝུའུ་ཙི་ཐེན་རྒྱལ་པོར་བསྡད་ནས་རྒྱལ་མིང་ཀྲོའུ་རུ་བསྒྱུར་བ་སོགས་བྱུང་།

རིགས་དབྱེ།  

ཀྲུང་དབྱང་དབང་ཆ་གཅིག་སྡུད་ལམ་ལུགས།

ཧན་ཝུའུ་ཏིས་ཐུགས་རྗེ་གཞན་སྤེལ་གྱི་བཀའ་ཁྱབ་བསྒྲགས་བྱས་པ་དེ་ནི་རྒྱལ་ཕྲན་རྒྱལ་པོ་རྣམས་ཀྱིས་རང་ཉིད་ཀྱི་བུ་རྒྱུད་རྣམས་ལ་ས་ཁོངས་དང་ས་ཞིང་གི་སྐལ་བགོས་ཏེ་རྒྱལ་ཕྲན་རྒྱལ་ཕྲན་གསར་བ་བཙུགས་པ་དེ་རེད། དེ་ཕྱི་ཚུལ་དུ་རྒྱལ་ཕྲན་སོ་སོར་གཟིགས་བཟོས་གནང་པ་ཞིག་ཏུ་མཐོང་རུང་། དོན་དུ་རྒྱལ་ཕྲན་སོ་སོའི་སྟོབས་ཤུགས་མཉམ་རྒུད་དུ་བཏང་ནས་ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་དུ་གཏོང་ཐབས་ཤིག་རེད།

རིགས་དབྱེ།  

ཀྲོའུ་ནུབ་མ།

སྤྱི་ལོ་སྔོན་གྱི་དུས་རབས11པའི་དུས་དཀྱིལ་དུ་ཀྲོའུ་ཝུའུ་ཝང་གིས་དམག་དཔུང་གི་སྣེ་ཁྲིད་དེ་གདུག་རྩུབ་ཅན་གྱི་རྒྱལ་པོ་ཀྲོའུ་ལ་ངོ་རྒོལ་གྱི་གཡུལ་འགྱེད་པར་ཆས། ཧྲང་ཀྲོའུ་རྒྱལ་པོས་གནས་སྐབས་སུ་དམག་དཔུང་ཞིག་བསྡུས་ཏེ་བཀག་འགོག་བྱས་པར། དམག་མི་དེ་དག་གིས་མདུང་ཁ་ཕྱིར་གཏད་ཅིང་། ཀྲོའུ་དམག་ལ་རོགས་རམ་གྱིས་ཧྲང་གི་རྒྱལ་ས་བླངས་ཤིང་ཀྲོའུ་རྒྱལ་རབས་བཙུགས་པ་རེད། ལོ་རྒྱུས་སུ་དེར་ཀྲོའུ་ནུབ་མ་ཟེར།

རིགས་དབྱེ།  

ཁྲུན་ཆིའུ་དུས་སྐབས།

རུའུ་ལུགས་པའི་སྲོལ་འབྱེད་མཁན་ཁུང་ཙིས་ཚེ་སྨད་དུ་བསྟན་བཅོས་ལྔ་རྩོམ་སྒྲིག་བྱས་པར་གྲགས་པའི་ཁྲོད་ཀྱི《ཁྲུན་ཆིའུ་དེབ་ཐེར》རུ་ཁོའི་ཆབ་སྲིད་ལྟ་བ་དང་སྤྱི་ཚོགས་ལ་བཅངས་པའི་ཕུགས་བསམ་བཏོན་ཡོད་ལ། རྗེས་རབས་པས་དེབ་ཐེར་དེ་རུ་བཀོད་པའི་ལོ་རྒྱུས་དུ་སྐབས་དེ་ལའང་ཁྲུན་ཆིའུ་དུས་སྐབས་ཞེས་བཏགས་པ་རེད།

རིགས་དབྱེ།  

ཁྲུན་ཆིའུ་དུས་སྐབས།

རུའུ་ལུགས་པའི་སྲོལ་འབྱེད་མཁན་ཁུང་ཙིས་ཚེ་སྨད་དུ་བསྟན་བཅོས་ལྔ་རྩོམ་སྒྲིག་བྱས་པར་གྲགས་པའི་ཁྲོད་ཀྱི《ཁྲུན་ཆིའུ་དེབ་ཐེར》རུ་ཁོའི་ཆབ་སྲིད་ལྟ་བ་དང་སྤྱི་ཚོགས་ལ་བཅངས་པའི་ཕུགས་བསམ་བཏོན་ཡོད་ལ། རྗེས་རབས་པས་དེབ་ཐེར་དེ་རུ་བཀོད་པའི་ལོ་རྒྱུས་དུ་སྐབས་དེ་ལའང་ཁྲུན་ཆིའུ་དུས་སྐབས་ཞེས་བཏགས་པ་རེད།

རིགས་དབྱེ།  

གནའ་དཔེ་བསྲེགས་ནས་རུའུ་ལུགས་དགག་པ།

དེ་ནི་ཆིན་ཧྲི་ཧོང་གིས་རྒྱལ་ཕྲན་དྲུག་པོ་གཅིག་གྱུར་བྱས་རྗེས་བསམ་བློའི་རིག་གནས་དབང་དུ་བསྡུ་ཆེད་སྤེལ་བའི་བྱ་ཐབས་ཤིག དེ་ལས་རུའུ་ལུགས་ཀྱི་བསྟན་བཅོས་མང་པོ་མེར་བསྲེགས་པ་དང་དེའི་རྗེས་འབྲངས་པ་སོགས་ས་འོག་ཏུ་གསོན་སྦས་བྱས་པ་རེད།

རིགས་དབྱེ།  

གོ་གནས་གཞན་སྤྲོད་ལམ་ལུགས།

གོ་གནས་གཞན་སྤྲོད་ལམ་ལུགས་ནི་ཀྲུང་གོའི་གནའ་དུས་སུ་ཚོ་བའི་འགོ་བ་དེ་ཚོ་མི་ཡོངས་ཀྱིས་དམངས་གཙོས་བདམས་པའི་ལམ་ལུགས་ཤིག་སྟེ། ཚོ་བའི་མནའ་འབྲེལ་ལ་མནའ་འབྲེལ་གྲོས་འདུ་བཙུགས་ཡོད་པ་དང་། གྲོས་མི་ནི་རུས་རྒྱུད་ཚོ་བའི་འགོ་བ་རེད།

རིགས་དབྱེ།  

དར་ཚོ་བརྒྱད་ཀྱི་ལམ་ལུགས།

དར་ཚོ་བརྒྱད་ཀྱི་ལམ་ལུགས་ནི་ཆིང་རྒྱལ་རབས་ཀྱི་དམག་དོན་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས་ཀྱི་གཞི་རྩ་སྟེ། དར་ཚོ་བརྒྱད་ནི་ཆི་སེར་པོ་དང་དཀར་པོ། དམར་པོ། སྔོན་པོ་བཅས་རེད། དེའི་རྗེས་སུ་གོང་གི་ཁ་དོག་བཞི་བོའི་སྟེང་ཤན་བཏང་བས་དར་ཚོ་བརྒྱད་ཅེས་ཟེར། ནུའུ་ཨེར་ཧ་ཁྲིས་ཐོག་མར་བཙུགས།

རིགས་དབྱེ།  

པའོ་ཀྲེང་།

པའོ་ཀྲེང་ནི་སུང་བྱང་མའི་ཆབ་སྲིད་པ་ཞིག་སྟེ། མིང་ལ་ཁྲིན་ཟེར་ཞིང་ལུའུ་ཀྲོའུ་ཧོ་ཧྥའེ(ད་ལྟའི་ཨན་ཧེའུ་ཞིང་ཆེན་ལ་གཏོགས)ས་ཆའི་མི་རེད། སྤྱི་ལོ1027ལོར་འདེམས་བླངས་ལ་རྒྱུགས་འཕྲོད། སྔ་རྗེས་སུ་ཐན་ཁྲང་གི་རྫོང་དཔོན་དང་ཏན་ཀྲོའུ་ཡི་ཀྲོའུ་དཔོན་སོགས་ལ་བསྐོས། རྗེས་སུ་ཞིབ་དཔྱོད་བློན་ཆེན་ལ་འཕར།

རིགས་དབྱེ།  

མགོ་དཀྲིས་དམར་པོའི་འོས་ལངས།

མགོ་དཀྲིས་དམར་པོའི་འོས་ལངས་ནི་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་བསླངས་པའི་འོས་ལངས་ཆེ་ཤོས་ཤིག་རེད། དེ་ཡང་ཡོན་རྒྱལ་རབས་དུས་མཇུག་ཏུ་ཞིང་པ་འབུམ་གཅིག་དང་ཁྲི་ལྔ་ཙམ་ལ་རྨ་ཆུའི་ཆུ་རྐ་བརྐོ་རུ་བཅུག་པར་མགོ་འཛིན་དཔོན་པོས་ཞིང་པའི་གླ་ཕོགས་ལྐོག་ཟ་བྱས་པས། ཞིང་པས་འོས་ལངས་བྱུང་བ་དང་མཐར་ཀྲུའུ་ཡོན་ཀྲང་གིས་སྣེ་ཁྲིད་པའི་འོས་ལངས་དམག་གིས་ཡོན་རྒྱལ་རབས་བསྣུབས་པ་རེད།

རིགས་དབྱེ།  

མིང་རྒྱལ་རབས།

མིང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་རྒྱ་མི་རིགས་ཀྱིས་བཙུགས་པའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཆེས་རྗེས་མ་དེ་རེད། ཀྲུའུ་ཡོན་ཀྲང་ནས་བཟུང་མིང་རྒྱལ་རབས་ཀྱིས་གོང་མའི་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་ཤུགས་བསྣན་པས་གོང་མའི་དབང་ཆ་ཤིན་ཏུ་ཆེ། ཧྲི་མུའུ་དུས་འགྱུར་གྱི་རྗེས་ནས་བཟུང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་གྱུར་པ་དང་། ཉུག་རུམ་པས་སྲིད་ལ་ཐེ་གཏོགས་བྱས། མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཞིང་། སྤྱི་ལོ1644ལོར་ལི་ཙི་ཁྲེང་གི་སྣེ་ཁྲིད་འོག་ཞིང་པའི་འོས་ལངས་དམག་པེ་ཅིང་ལ་སླེབས་ཏེ་མིང་རྒྱལ་རབས་བསྣུབས།

རིགས་དབྱེ།  

འཇང་ས་དམ་རྒྱལ་ཁབ།

དུས་རབས་བདུན་པའི་དུས་མགོར་དབྱི་རིགས་དང་པའེ་རིགས་ཀྱི་མེས་པོ་ཚོ་བ་དྲུག་ཡུན་ནན་གྱི་མཚོ་ཨེར་ཧའེ་ཡི་རྒྱུད་དུ་གནས་ཤིང་འཚོ། དེའི་ཁྲོད་ལྷོ་ཕྱོགས་སུ་གནས་པའི་འཇང་ས་དམ་རིམ་བཞིན་སྟོབས་དང་ལྡན་པར་གྱུར་ནས་སྤྱི་ལོ649ལོར་སྲིད་དབང་བཙུགས། དུས་རབས་བརྒྱད་པའི་དུས་མགོར་འཇང་ས་དམ་གྱི་འགོ་བ་ཡི་ཕི་ལུའོ་ཀོ་ཡིས་ཐང་ཞོན་ཙུང་གི་རྒྱབ་སྐྱོར་འོག་ཚོ་བ་དྲུག་པོ་གཅིག་གྱུར་བྱས་པ་རེད།

རིགས་དབྱེ།  

འཇམ་དབྱངས་གོང་མ་རྒྱལ་པོ།

རྒྱ་ནག་གོང་མ་རྒྱལ་པོ་རིམ་བྱོན་ལ་ཟེར།

རིགས་དབྱེ།  

གསར་གཏོད་ཆེན་པོ་བཞི།

མེ་རྫས་དང་ཕྱོགས་སྟོན་འཁོར་ལོ། ཤོག་བཟོ་ལག་རྩལ། འབྲུ་སྒྲིག་པར་འདེབས་ལག་རྩལ་བཅས་གསར་གཏོད་ཆེན་པོ་བཞི་ནི་ཀྲུང་གོའི་གནའ་རབས་ཀྱི་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ཡིན།

རིགས་དབྱེ།  

ཅུན་ཞན་ལམ་ལུགས།

ཅུན་ཞན་ལམ་ལུགས་ནི་ཁྲུན་ཅིའུ་ཀྲན་གོའི་དུས་སྐབས་སུ་རིམ་གྱིས་ཆགས་པའི་ས་གནས་སྲིད་འཛིན་ལམ་ལུགས་ཤིག་ཡིན།

རིགས་དབྱེ།  

གདུང་རྒྱུད་འབྲེལ་བའི་ལམ་ལུགས།

ཕ་རྒྱུད་ཉེ་རིང་ལ་བརྟེན་ནས་ཆབ་སྲིད་ཀྱི་རིམ་པ་རྒྱུན་སྐྱོང་དང་རྒྱལ་ཁབ་ལ་དབང་སྒྱུར་བ་ཇེ་བརྟན་དུ་གཏོང་བའི་ལམ་ལུགས་ཤིག་ཡིན།

རིགས་དབྱེ།  

ཧྥེ་ཧྲུའེ་དམག་འཐབ།

སྤྱི་ལོ383ལོར། ཧྥུ་ཅན་གྱིས་དམག་མི་བརྒྱད་འབུམ་ལྷག་བསྡུས་ཏེ་དམག་ཐེངས་གཅིག་གིས་ཅིན་ཤར་མ་རྩ་མེད་དུ་གཏོང་རྩིས་བྱས། ཆིན་དམག་གི་གདོང་ལེན་དམག་དཔུང་དང་ཅིན་ཤར་མའི་དམག་དཔུང་ཁྲི8ཙམ་ཧྥེ་ཧྲུའེ་ཆུ་བོའི་འགྲམ་གཉིས་སུ་ཁ་གཏད་དུ་ལངས། ཅིན་ཤར་མའི་དམག་དཔོན་གྱིས་ཅུན་དམག་ཆུ་བོར་བརྒལ་ཏེ་ཆིན་དམག་དང་རྒྱལ་ཕམ་དབྱེ་འབྱེད་ཀྱི་དམག་འཐབ་བྱེད་བདེ་བའི་ཆེད་དུ། ཆིན་དམག་ཅུང་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་བཏོན།

རིགས་དབྱེ།  

དར་གོས་ཚོང་ལམ།

ཀྲང་ཆན་ནུབ་ཡུལ་དུ་ཕོ་ཉར་བསྐྱོད་རྗེས། ཧན་རྒྱལ་རབས་ཀྱི་ཕོ་ཉ་དང་ཚོང་བ་དག་གཅིག་རྗེས་གཉིས་མཐུད་དུ་ནུབ་ཡུལ་དུ་སྐྱོད་པ་དང་། ནུབ་ཡུལ་གྱི་ཕོ་ཉ་དང་ཚོང་བ་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཤར་ཕྱོགས་སུ་འོངས། ཁོ་ཚོས་ཀྲུང་གོའི་དར་གོས་དང་སི་བཏགས་སོགས་ཀྲང་ཨན་ནས་རྨ་ནུབ་དོག་ལམ་དང་དེང་གི་ཞིན་ཅང་བརྒྱུད་དེ་ཡ་གླིང་ནུབ་མར་སྐྱེལ་ཞིང་། དེ་ནས་ཡོབ་གླིང་དུ་བརྒྱུད་འདྲེན་བྱེད་ལ། ཡང་ནུབ་ཡུལ་གྱི་རྒྱལ་ཁབ་སོ་སོའི་རྒྱུ་ནོར་རྩ་ཆེན་ཀྲུང་གོའི་ནང་ལོགས་སུ་འདྲེན་པ་རེད། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འབྲེལ་ལམ་བརྒྱུད་པའི་སྐམ་སའི་འགྲུལ་ལམ་གནད་ཆེ་ས་དེ་ནི་ལོ་རྒྱུས་ཐོག་མིང་དུ་གྲགས་པའི་དར་གོས་ཚོང་ལམ་ཞེས་པ་དེ་ཡིན།

རིགས་དབྱེ།  

ཀྲོའུ་རྒྱལ་རབས་ནུབ་མའི་ཁྱིམ་རྒྱུད་ལམ་ལུགས།

ཀྲོའུ་རྒྱལ་རབས་ནུབ་མའི་ཁྱིམ་རྒྱུད་ལམ་ལུགས་ནི་སྐུ་དྲག་བར་གྱི་དབང་ཆ་དང་རྒྱུ་ནོར། ས་ཞིང་རྒྱུད་འཛིན་བྱེད་པའི་བཅས་ཀྱི་འགལ་བ་སེལ་ཆེད་དུ། ཀྲོའུ་རྒྱལ་རབས་ནུབ་མས་ཆབ་སྲིད་ཀྱི་ངོ་བོ་ལྡན་པའི་ཁྱིམ་རྒྱུད་ལམ་ལུགས་ཤིག་ལག་བསྟར་བྱས་པ་དེ་ཡིན།

རིགས་དབྱེ།  

ཆིན་རྒྱལ་རབས་ཀྱི་གཅིག་གྱུར།

ཀྲོའུ་རྒྱལ་རབས་ནུབ་མའི་མཇུག་ཏུ་རྒྱལ་ཕྲན་སོ་སོའི་བར་ལ་ཛ་དྲག་གི་དམག་འཁྲུག་བྱུང་ཞིང་ཆིན་རྒྱལ་ཕྲན་གྱི་ས་རྒྱལ་ཕྲན་གཞན་པ་རྣམས་ཚར་བཅད་དེ་རྒྱལ་ཕྲན་སོ་སོས་ཡུལ་གྲུ་བཅད་བཟུང་བྱས་པའི་རྣམ་པ་མཇུག་སྒྲིལ་བར་བྱས་པ་དེར་ཆིན་རྒྱལ་རབས་ཀྱི་གཅིག་གྱུར་ཟེར།

རིགས་དབྱེ།  

ཧོང་ཏིའི་ལམ་ལུགས།

ཧོང་ཏིའི་ལམ་ལུགས་ནི་ཆིན་རྒྱལ་རབས་ཀྱི་གོང་མ་ཡིང་ཀྲེང་གིས་རང་ཉིད་ལ་ཧོང་ཏི་ཞེས་པའི་པའི་ཆོ་ལོ་བསྩལ་རྗེས་ཀྲུང་དབྱང་ནས་ས་གནས་བར་དུ་ཀུན་གྱིས་བརྩི་སྲུང་བྱེད་པའི་དཔོན་པོའི་ལམ་ལུགས་ཤིག་བཙུགས་པ་དེ་ཡིན།

རིགས་དབྱེ།  

ཧན་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས།

ཧན་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ནི་ཆིན་རྒྱལ་རབས་ཀྱི་ཅུན་ཞན་ལམ་ལུགས་ལ་ལད་ཟློས་བྱས་ཏེ་བྱུང་བ་ཞིག་ཡིན།

རིགས་དབྱེ།  

ཐང་རྒྱལ་རབས་ཀྱི་ཆབ་སྲིད་ཉམས་རྒུད།

འདིར་ཐང་རྒྱལ་རབས་སྐབས་སུ་ཀྲུང་དབྱང་གཅིག་སྡུད་དབང་ཆ་ཉམས་རྒུད་དུ་སོང་བའི་གནས་ཚུལ་རགས་རམ་ཞིག་བཀོད་ཡོད།

རིགས་དབྱེ།  

སུང་བྱང་མའི་ཀྲུང་དབྱང་དབང་ཆ་གཅིག་སྡུད་ལམ་ལུགས།

ཐང་རྒྱལ་རབས་སྐབས་སུ་ཉམས་རྒུད་དུ་གྱུར་བའི་ཀྲུང་དབྱང་དབང་ཆ་གཅིག་སྡུད་ལམ་ལུགས་དེ་སུང་བྱང་མའི་སྐབས་སུ་ཡང་བསྐྱར་ཤུགས་བསྣན་ཏེ་སླར་གསོ་བྱས།

རིགས་དབྱེ།