གསར་གཏོད་ཆེན་པོ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསར་གཏོད་ཆེན་པོ་བཞི།
མེ་རྫས་དང་ཕྱོགས་སྟོན་འཁོར་ལོ། ཤོག་བཟོ་ལག་རྩལ། འབྲུ་སྒྲིག་པར་འདེབས་ལག་རྩལ་བཅས་གསར་གཏོད་ཆེན་པོ་བཞི་ནི་ཀྲུང་གོའི་གནའ་རབས་ཀྱི་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四大发明
ཕྱི་ཡིག་གི་མིང་།
Four Great Inventions
གསར་གཏོད་དུས་ཚོད།
ཀྲུང་གོ་གནའ་རབས།
ཐོག་མར་འདོན་མཁན།
ཨེ་ཡེ་ཟིག
1 གོ་དོན།

མེ་རྫས་དང་ཕྱོགས་སྟོན་འཁོར་ལོ། ཤོག་བཟོ་ལག་རྩལ། འབྲུ་སྒྲིག་པར་འདེབས་ལག་རྩལ་བཅས་གསར་གཏོད་ཆེན་པོ་བཞི་ནི་ཀྲུང་གོའི་གནའ་རབས་ཀྱི་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ཡིན།

2 ལོ་རྒྱུས་འཕེལ་རིམ།

ཧན་རྒྱལ་རབས་ནུབ་མའི་དུས་སྟོན་ནས་ཀྲུང་གོར་ཤོག་བུ་མཆིས། སྤྱི་ལོ105ལོར། ཧན་རྒྱལརབས་ཤར་མའི་ཉུག་རུམ་པ་ཚའེ་ལུན་ཞེས་པས་ཤོག་བུ་བཟོས་ཤིང་། མི་རྣམས་ཀྱིས་དེར་ཚའེ་ཚང་གི་ཤོག་བུ་ཟེར། ཤོག་བུ་གསར་གཏོད་དང་ལེགས་བཅོས་བྱས་པ་དེ་ནི་ཡི་གེ་འབྲི་སའི་རྒྱུ་ཆའི་ཐད་ཀྱི་གསར་བརྗེ་རླབས་ཆེན་ཞིག་ཡིན། སུའེ་དང་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ། ཀྲུང་གོར་དཔར་བརྐོའི་པར་འདེབས་ལག་རྩལ་བྱུང་། སུང་རྒྱལ་རབས་ཀྱི་དུས་སྐབས་ནི་དཔར་བརྐོའི་པར་འདེབས་ལག་རྩལ་གྱི་རྫོགས་ལྡན་དུས་རབས་ཡིན་ཞིང་། མི་རྣམས་ཀྱིས་སྐབས་དེར་ཚོན་ལྡན་པར་འདེབས་ལག་རྩལ་བཀོལ་སྤྱོད་བྱས། སུང་རྒྱལ་རབས་ཀྱི་པར་བརྐོས་ནི་རྗེས་རབས་ཀྱི་དཔེ་ཆ་ཉར་བསྡུ་པས་གཅེས་ནོར་དུ་བརྩི། དུས་རབས11པའི་དུས་དཀྱིལ་དུ། སུང་བྱང་མའི་མི་སེར་པི་ཧྲིན་གྱིས་འདམ་བཟོས་ཡིག་སྒྲིག་པར་སྐྲུན་ལག་རྩལ་གསར་གཏོད་བྱས་དེའི་མ་རྩ་དམའ་བའི་ཁར་སྟབས་བདེ་ཡང་ཡིན་པས། པར་སྐྲུན་ལས་རིགས་ཐད་ཀྱི་གསར་བརྗེ་ཆེན་པོ་ཞིག་ཡིན།

ཀྲུང་གོའི་གནའ་རབས་ཀྱི་སྨན་རིལ་འདུལ་སྦྱོང་པས་སྨན་རིལ་འདུལ་སྐབས་མེ་རྫས་གསར་གཏོད་བྱས་པ་ཡིན། ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་མེ་རྫས་དེ་ཐོག་མར་དམག་དོན་ཐད་དུ་བཀོལ་སྤྱོད་བྱས། མེ་རྫས་མཚོན་ཆ་ཆེས་སྔ་བ་ལ་རྫས་རྫོང་མདའ་དང་འཕུར་མདའ། མེ་སྒྱོགས་སོགས་ཡོད། སུང་རྒྱལ་ཀྱིས་ལིའོ་དང་མི་ཉག ཅིན་བཅས་ཀྱི་དཔུང་འཇུག་འགོག་ཆེད་དམག་དོན་ཐད་དུ་མེ་རྫས་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས།

འཛམ་གླིང་སྟེང་གི་ཆེས་སྔ་བའི་ཕྱོགས་སྟོན་འཁོར་ལོ་ནི་ཀྲུང་གོའི་ཀྲན་གོའི་དུས་སྐབས་སུ་གསར་གཏོད་བྱས་པའི་ལྷོ་ཕྱོགས་སྟོན་ཆས་དེ་ཡིན། དེའི་རྗེས་སུ་མི་རྣམས་ཀྱིས་རྡོ་ཁབ་ལེན་གྱི་རང་བཞིན་ཁྱད་པར་ཅན་བེད་སྤྱད་དེ་ཕྱོགས་སྟོན་འཁོར་ལོ་བཟོས། སུང་རྒྱལ་རབས་བྱང་མའི་སྐབས་སུ། ཕྱོགས་སྟོན་འཁོར་ལོ་མཚོ་འགྲུལ་ཐད་དུ་བཀོལ་སྤྱོད་བྱས། གསར་གཏོད་ཆེན་པོ་བཞི་བྱུང་རྗེས་དེ་དག་རིམ་བཞིན་འཛམ་གླིང་དུ་ཁྱབ། ཤོག་བཟོ་ལག་རྩལ་ཨ་རབ་པ་བརྒྱུད་ནས་ཡོབ་གླིང་དུ་སྤེལ་ཅིང་། རིན་གོང་དམའ་བའི་ཤོག་བུས་མགྱོགས་མྱུར་དུ་ཡོབ་གླིང་ནས་དུས་ཡུན་རིང་པོར་བཀོལ་སྤྱོད་བྱེད་བཞིན་པའི་ཡི་གེ་འབྲི་སའི་ལུགས་ལྤགས་དང་བེའུ་ལྤགས་ཀྱི་ཚབ་བྱས་ཏེ། ཡོབ་གླིང་གི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བྱས། མེ་རྫས་ཡོབ་གླིང་དུ་ཁྱབ་རྗེས། ཡོབ་གླིང་གི་མེ་རྫས་མཚོན་ཆ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། བཀས་བཀོད་རྒྱུད་འཛིན་གྱི་མཁར་རྫོང་གཏོར་སླ་བར་གྱུར་ལ། མདའ་མདུང་གྲི་གསུམ་ལ་བརྟེན་ནས་རྫིག་ཉམས་སྟོན་པའི་སྐྱ་དམག་རིགས་ཉིན་རེ་བཞིན་རྒུད་པར་གྱུར། ཕྱོགས་སྟོན་འཁོར་ལོ་བཀོལ་སྤྱོད་བྱས་པས། མཚོ་ཐོག་རྒྱང་འགྲུལ་ལ་སྐུལ་འདེད་བྱས་ཏེ། ས་ཁམས་ཆེན་པོ་གསར་རྙེད་ཀྱི་དུས་རབས་བསུས་ལ། ཡོབ་གླིང་པས་ད་དུང་ཀྲུང་གོའི་པར་འདེབས་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་འབྲུ་སྒྲིག་པར་འདེབས་འཕྲུལ་ཆས་བསྐྲུན་པས། རིག་རྩལ་བསྐྱར་དར་གྱི་ལས་འགུལ་དང་ཆོས་ལུགས་བཅོས་བསྒྱུར་སྐུལ་སྤེལ་ཆེན་པོ་བྱས་པ་དང་བསམ་བློ་བཅིངས་འགྲོལ་དང་སྤྱི་ཚོགས་ཡར་རྒྱས་ལའང་སྐུལ་འདེད་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།