ཁྲུན་ཆིའུ་ཀྲན་གོའི་དུས་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲུན་ཆིའུ་ཀྲན་གོའི་དུས་རབས།
སྤྱི་ལོའི་གོང་ཀྱི་དུས་རབས8པའི་ནང། ཁྲུན་ཆིའུ་ཀྲན་གོའི་དུས་རབས་སྐབས་ཆབ་སྲིད་ཀྱི་དབང་ཤུགས་ཕྱོགས་བགོས་སུ་ཕྱིན། མིང་དེ་ལྟར་དཔྱིད་དུས་དང་སྟོན་དུས་ཞེས་པའི་ལོ་རྒྱུས་དེབ་ཐེར་གྱི་ཤུགས་རྐྱེན་འོག་འཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
春秋时期
ཕྱི་ཡིག་གི་མིང་།
Chun&Qiu
རྒྱལ་ས།
ལུའོ་ཡི(དེང་གི་ལུའོ་དབྱང་ཡིན)
མི་རིགས་གཙོ་བོ།
ཧྭ་ཞ་མི་རིགས།
ཁོངས་གཏོགས་རྒྱལ་རབས།
ཀྲོའུ།
སྲིད་བསྐྱངས་ལོ།
སྤྱི་ལོ་སྔོན་གྱི770ལོ —སྤྱི་ལོ་སྔོན་གྱི476ལོ།
རྒྱལ་ཕྲན་གཙོ་བོ།
ཅིན་སོགས་བརྒྱད་ཡོད།
མི་སྣ་གཙོ་བོ།
ལའོ་ཙི་དང་ཁུང་ཙི་སོགས།
རྒྱལ་རབས་ཀྱི་སྲིད་དབང་འཛུགས་ལུགས།
གོང་མའི་ལམ་ལུགས།
1 ངོ་སྤྲོད།

སྤྱི་ལོའི་གོང་ཀྱི་དུས་རབས8པའི་ནང། ཁྲུན་ཆིའུ་ཀྲན་གོའི་དུས་རབས་སྐབས་ཆབ་སྲིད་ཀྱི་དབང་ཤུགས་ཕྱོགས་བགོས་སུ་ཕྱིན། མིང་དེ་ལྟར་དཔྱིད་དུས་དང་སྟོན་དུས་ཞེས་པའི་ལོ་རྒྱུས་དེབ་ཐེར་གྱི་ཤུགས་རྐྱེན་འོག་འཐོབ། དུས་རབས་དེ་སྐབས་དེ་སྔོན་ཀྲོའུ་རྒྱལ་རབས་ཀྱི་མངའ་ཁོངས་འོག་གནས་པའི་ས་ཁུལ་ཁག་གི་དཔོན་དམག་རྣམས་དབང་ཆར་དག་སྐྱེལ་བྱེད་པ་དང། གོང་མར་གྱེན་ལོག་བྱེད་འགོ་བཙུགས། སྐབས་དེར་ཆིན་ལན་སོགས་བྱང་ཤར་གྱི་རུ་ཚོགས་ནས་བཙན་འཛུལ་བྱས་པས་ཉེན་ཚབས་ཆེ་རུ་བཏང། དེའི་རྐྱེན་པས་ཀྲུའུ་རྒྱལ་རབས་ཀྱི་རྒྱལ་ས་ལུའོ་དབྱང་ཤར་ཕྱོགས་སུ་སྤོས།

ཀྲུའུ་རྒྱལ་རབས་ཀྱི་དུས་སྐབས་གཉིས་པ་སྟེ། ཀྲུའུ་རྒྱལ་རབས་ཤར་མའི་དུས་འགོ་བཙུགས། དཔྱིད་དུས་དང་སྟོན་དུས་རྒྱལ་རབས་ཡང་ཀྲུའུ་དབུས་མའི་རྒྱལ་རབས་ཉམས་མས་སུ་ཕྱིན་ཏེ་རྒྱལ་ཕྲན་སིལ་མར་འགྱུར་བའི་དུས་རབས་མཚོན། ས་ཁུལ་སོ་སོའི་དབང་ཤུགས་ཆེ་བའི་མི་སྣ་ཁག་གིས་ཆབ་སྲིད་དབང་ཐང་ཟིན་པ་དང་མིང་ཙམ་དུ་ཀྲུའུ་རྒྱལ་པོའི་ཆབ་འབང་དུ་གནས། མ་ཟད་ས་ཁུལ་ཁག་ཅིག་གི་འགོ་པ་ཚོས་རང་ཉིད་ལ་རྒྱལ་རིགས་ཀྱི་གོང་མིང་ཡང་གསོལ། དེ་སྐབས་ཀྲུང་གོའི་རྒྱལ་ཕྲན་སིལ་མ་བརྒྱ་ཙམ་གྱི་འདུས་པ་ཞིག་དུ་འགྱུར། རྒྱལ་ཕྲན་ཁ་ཅིག་ནི་གྲོང་ཚོ་ཞིག་གི་ཆེ་ཆུང་ཙམ་ལས་མེད།                                            དུས་རབས་དེ་སྐབས་ཀྱི་ཆབ་སྲིད་འཕེལ་གྲིབ་ཤུགས་ཆེ་བསConfucianismདང Taoism དང Legalism དང Mohism ལ་སོགས་པའི་ཀྲུང་གོའི་ཆེས་ཕུལ་བྱུང་ལྟ་གྲུབ་ཁག་སོ་སོའི་བསམ་བློའི་སློབ་གཉེར་མེ་ཏོག་ཡང་བཞད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།