ཐང་རྒྱལ་རབས།

ཐང་རྒྱལ་རབས་བཙུགས་རྗེས་ཁག་གསུམ་སྡེ་དྲུག་དང་བོགས་གླ་བསྡུ་གསུམ་གྱི་ལམ་ལུགས་མུ་མཐུད་དུ་ལག་བསྟར་བྱས། ཐང་ཐའེ་ཙུང་གི་སྐབས་སུ་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་གོང་དུ་འཕེལ་བར། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤིན་ཏུ་རྒྱས་པའི་ཀྲིན་ཀོན་ཁྲི་ལོའི་སྲིད་སྐྱོང་ཟེར་བ་བྱུང་། དེའི་རྗེས་སུ་སྲིད་འགྱུར་ཅུང་ཆེ་སྟེ། བཙུན་མོ་ཝུའུ་ཙི་ཐེན་རྒྱལ་པར་བསྡད་ནས་རྒྱལ་མིང་ཀྲོའུ་རུ་བསྒྱུར་བ་སོགས་བྱུང་། ཁའེ་ཡོན་དུས་སྐབས་སུ་ཐང་གི་སྟོབས་འབྱོར་རྩེ་མོར་སླེབས། ཨན་ཧྲིའི་ཟིང་འཁྲུག་གི་རྗེས་ནས་མཐའ་སྲུང་སྤྱི་དཔོན་གྱིས་ས་ཁུལ་བཅད་བཟུང་བྱེད་པ་དང་། ཉུག་རུམ་པས་དབང་ཆ་སྒེར་འཛིན་དང་ཕྱོགས་ཁག་བར་གྱི་འཐབ་རྩོད་བྱུང་། ཧོང་ཁྲའོ་ཞིང་པའི་འོས་ལངས་ཆེན་མོ་བྱུང་བའི་རྗེས་སུ་ཐང་རྒྱལ་རབས་མཐའ་སྲུང་སྤྱི་དཔོན་གྱིས་བསྣུབས།
ཐང་རྒྱལ་རབས་དུས་སྐབས་སུ་ཀྲུང་གོའི་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་ཚད་ནི་སྐབས་དེའི་འཛམ་གླིང་ཐོག་མཐོ་ཤོས་རེད་ལ། རིག་གནས་ཀྱང་འོད་སྟོང་འབར་ཞིང་ཡིད་དབང་འཕྲོག་པ་སྟེ། ཆོས་ལུགས་བསམ་བློ་དང་རྩོམ་རིག་སྒྱུ་རྩལ། ལོ་རྒྱུས་རིག་པ། ཚན་རྩལ་རིག་པ་སོགས་ཀྱི་གྲུབ་འབྲས་འབུར་དུ་ཐོན་ཞིང་། མི་སྣ་གྲགས་ཅན་ལི་པའེ་དང་ཏུའུ་ཧྥུའུ། ཞོན་ཙང་། ཧྭ་ཤང་དབྱི་ཞང་། སུན་སི་མིའོ་སོགས་བྱུང་། ཐང་རྒྱལ་རབས་ལ་བསྡོམས་པས་གོང་མ20བྱུང་བ་དང་ལོ་ངོ290ཡི་ལོ་རྒྱུས་ལྡན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2017-05-11
གསར་སྤེལ་མཁན། :རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།