གནའ་དཔེ་བསྲེགས་ནས་རུའུ་ལུགས་དགག་པ།

དེ་ནི་ཆིན་ཧྲི་ཧོང་གིས་རྒྱལ་ཕྲན་དྲུག་པོ་གཅིག་གྱུར་བྱས་རྗེས་བསམ་བློའི་རིག་གནས་དབང་དུ་བསྡུ་ཆེད་སྤེལ་བའི་བྱ་ཐབས་ཤིག་རེད། སྤྱི་ལོ་སྔོན་གྱི213ལོར་གའོ་དབྱི་ཡར་ཟེར་བ་དེས་ཅིན་རྫོང་ལ་ངོ་རྒོལ་བྱས་ཏེ་ས་བགོས་དབང་སྤྲོད་ལམ་ལུགས་སླར་གསོ་དགོས་པའི་རེ་བ་བཏོན་པར་ཆིན་ཧྲི་ཧོང་གིས་སྲིད་བློན་ལི་སིའི་ཐབས་ཇུས་ལྟར《ཆིན་གྱི་དེབ་ཐེར》མ་བསྲེག་དགོས་པ་དང་། མི་སུ་ཞིག་གིས《སྙན་ངག》དང《རིག་བྱེད》སོགས་ལབ་གླེང་བྱས་ཚེ་སྲོག་གཅོད་པ། སྒེར་གྱི་སློབ་གྲྭ་བཙུགས་མི་ཆོག་པ། ཁྲིམས་ལུགས་བསླབ་བྱ་སྦྱངས་པར་དཔོན་རིགས་དགེ་རྒན་ལ་བསྟེན་དགོས་པ་སོགས་ཀྱི་བཀའ་ཕབ། དེའི་ཕྱི་ལོར་ཡོན་ཏན་པ་དང་རུའུ་ལུགས་པ་མང་པོས་ཆིན་ཧྲི་ཧོང་ལ་ངོ་རྒོལ་བྱས། ཆིན་ཧྲི་ཧོང་གིས་མི་མངགས་ནས་རྟོག་ཞིབ་བྱས་ཤིང་ཡོན་ཏན་པ་དང་རུའུ་ལུགས་པ་མི460ལྷག་གསོན་སྦས་བྱས། གནའ་དཔེ་བསྲེགས་པ་དེས་སྲོལ་རྒྱུན་རིག་གནས་བརླག་པར་མ་ཟད་ཆིན་རྒྱལ་རབས་ཀྱི་སྲིད་དབང་ཡང་ཉམས་རྒུད་དུ་བཏང་།