གོ་གནས་གཞན་སྤྲོད་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོ་གནས་གཞན་སྤྲོད་ལམ་ལུགས་ནི་ཀྲུང་གོའི་གནའ་དུས་སུ་ཚོ་བའི་འགོ་བ་དེ་ཚོ་མི་ཡོངས་ཀྱིས་དམངས་གཙོས་བདམས་པའི་ལམ་ལུགས་ཤིག་སྟེ། ཚོ་བའི་མནའ་འབྲེལ་ལ་མནའ་འབྲེལ་གྲོས་འདུ་བཙུགས་ཡོད་པ་དང་། གྲོས་མི་ནི་རུས་རྒྱུད་ཚོ་བའི་འགོ་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
禅让制
བྱུང་དུས།
གོང་མའམ་བཙན་ལྔའི་སྐབས།
1 ངོ་སྤྲོད།

གོ་གནས་གཞན་སྤྲོད་ལམ་ལུགས་ནི་ཀྲུང་གོའི་གནའ་དུས་སུ་ཚོ་བའི་འགོ་བ་དེ་ཚོ་མི་ཡོངས་ཀྱིས་དམངས་གཙོས་བདམས་པའི་ལམ་ལུགས་ཤིག་སྟེ། ཚོ་བའི་མནའ་འབྲེལ་ལ་མནའ་འབྲེལ་གྲོས་འདུ་བཙུགས་ཡོད་པ་དང་། གྲོས་མི་ནི་རུས་རྒྱུད་ཚོ་བའི་འགོ་བ་རེད། དེ་ཡང་ཡའོ་ནི་ཧོང་ཏིའི་རྗེས་སུ་བྱུང་བའི་ཚོ་བ་མནའ་འབྲེལ་གྱི་འགོ་བ་མཚན་སྙན་གྲགས་དང་ལྡན་པ་ཞིག་རེད། བཤད་རྒྱུན་ལྟར་ན་ཁོང་ལོ་ན་རྒས་དུས་སུ་མནའ་འབྲེལ་ཁྲོད་གྲོས་མི་རྒན་པ་རྣམས་ཀྱིས་ཁོ་ཚོའི་ཚོ་བའི་ནང་གི་མཚན་སྙན་ལྡན་པའི་མི་སྟེ་ཧྲུན་ཞེས་པ་རྒྱུད་འཛིན་པར་ངོ་སྤྲོད་བྱས་པར། ཡའོ་ཡིས་ལོ་ངོ་དུ་མར་ཧྲུན་ལ་ཉམས་ཚོད་བླངས་པར་མ་ཟད། ཚོ་བའི་གཞུང་ལས་ལ་རབ་འདེགས་དང་རང་ཉིད་ཀྱི་ཚབ་བྱས་སྲིད་དོན་བསྒྲུབ་ཏུ་བཅུག དེ་ལྟར་ཕྱོགས་ཡོངས་ནས་སྦྱོང་བརྡར་བྱས་པ་དང་། རང་ཉིད་ཚེ་ལས་འདས་རྗེས་འགོ་བར་འདམས་རྒྱུ་བྱས། དེ་བཞིན་དུ་ཧྲུན་ལོ་ན་རྒས་རྗེས་ཚོ་དཔོན་གྱི་གོ་གནས་སྐབས་དེར་ཆུ་ལོག་འགོག་པར་བྱས་རྗེས་ཆེ་བའི་མི་སྟེ་མིང་ལ་ཡུས་ཟེར་བ་དེར་སྤྲད། ཡིན་ནའང་ཡུས་ཚེ་ལས་འདས་རྗེས་འགོ་བའི་དབང་ཆ་ཡུས་ཀྱི་བུ་ཆི་ཞེས་པ་དེས་བཟུང་བས། ཚོ་བའི་འགོ་བ་དམངས་གཙོས་འདེམས་བསྐོ་བྱེད་པའི་ལུགས་སྲོལ་གྱི་རྒྱུན་ཆད་པར་བཤད། ཁོ་ཚོས་རང་ཉིད་རྒས་དུས་ཚོ་དཔོན་གྱི་གོ་གནས་རང་གི་བུ་ལ་མི་སྤྲོད་པར་ཚོ་བའི་ནང་གི་མི་བྱས་རྗེས་ཅན་དང་བློ་རིག་ཅན་ལ་སྤྲོད་པ་དེ་ནི་སྐབས་དེར་སྲིད་དབང་སྤྱི་འཛིན་གྱི་ལུགས་སྲོལ་ལག་བསྟར་བྱེད་བཞིན་ཡོད་པས་རེད། འོན་ཀྱང་རྗེས་རབས་པའི་གྲས་སུ་གོ་གནས་གཞན་སྤྲོད་ལམ་ལུགས་འདི་ནི་བསམ་བློ་པ་དག་གི་ཆབ་སྲིད་ཀྱི་ཕུགས་བསམ་ཙམ་མ་གཏོགས། དོན་དངོས་སུ་གཏན་ནས་བྱུང་མྱོང་མེད་པར་འདོད་མཁན་ཀྱང་མཆིས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།