འཇང་ས་དམ་རྒྱལ་ཁབ།

དུས་རབས་བདུན་པའི་དུས་མགོར་དབྱི་རིགས་དང་པའེ་རིགས་ཀྱི་མེས་པོ་ཚོ་བ་དྲུག་ཡུན་ནན་གྱི་མཚོ་ཨེར་ཧའེ་ཡི་རྒྱུད་དུ་གནས་ཤིང་འཚོ། དེའི་ཁྲོད་ལྷོ་ཕྱོགས་སུ་གནས་པའི་འཇང་ས་དམ་རིམ་བཞིན་སྟོབས་དང་ལྡན་པར་གྱུར་ནས་སྤྱི་ལོ649ལོར་སྲིད་དབང་བཙུགས། དུས་རབས་བརྒྱད་པའི་དུས་མགོར་འཇང་ས་དམ་གྱི་འགོ་བ་ཡི་ཕི་ལུའོ་ཀོ་ཡིས་ཐང་ཞོན་ཙུང་གི་རྒྱབ་སྐྱོར་འོག་ཚོ་བ་དྲུག་པོ་གཅིག་གྱུར་བྱས། རྗེས་སུ་མངའ་ཁོངས་ལྷོ་ཕྱོགས་སུ་རྒྱ་བསྐྱེད་ཅིང་ཐང་རྒྱལ་རབས་དང་འགལ་བ་བྱུང་། འཇང་ས་དམ་རྒྱལ་པོ་ཀའོ་ལི་ཧྥུའུ་ཡིས་བོད་བཙན་པོའི་རྒྱལ་ཁབ་ལ་མགོ་བཏགས་ནས་ཐང་ལ་དཔུང་འཇུག་བྱས་པར་ཐང་དམག་ཐེངས་མང་པོར་ཕམ་པར་བརྒྱབ། དེ་ནས་བཟུང་འཇང་ས་དམ་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་ལ། བོད་ཀྱིས་དཔྱ་ཁྲལ་དང་དམག་བསྡུ་བཞིན་ཡོད། རྗེས་སུ་འཇང་ས་དམ་གྱིས་གླགས་བཙལ་ནས་བོད་བཙན་པོའི་རྒྱལ་ཁབ་ལ་ངོ་ལོག་བྱས། དུས་རབས་དགུ་བའི་དུས་དཀྱིལ་ལ་འཇང་ས་དམ་གྱིས་ཐང་གི་ས་མཚམས་སུ་འཇིགས་སྐུལ་མཚམས་མ་ཆད་པ་དེ་ནི་ཐང་རྒྱལ་རབས་དུས་མཇུག་གི་གནད་དོན་ཆེ་ཤོས་རེད། འཇང་ས་དམ་གྱི་སྲིད་དབང་ལམ་ལུགས་སོགས་ལ་ཐང་གི་ཤུགས་རྐྱེན་ཐེབས་ཡོད། དེས་མི་ཚད་རྒྱ་ནག་ནས་བཟོ་ལས་དང་ཞིང་ལས་ལག་རྩལ་ནང་འདྲེན་བྱས། འཇང་ས་དམ་དུ་སངས་རྒྱས་ཆོས་ལུགས་ཧ་ཅང་དར་བ་སྟེ། ཏཱ་ལིའི་ས་ཆའི་ཁྲོན་ཧྲི་དགོན་པ་དང་མཆོད་རྟེན་གསུམ་སོགས་འཇང་ས་དམ་གྱི་དུས་སྐབས་སུ་བཞེངས་པ་རེད།