ཀྲན་གོ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲན་གོ
ཀྲན་གོའི་སྐབས་སུ་རྒྱལ་ཕྲན་བདུན་བྱུང་ལ། དེ་དག་ནི་ཆིན་དང་ཁྲུའུ། ཧན་དང་ཀྲའོ། ཝེ་དང་ཆི། ཡན་སོགས་ནི་སྐབས་དེར་རྒྱལ་ཕྲན་བཙན་པོ་བདུན་ཏུ་འབོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
战国时期
ཕྱི་ཡིག་གི་མིང་།
Warring States Period
དུས་ཚིགས།
སྤྱི་ལོ་སྔོན་གྱི 475ལོ — སྤྱི་ལོ་སྔོན་གྱི221ལོ།
མཚོན་བྱེད་རང་བཞིན་གྱི་དོན་རྐྱེན།
ཐེན་རྒྱུད་ཀྱིས་ཆི་ཡིས་ཚབ་བྱས་པ་སོགས།
རྒྱལ་ཕྲན་གཙོ་བོ།
ཆིན་དང་ཁྲུའུ། ཧན་དང་ཀྲའོ། ཝེ་དང་ཆི། ཡན་སོགས།
ལོ་རྒྱུས་རྣམ་པ།
མཁས་བརྒྱ་འགྲན་གླིང་། དབང་ཆ་གཅིག་སྡུད། ས་ཞིང་སྒེར་དབང་།
མི་འབོར།
བྱེ་བ་གསུམ་དང་ས་ཡ་ལྔ།
མི་རིགས།
ཧྭ་ཞ་མི་རིགས།
གྲུབ་མཐའ་གཙོ་བོ།
རུའུ་དང་མོ་སོགས།
མཇུག་སྒྲིལ་བའི་མཚོན་རྟགས།
སྤྱི་ལོ་སྔོན་གྱི221ལོར་ཆིན་གྱིས་རྒྱལ་ཕྲན་དྲུག་བསྣུབས་པ།
འཐབ་འཁྲུག་གཙོ་བོ།
མཱ་ལིང་དམག་འཁྲུག་དང་ཁྲང་ཕིང་དམག་འཁྲུག
དོན་རྐྱེན་གཙོ་བོ།
ཧྲང་དབྱང་ལུགས་བསྒྱུར་སོགས།
མི་སྣ་གཙོ་བོ།
ལེན་ཞང་རུའུ་སོགས།
ལོ་རྒྱུས་དོན་སྙིང་།
ཀྲུང་ཧྭ་རིག་གནས་ཀྱི་རྫོགས་ལྡན་དུས་རབས།
ལོ་རྒྱུས་བརྩམས་ཆོས།
《ཀྲན་གོའི་ཡིག་ཚངས》
གྲུབ་འབྲས་གཙོ་བོ།
མི་རིགས་མཉམ་བསྲེས།
1 ནང་དོན་དངོས།

ཆབ་སྲིད་ཀྱི་གནས་བབ་ལྷག་པར་སྲ་བརྟན་ཕྱིན་རྗེས། སྤྱི་ལོའི་གོང་གི་དུས་རབས5 མཇུག་ཙམ་དུ་རྒྱལ་ཕྲན་བདུན་གནས་ཐུབ་ཡོད། རྒྱལ་ཕྲན་དེ་རྣམས་ཕན་ཚུན་དམག་འཐབ་ཀྱི་དུས་ཡུན་དེར་སྡང་ཟུག་ཆེ་བའི་རྒྱལ་ཕྲན་དུས་རབས་ཟེར། སྤྱིར་མིང་ཙམ་དུ་ཡོད་པའི་ཀྲུའུ་རྒྱལ་པོ་མུ་འཐུད་སྤྱི་ལོའི་གོང་གི་ལོ256བར་གནས་ཡོད་ཀྱང་དོན་ཐོག་གི་བདག་དབང་ཆུང་ངུ་ཙམ་ལས་མེད།

དམག་འཁྲུག་རྒྱལ་ཁབ་དེ་དག་གི་ཁྱིམ་མཚེས་མངའ་ཁུལ་ནི། དེང་སྐབས་ཀྱི་སི་ཁྲོན་དང་ལེའོ་ནིང་སོགས་རྣམས་ས་ཁུལ་འཛིན་སྐྱོང་གསར་པའི་རྒྱལ་ཡོངས་དམག་སྤྱི་ཆེན་མོ་དང་ཞིང་ཆེན་ལམ་ལུགས་འོག་ཟླ་སྒྲིལ་བཏང་ཟིན། དེ་འདྲ་བའི་ལམ་ལུགས་ནི་དཔྱིད་དུས་དང་སྟོན་དུས་ལོ་རྒྱས་རྒྱལ་རབས་ནས་བཟུང་འགོ་བཙུགས་ཡོད། མ་ཟད་དེ་ཆ་ཤས་ཙམ་དེང་དུས་ཀྱི་ཞིང་ཆེན་དང་རྫོང་ལམ་ལུགས་ཐོག་མཐོང་རྒྱུ་ཡོད།

དུས་རབས་དེ་སྐབས་ཀྱི་མཐའ་མའི་རྒྱ་སྐྱེད་ནི་ཆིན་ཀྱི་རྒྱལ་པོ་ཡིང་ཀྲང་ཀྱི་སྐུ་དུས་སུ་བྱུང། སྤྱི་ལོའི་གོང་གི་ལོ214ཙམ་ལ་ཁོང་གི་རྒྱལ་ཕྲན་སིལ་མ་མང་པོའི་སྟོབས་ཤུགས་རྣམས་ཆིག་སྒྲིལ་མཛད། ཀྲེ་ཅང་། ཧྥུའུ་ཅན་དང་ཀོང་ཏུང་། གོང་ཞི་སོགས་ལ་མུ་མཐུད་དུ་བཙན་འཛུལ་བྱས་ཏེ། རང་ཉིད་གོང་མ་དང་པོ་ཆིང་ཧྲི་ཧོང་དུ་དྲིལ་བསྒྲགས་མཛད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-13

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།