ཁྲུན་ཆིའུ་དུས་སྐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུའུ་ལུགས་པའི་སྲོལ་འབྱེད་མཁན་ཁུང་ཙིས་ཚེ་སྨད་དུ་བསྟན་བཅོས་ལྔ་རྩོམ་སྒྲིག་བྱས་པར་གྲགས་པའི་ཁྲོད་ཀྱི《ཁྲུན་ཆིའུ་དེབ་ཐེར》རུ་ཁོའི་ཆབ་སྲིད་ལྟ་བ་དང་སྤྱི་ཚོགས་ལ་བཅངས་པའི་ཕུགས་བསམ་བཏོན་ཡོད་ལ། རྗེས་རབས་པས་དེབ་ཐེར་དེ་རུ་བཀོད་པའི་ལོ་རྒྱུས་དུ་སྐབས་དེ་ལའང་ཁྲུན་ཆིའུ་དུས་སྐབས་ཞེས་བཏགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
春秋时期
བསྡུས་མིང་།
ཁྲུན་ཆིའུ།
ཁོངས་གཏོགས་གླིང་ཆེན།
ཡ་གླིང་།
རྒྱལ་ས།
ལུའོ་དབྱི།
གཞུང་ཕྱོགས་ཀྱི་སྐད།
ཡཱ་སྐད། (ཞ་རྒྱལ་རབས་སྐབས་ཀྱི་སྐད།)
གྲོང་ཁྱེར་གཙོ་བོ།
ཧྲང་ཆིའུ། ཝན་ཆིའུ། ལིན་ཙི། ཆུས་ཧྥུའུ་སོགས།
ཆབ་སྲིད་ལམ་ལུགས།
གོང་མའི་ལམ་ལུགས།
རྒྱལ་ཁབ་ཀྱི་གཙོ་འཛིན།
ཀྲོའུ་ཝང་།
མི་རིགས།
ཧྭ་ཞ་རིགས།
མི་གྲངས།
ཁྲི1000
དད་མོས།
གདོད་མའི་ཆོས་ལུགས།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི218
རྒྱལ་རབས་བཙུགས་ལོ།
སྤྱི་ལོ་སྔོན་གྱི770ལོ་ནས་སྤྱི་ལོ་སྔོན་གྱི476ལོ་བར།
རྒྱལ་ཕྲན་གཙོ་བོ།
ཆི། སུང་། ཅིན། ཆིན། ཁྲུའུ། ཝེ། ཀྲེང་།
1 ངོ་སྤྲོད།

རུའུ་ལུགས་པའི་སྲོལ་འབྱེད་མཁན་ཁུང་ཙིས་ཚེ་སྨད་དུ་བསྟན་བཅོས་ལྔ་རྩོམ་སྒྲིག་བྱས་པར་གྲགས་པའི་ཁྲོད་ཀྱི《ཁྲུན་ཆིའུ་དེབ་ཐེར》རུ་ཁོའི་ཆབ་སྲིད་ལྟ་བ་དང་སྤྱི་ཚོགས་ལ་བཅངས་པའི་ཕུགས་བསམ་བཏོན་ཡོད་ལ། རྗེས་རབས་པས་དེབ་ཐེར་དེ་རུ་བཀོད་པའི་ལོ་རྒྱུས་དུ་སྐབས་དེ་ལའང་ཁྲུན་ཆིའུ་དུས་སྐབས་ཞེས་བཏགས་པ་རེད།

ཁྲུན་ཆིའུ་དུས་སྐབས་ནི་སྤྱི་ལོ་སྔོན་གྱི770ལོར་ཀྲོའུ་ཕིང་ཝང་གིས་རྒྱལ་ས་ལུའོ་དབྱི་ས་སྤོས་པ་ནས་སྤྱི་ལོ་སྔོན་གྱི475ལོར་ཀྲོའུ་ཅེན་ཝང་ཚེ་ལས་འདས་པའི་བར་ལ་གོ དེ་ཡང་ཀྲོའུ་རྒྱལ་པོ་ཚང་ཤར་ཕྱོགས་སུ་སྤོས་རྗེས་སྟོབས་ཤུགས་ཉམས་ཞིང་རྒུད། རྒྱལ་ཕྲན་སོ་སོས་ས་ཞིང་དང་འབངས་མི་མང་ཙམ་དབང་དུ་བསྡུ་ཆེད་ཕན་ཚུན་བར་འཐབ་འཁྲུག་རྒྱུན་མ་ཆད་པར་བརྒྱབ་ཅིང་། རྒྱལ་ཕྲན་ཆེན་པོས་རྒྱལ་ཕྲན་ཆུང་བ་མངའ་འོག་ཏུ་བཅུག་པས་རྒྱལ་ཕྲན་གྱི་ཁ་གྲངས་ཇེ་ཉུང་དུ་སོང་། ཧྭ་ཞ་མི་རིགས་དང་མཐའ་མཚམས་ཀྱི་མི་རིགས་གཞན་བར་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་འདྲིས་ཆེ་རུ་ཕྱིན་པ་དང་། ལོ་དུ་མ་ལ་ཕན་ཚུན་འཐབ་འཁྲུག་བརྒྱབ་པས་མི་རིགས་སོ་སོ་རིམ་གྱིས་འདྲེས། ཁྲུན་ཆིའུ་དུས་སྐབས་སུ་ཞིང་ལས་དང་ལག་ཤེས་བཟོ་ལས་ཀྱི་ཐོན་སྐྱེད་ཁྲོད་ལྕགས་ཆས་བཀོལ་སྤྱོད་ཀྱི་མགོ་བརྩམས་ཤིང་། ཕྱུགས་ཟོག་གིས་ཞིང་རྨོ་བ་དེས་ཐོན་སྐྱེད་ནུས་ཤུགས་མངོན་གསལ་དུ་མཐོར་འདེགས་བྱུང་བ་མཚོན་ཐུབ། སྐུ་དྲག་གིས་ལས་འབངས་ལ་བཤུ་གཞོག་བྱེད་པའི་རྣམ་པ་བསྒྱུར་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་ཏུ་གྱུར་པས། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་རིམ་བཞིན་རྩ་མེད་དུ་བཏང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-23

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།