ཐེངས་གཉིས་པའི་ཉལ་ཐ་དམག་འཁྲུག་ནི་དབྱིན་ཇི་དང་ཧྥ་རན་སེ་གཉིས་ཨུ་རུ་སུ་དང་ཨ་རི་གཉིས་ཀྱིས་རྒྱབ་སྐྱོར་ལས་ཀྲུང་གོ་བཙན་འཛུལ་བྱས་པའི་དམག་འཁྲུག་ཡིན། དབྱིན་ཇི་དང་ཧྥ་རན་སེ་གཉིས་ཀྱིས་ཐེ་ཕིང་ཐེན་གོ་ལས་འགུལ་སྐབས་དང་བསྟུན་ཏེ། ཡ་ལོ་རྟགས་དོན་རྐྱེན་དང་མ་ཧྲིན་ཧྥོ་དོན་རྐྱེན་ལ་ཁ་གཡར་ཏེ། མཉམ་འབྲེལ་བྱས་ནས་ཆིང་སྲིད་གཞུང་ལ་རྒོལ་བའི་འཐབ་འཁྲུག་ཅིག རྒྱ་ཡིག་གི་མིང་། 第二次鸦片战争 ཕྱི་ཡིག་གི་མིང་། The Second Opium War ས་གནས། ཀྲུང་གོ དུས་ཚོད། སྤྱི་ལོ1856 — སྤྱི་ལོ1860 འཐབ་ཞུགས་ཕྱོགས་ཁག དབྱིན་ཇི་དང་ཧྥ་རན་སེ། ཨུ་རུ་སུ་དང་ཨ་རི་འདུམ་འགྲིག་མིང་ཐོག་ནས། ཆིང་རྒྱལ་རབས།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག་ལ་དབྱིན་ཇིས་ཐེངས་དང་པོའི་ཀྲུང་དབྱིན་འཐབ་འཁྲུག་ཟེར་ལ། ཡང་ན་ཚོང་འགྲུལ་འཐབ་འཛིང་ཡང་ཟེར། དེ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་འགོ་བརྗོད་ལྟ་བུ་ཡིན། རྒྱ་ཡིག་གི་མིང་། 第一次鸦片战争 ཕྱི་ཡིག་གི་མིང་། First Opium War ས་གནས། ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་རྒྱུད། དུས་སྐབས། 1840ལོའི་ཟླ6 — 1842ལོའི་ཟླ8 འཐབ་ཞུགས་ཕྱོགས་ཁག དབྱིན་ཇི་དང་ཀྲུང་གོ་ཆིང་རྒྱལ་རབས། མཇུག་འབྲས། དབྱིན་ཇིས་རྒྱལ་ཁ་བླངས།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
གསུམ་རྒོལ་ནི་ལྐོག་ཟ་ལ་ངོ་རྒོལ་དང༌། ཆུད་ཟོས་ལ་ངོ་རྒོལ། དཔོན་ངན་རིང་ལུགས་ལ་ངོ་རྒོལ་བཅས་ལ་ཟེར་ཞིང༌། ལྐོག་རྔན་སྤྲོད་ལེན་ལ་ངོ་རྒོལ་དང༌། ཁྲལ་རིགས་སྐུང་གཡོལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་འཁྱེར་ལ་ངོ་རྒོལ། རྒྱུ་ཆ་རྐུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་རྐུ་འཁྱེར་ལ་ངོ་རྒོལ་བཅས་ལྔ་རྒོལ་གྱི་ལས་འགུལ་ཡིན། རྒྱ་ཡིག་གི་མིང་། 三反五反运动 དུས་ཚོད། སྤྱི་ལོ 1951—སྤྱི་ལོ 1952ལོ་མཇུག་བར། ལས་འགུལ་བྱ་ཡུལ།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཧྭ་ཀུའོ་ཧྥེང། ཐོག་མའི་མཚན་ལ་སུའུ་ཐའོ་ཟེར། ཧྲན་ཞི་ཞིང་ཆེན་ཅའོ་ཁྲུང་རྫོང་གི་མི་ཡིན། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གལ་ཆེན་ནང་གི་གཅིག་ཡིན། ཡུན་རིང་ཉམས་ཚོད་བླངས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་ཡིན། སྤྱི་ལོ1976ལོའི་ཟླ4བར་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འགན་ཁུར་ཞིང་ཕྱིས་སུ་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
སྤྱི་ལོ1935ལོའི་ཟླ5བར་ནས་སྤྱི་ལོ1936ལོའི་ཟླ8པའི་བར་དམར་དམག་དཔུང་ཁག་དང་བོ་དང་གཉིས་པ། བཞི་བ་ཧུང་ཡོན་དུ་ཐེངས་མང་བོ་བརྒྱུད་མྱོང་ལ། ཧུང་ཡོན་རྩྭ་ཐང་ལ་བརྒྱུད་སྐབས་ས་གནས་ཀྱི་དམག་གིས་བཀཀ་འགོག་བྱས་ནས་དམག་དཔུང་གཉིས་བར་དམག་འཁྲུག་ཡང་ཐེངས་མང་བོ་བསླངས་བ་དང་དམག་མི་མཐོ་སྒང་གི་གནམ་ཟླ་མ་འཕྲོད་པས་དམར་དམག་གི་དམག་མི་མང་བོ་དེར་རང་སྲོག་བློས་བཏང་སོང་། རྒྱ་ཡིག་གི་མིང་། 红军长征经过红原 རྒྱང་སྐྱོད་དམག་དཔུང་། དམར་དམག་དཔུང་ཁག་དང་བོ་དང་། གཉིས་པ། བཞི་བ། བརྒྱུད་པའི་དུས་ཚོད། སྤྱི་ལོ1935ལོའི་ཟླ5བ་ནས་ཟླ9བའི་བར། ལོ་རྒྱུས་རྒྱབ་ལྗོངས། སྤྱི་ལོ1935ལོའི་ཟླ5བར། ཧུའུ་ཙུང་ནན་གྱིས་མི་མངགས་ཏེ་གློག་འཕྲིན་འཕྲུལ་ཆས་ཁྱེར་ནས་རྔ་བར་སོང་བ་དང་།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཝེ་ཧའེ་གཡུལ་འགྱེད་ནི་ལི་ཧུང་ཀྲང་གིས་སྣེ་ཁྲིད་པའི་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་གི་སྐབས་སུ་གཡུལ་འགྱེད་ཆེན་པོ་བཞི་བྱས་པའི་ནང་གི་བཞི་པ་དེ་ཡིན། བོད་ཡིག་གི་མིང་། ཝེ་ཧའེ་གཡུལ་འགྱེད། རྒྱ་ཡིག་གི་མིང་། 威海卫战役 ས་གནས། ཝེ་ཧའེ་ཝེ། དུས་ཚོད། སྤྱི་ལོ1895 ངོ་སྤྲོད། སྤྱི་ལོ1895ལོའི་ལོ་མགོར། འཇའ་དམག་གིས་པེ་དབྱང་མཚོ་དམག་གི་རྟེན་གཞི་ཝེ་ཧའེ་ཝེ་ལ་ཚུར་རྒོལ་བྱས། ཏིང་རུའུ་ཁྲང་གིས་རང་འགུལ་གྱིས་དགྲ་བོ་ཚར་གཅོད་བྱེད་པའི་རེ་བ་བཏོན་ཡང་། ལི་ཧུང་ཀྲང་གིས་དམག་འཐབ་བྱེད་མི་ཆོག་པ་དང་།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
སྤྱི་ལོ1944ལོར། ཨ་རིས་བཙན་ཤེད་ཀྱིས་ཆིང་སྲིད་གཞུང་ལ་བཞག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་ཅིག་ཡིན། བོད་ཡིག་གི་མིང་། ཝང་ཞ་ཆིངས་ཡིག རྒྱ་ཡིག་གི་མིང་། 望厦条约 དུས་ཚོད། སྤྱི་ལོ1944ལོའི་ཟླ7པའི་ཚེས3ཉིན ས་གནས། ཀྲུང་གོའི་ཨའོ་མུན་ཝང་ཞ་སྡེ་བ། ཤུགས་རྐྱེན། ཀྲུང་གོའི་བཙན་བདག་ལ་གནོད་པ་ཚབས་ཆེན་བཟོས། ལོ་རྒྱུས་རྒྱབ་ལྗོངས། དུས་རབས18པའི་དུས་དཀྱིལ་དང་དུས་མཇུག་གི་སྐབས་སུ། དབྱིན་ཇིས་བཟོ་ལས་གསར་བརྗེ་མགོ་བརྩམས། མི་རིང་བར་ཧྥ་རན་སེ་དང་ཨ་རི་སོགས་རྒྱལ་ཁབ་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བཟོ་ལས་གསར་བརྗེ་སྤེལ།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
སྤྱི་ལོ1948ལོའི་སྟོན་ཁར། དགྲ་དང་རང་རེའི་སྟོབས་ཤུགས་ཐད་འགྱུར་ལྡོག་ཆེན་པོ་བྱུང་། ཀྲུང་གུང་ཀྲུང་དབྱང་གིས་ཐག་གཅོད་རང་བཞིན་གྱི་དམག་འཐབ་བྱེད་པའི་དུས་སུ་སླེབས་བྱུང་སྙམ་ནས། གཅིག་རྗེས་གཉིས་མཐུད་དུ་གཡུལ་འགྱེད་ཆེན་པོ་གསུམ་སྤེལ་ཅིང་། ཧུའེ་ཧའེ་གཡུལ་འགྱེད་ནི་དེའི་ནང་གི་གཅིག་ཡིན། བོད་ཡིག་གི་མིང་། ཧོའེ་ཧའེ་གཡུལ་འགྱེད། རྒྱ་ཡིག་གི་མིང་། 淮海战役 ས་གནས། ཧོའེ་ཧའེ་ས་ཁུལ། དུས་ཚོད། སྤྱི་ལོ1948ལོའི་ཟླ11པའི་ཚེས6ནས་སྤྱི་ལོ1949ལོའི་ཟླ1པོའི་ཚེས10ཉིན་བར། དགྲ་ཕྱོགས་དམག
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཁྲར་ཧྲིན་དམག་ནི་ཞི་བདེ་གནམ་རྒྱལ་དུས་སྐབས་སུ་ཆིང་སྲིད་གཞུང་དང་ཕྱི་རྒྱལ་སྟོབས་ཤུགས་མཉམ་བསྡེབས་ཀྱིས་གྲུབ་ཅིང་། ཉེ་རབས་ཀྱི་མཚོན་ཆ་དང་དམག་ཆས་སྤྲས་པའི་དམག་མི་སྟེ། སྤྱི་ལོ1860ལོའི་ཟླ6ཚེས2ལ་བཙུགས་ཤིང་། དམག་མི་བརྒྱ་ཕྲག་ཙམ་ཡོད་ལ། དམག་དཔོན་ཨ་རིའི་མི་ཧྭའར( 1831-1862)ཞེས་པ་དེ་ཡིན། མིང་ལ་ཕྱི་རྒྱལ་མཚོན་ཆའི་དམག་ཅེས་ཟེར། རྒྱ་ཡིག་གི་མིང་། 常胜军 ཕྱི་ཡིག་གི་མིང་། Ever Victorious Army དུས་སྐབས། སྤྱི་ལོ1860ལོ། ཁོངས་གཏོགས། དམག་དོན། ངོ་སྤྲོད།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཞི་བདེ་གནམ་རྒྱལ་ལས་འགུལ་ནི་ཀྲུང་གོའི་ཉེ་རབས་སུ་ཆིང་སྲིད་གཞུང་གི་བཀས་བཀོད་རྒྱུད་འཛིན་དབང་བསྒྱུར་དང་ཕྱིའི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་ཞིང་པའི་འོས་ལངས་གྲགས་ཅན་ཞིག་རེད། རྒྱ་ཡིག་གི་མིང་། 太平天国运动 སྣེ་ཁྲིད་པ་གཙོ་བོ། ཧོང་ཞིག་ཆོན། དབྱང་ཞིག་ཆིན། ལིན་ཞིག་ཁྲེན། ལས་འགུལ་གྱི་ངོ་བོ། ཞིང་བའི་འོས་ལངས། ཆེིན་རྒྱལ་རབས་མགོ་མཇུག་སློག་པ། མཇུག་འབྲས། ཐན་ཅིན་ཤོར་ཏེ་ཕམ་ཁ་མྱངས། ངོ་སྤྲོད། ཞི་བདེ་གནམ་རྒྱལ་ལས་འགུལ་ནི་ཀྲུང་གོའི་ཉེ་རབས་སུ་ཆིང་སྲིད་གཞུང་གི་བཀས་བཀོད་རྒྱུད་འཛིན་དབང་བསྒྱུར་དང་ཕྱིའི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་ཞིང་པའི་འོས་ལངས་གྲགས་ཅན་ཞིག་རེད།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཞང་དམག་ནི་ཆིང་སྲིད་གཞུང་གིས་ཞི་བདེ་གནམ་རྒྱལ་གསར་བརྗེ་ལ་དྲག་གནོན་བྱེད་ཆེད་གསར་དུ་བཙུགས་པའི་ས་གནས་ཀྱི་དྲག་ཆས་ཏེ། ཆིང་སྲིད་གཞུང་གི་དམག་མིས་སྟོབས་དང་ལྡན་པའི་ཞི་བདེ་དམག་དང་འགྲན་དཀའ་བར་གྱུར་པས། སྤྱི་ལོ1853ལོར་ཙེང་གོ་ཧྥན་གྱིས་ཞང་དམག་བཙུགས་ཏེ་སྦྱོང་བརྡར་བྱས་བས་དེ་ལྟར་དུ་གྲགས། རྒྱ་ཡིག་གི་མིང་། 湘军 ཁོངས་གཏོགས། དམག་དོན། དུས་སྐབས། ཆིང་རྒྱལ་རབས། མི་སྣ་གཙོ་བོ། ཙེང་གོ་ཧྥན། ངོ་སྤྲོད། ཞང་དམག་ནི་ཆིང་སྲིད་གཞུང་གིས་ཞི་བདེ་གནམ་རྒྱལ་གསར་བརྗེ་ལ་དྲག་གནོན་བྱེད་ཆེད་གསར་དུ་བཙུགས་པའི་ས་གནས་ཀྱི་དྲག་ཆས་ཏེ།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཀོང་ཀྲོའུ་ལས་སྡེ་བཅུ་གསུམ་ནི་ཆིང་རྒྱལ་རབས་དུས་སྐབས་སུ་ཕྱི་ཕྱོགས་དང་ཉོ་ཚོང་བྱེད་པའི་ལས་ཁུངས་གཙོ་བོ་སྟེ། ཆན་ལུང་སྲིད་ལོ་ཉེར་བཞི་བ་སྟེ་སྤྱི་ལོ1759ལོར་ཆིང་སྲིད་གཞུང་གིས་ཕྱི་ཕྱོགས་ཀྱི་ཚོང་གྲུ་ཀོང་ཀྲོའུ་ས་ཆ་ཁོ་ན་ནས་ཉོ་ཚོང་ལས་དོན་གཉེར་པ་དང་། ཉོ་ཚོང་ཡོད་ཚད་ལ་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་ལས་ཁུངས་ཀོང་ཀྲོའུ་ལས་སྡེ་དེ་དག་ཁོ་ནས་གཉེར་དགོས་པའི་བཀའ་ཕབ། ལས་སྡེ་བཅུ་གསུམ་ནི་ལས་སྡེ་སྤྱིའི་མིང་ཡིན། རྒྱ་ཡིག་གི་མིང་། 广州十三行 ཕྱི་ཡིག་གི་མིང་། The thirteen-hongs
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
བཞི་གཅིག་གཉིས་སྲིད་འགྱུར་ནི་སྤྱི་ལོ1927ལོའི་ཟླ4ཚེས12ཉིན་ཅང་ཅེ་ཧྲིས་ཧྲང་ཧེ་ནས་གུང་ཁྲང་ཏང་ལ་ངོ་རྒོལ་དང་། གསར་བརྗེ་པ་དང་བཟོ་བ་མང་ཚོགས་དམར་གསོད་བྱས་པའི་གསར་བརྗེའི་ངོ་ལོག་པའི་སྲིད་འགྱུར་ཞིག་ཡིན། རྒྱ་ཡིག་གི་མིང་། 四一二反革命政变 ཁོངས་གཏོགས། དམག་དོན། དུས་སྐབས། སྤྱི་ལོ1927ལོ། མི་སྣ་གཙོ་བོ། ཅང་ཅེ་ཧྲི། ངོ་སྤྲོད། བཞི་གཅིག་གཉིས་སྲིད་འགྱུར་ནི་སྤྱི་ལོ1927ལོའི་ཟླ4ཚེས12ཉིན་ཅང་ཅེ་ཧྲིས་ཧྲང་ཧེ་ནས་གུང་ཁྲང་ཏང་ལ་ངོ་རྒོལ་དང་། གསར་བརྗེ་པ་དང་བཟོ་བ་མང་ཚོགས་དམར་གསོད་བྱས་པའི་གསར་བརྗེའི་ངོ་ལོག་པའི་སྲིད་འགྱུར་ཞིག་ཡིན།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
པེ་དབྱང་སྲིད་གཞུང་ནི་པེ་དབྱང་དམག་ཤེད་ཀྱིས་ཚོད་འཛིན་ཐེབས་པའི་ཀྲུང་ཧྭ་མིན་གོའི་སྲིད་གཞུང་ལ་ཟེར། སྤྱི་ལོ1912ལོར་ཡོན་ཧྲི་ཁའེ་ཡིས་ཀྲུང་ཧྭ་མིན་གོའི་གནས་སྐབས་ཙུང་ཐུང་གི་འགན་ཁུར་བ་དེ་ནི་པེ་དབྱང་སྲིད་གཞུང་གིས་སྲིད་ཀྱི་ཁ་ལོ་བསྒྱུར་བའི་མཚོན་རྟགས་ཡིན། རྒྱ་ཡིག་གི་མིང་། 北洋政府 ཕྱི་ཡིག་གི་མིང་། Republic of China དུས་སྐབས། སྤྱི་ལོ1912-1928ལོ། ཁོངས་གཏོགས། ཆབ་སྲིད་ཀྱི་སྒྲིག་འཛུགས། དབུ་ཁྲིད་རྒྱལ་བོ། ཡོན་ཧྲི་ཁའེ། ལིན་ཡོན་ཧོང་སོགས། རྒྱལ་ས། པེ་ཅིང་། ངོ་སྤྲོད།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཐའར་གྲོང་དམག་འཁྲུག་ནི་སྤྱི་ལོ1938ལོའི་ཟླ3ཚེས23ནས་ཟླ4ཚེས7ཉིན་བར་ཀྲུང་གོའི་དམག་དཔུང་གིས་ཧྲན་ཏུང་ཞིང་ཆེན་གྱི་ལྷོ་ཕྱོགས་ཐའར་གྲོང་ས་ཁུལ་དུ་འཇར་དམག་ཕམ་པར་བརྒྱབ་པའི་དམག་འཁྲུག་ལ་ཟེར། རྒྱ་ཡིག་གི་མིང་། 台儿庄大捷 ཁོངས་གཏོགས། དམག་དོན། ས་གནས། ཧྲན་ཏུང་ཙའོ་ཀྲོང་དང་ཐེར་ཀྲོང་ལྟེ་བར་བྱས་པའི་ཧྲན་ཏུང་ལྷོ་རྒྱུད་ས་ཁོངས། དུས་སྐབས། སྤྱི་ལོ1938ལོ། འཐབ་འཁྲུག་ཕྱོགས་ཁག རྒྱལ་དམངས་དང་འཇར་དམག བཀོད་འདོམས་དམག་དཔོན།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཏུན་ཧོང་ཡིག་རྙིང་ནི་ཀྲུང་གོའི་ཀན་སུའུ་ཞིང་ཆེན་ཏུན་ཧོང་རྫོང་གི་མོ་ཀའོ་བྲག་ཕུག་ནས་ཐོན་པའི་དུས་རབས5-11བར་ཀྱི་ཡིག་རྙིང་སྟེ། སྤྱི་ལོ1900ལོར་བཙུན་པ་ཝང་ཡོན་ལུའུ་ཡིས་མོ་ཀའོ་བྲག་ཕུག་ཨང17པའི་ནང་ནས་གསར་དུ་རྙེད་པ་ཡིན། རྒྱ་ཡིག་གི་མིང་། 敦煌文书 ཁོངས་གཏོགས། གནའ་ཡིག་བྲིས་མ། དུས་སྐབས། དུས་རབས5-11བར། དཔེ་སྐྲུན་ཁང་། ཀན་སུའུ་ཞིང་ཆེན་ཏུན་ཧོང་རྫོང་མོ་ཀའོ་བྲག་ཕུག ངོ་སྤྲོད། ཏུན་ཧོང་ཡིག་རྙིང་ནི་ཀྲུང་གོའི་ཀན་སུའུ་ཞིང་ཆེན་ཏུན་ཧོང་རྫོང་གི་མོ་ཀའོ་བྲག་ཕུག་ནས་ཐོན་པའི་དུས་རབས5-11བར་ཀྱི་ཡིག་རྙིང་སྟེ། སྤྱི་ལོ1900ལོར་བཙུན་པ་ཝང་ཡོན་ལུའུ་ཡིས་མོ་ཀའོ་བྲག་ཕུག་ཨང17པའི་ནང་ནས་གསར་དུ་རྙེད་པ་ཡིན།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
དཔའ་མོ་བརྒྱད་ཆུར་ལྕེབས་པ་ཞེས་པ་ནི་སྤྱི་ལོ1938ལོའི་ཟླ10པའི་ཟླ་མཇུག་ཏུ་ཀྲུང་གོའི་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་བུད་མེད་རུ་ཁག་གི་བཀོད་འདོམས་པ་ལི་ཡོན་གྱིས་ཧུའུ་ཞིའུ་ཀྲེན་དང་དབྱང་ཀའེ་ཀྲིན། ཀའོ་ཀེ་ཆའེ། ཧང་ཀེ་ཆའེ། ཝང་ཧེ་མིན། ལིས་ཧྥུ་ཧྲེན། ཨན་ཧྲའོ་ཧྥུའུ་བཅས་ཀྱི་སྣེ་ཁྲིད་དེ་མཉམ་འབྲེལ་དམག་རུ་ཁག་ལྔ་པ་དང་མཉམ་དུ་ནུབ་ཕྱོགས་སུ་དཔུང་འཇུག་བྱས་ཅིང་མཇུག་མཐར་མེ་རྫས་རྫོགས་པས་རྐྱེན་གྱིས་ཝུའུ་སི་ཧོ་ཆུ་བོ་རུ་མཆོངས་ནས་ལྕེབས་པའི་ལོ་རྒྱུས་བརྗོད་པ་རེད།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
མའོ་ཀྲོའུ་རྒྱལ་ཁབ་ནི་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་བྱང་ཤར་དང་རུ་ཧོ་ནས་བཙུགས་པའི་འདྲ་གཟུགས་སྲིད་དབང་ཞིག་སྟེ། སྤྱི་ལོ1932ལོའི་ཟླ3ཚེས་ཉིན་ཆིང་རྒྱལ་རབས་ཀྱི་སྲིད་ཁྲི་ལས་དབྱུང་བའི་གོང་མ་ཕུའུ་དབྱི་གཞན་དབང་ཅན་གྱི་སྲིད་ཁྲིར་བཀོད་ནས་མན་ཀྲོའུ་རྒྱལ་ཁབ་དངོས་སུ་བཙུགས། སྲིད་ལོ་ལ་ཏཱ་ཐོ་ཟེར་ཞིང་། རྒྱལ་ས་ཁྲང་ཁྲོན་བྱས་ཏེ་མིང་ལ་ཅིན་གསར་མ་ཞེས་བཏགས། སྤྱི་ལོ1934ལོའི་ཟླ3པར་མན་ཀྲོའུ་རྒྱལ་ཁབ་ཞེས་པ་དེ་མན་ཀྲོའུ་བཙན་རྒྱལ་ཞེས་པར་བསྒྱུར་ཞིང་། ཕུའུ་དབྱི་ལ་གོང་མ་ཟེར། སྲིད་ལོ་ཁང་ཏི་ལ་བསྒྱུར།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ནན་ཅིན་དམར་གསོད་ཆེན་པོ་ནི་འཇར་འགོག་དམག་འཁྲུག་དུས་སྐབས་སུ་འཇར་པན་བཙན་འཛུལ་པས་ཀྲུང་གོ་མི་དམངས་དམར་གསོད་བྱས་པའི་རྩུབ་སྤྱོད་ཀྱི་གྲས་ཤིག་རེད། རྒྱ་ཡིག་གི་མིང་། 南京大屠杀 ཕྱི་ཡིག་གི་མིང་། Nanjing Massacre དུས་སྐབས། སྤྱི་ལོ1937ལོའི་ཟླ12བ། ཁོངས་གཏོགས། དམག་དོན། ས་གནས། ཀྲུང་གོའི་ནན་ཅིན། གནོད་འཚེ་ཕོག་མཁན། ཀྲུང་གོའི་དམངས་དམག་ཁྲི་སུམ་ཅུ་ལྷག ངོ་སྤྲོད། ནན་ཅིན་དམར་གསོད་ཆེན་པོ་ནི་འཇར་འགོག་དམག་འཁྲུག་དུས་སྐབས་སུ་འཇར་པན་བཙན་འཛུལ་པས་ཀྲུང་གོ་མི་དམངས་དམར་གསོད་བྱས་པའི་རྩུབ་སྤྱོད་ཀྱི་གྲས་ཤིག་རེད།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ལྔ་བའི་ཚེས་གཅིག་ཉིན་གཙང་འཕྱག་ལ་རྒོལ་བ་ནི་སྤྱི་ལོ1942ལོའི་ཟླ5ནས་ཟླ6པའི་བར་འཇར་འགོག་དམངས་གཙོའི་གནས་གཞིའི་ས་ཁུལ་གྱི་དམངས་དམག་གིས་འཇར་པན་གྱི་གཙང་འཕྱག་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་ཟེར། རྒྱ་ཡིག་གི་མིང་། 五一大扫荡 ཁོངས་གཏོགས། དམག་དོན། དུས་སྐབས། སྤྱི་ལོ1942ལོའི་ཟླ5བ། ས་གནས། ཧོ་པེ་དབུས་རྒྱུད་དམག་ཁུལ་ཁང་། ངོ་སྤྲོད། ལྔ་བའི་ཚེས་གཅིག་ཉིན་གཙང་འཕྱག་ལ་རྒོལ་བ་ནི་སྤྱི་ལོ1942ལོའི་ཟླ5ནས་ཟླ6པའི་བར་འཇར་འགོག་དམངས་གཙོའི་གནས་གཞིའི་ས་ཁུལ་གྱི་དམངས་དམག་གིས་འཇར་པན་གྱི་གཙང་འཕྱག་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་ཟེར།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
དམར་དམག་རྒྱང་སྐྱོད་ནི་སྤྱི་ལོ1934~1936ལོའི་བར་ཀྲུང་གོའི་བཟོ་ཞིང་དམར་དམག་འབྲི་ཆུའི་ལྷོ་བྱང་ས་ཁུལ་ནས་ཧྲན་ཀན་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་གནས་སྤོར་བ་དེ་ལ་ཟེར། ཝང་མིང་གི“གཡོན”ལྷུང་ཉེན་མཆོངས་རིང་ལུགས་ཀྱི་ནོར་འཁྲུལ་ལས་ཀྲུང་དབྱང་དམར་དམག་གིས་ཅང་ཅེ་ཧྲིའི“སྐོར་བཅོམ”ཐེངས་ལྔ་པ་ཕྱིར་བསྐྲོད་མ་ནུས་པ་མ་ཟད། དམར་དམག་ལ་རྡུང་རྡེག་ཆེན་པོ་ཕོག་པ་རེད། རྒྱ་ཡིག་གི་མིང་། 中国工农红军长征 ཕྱི་ཡིག་གི་མིང་། The Long March དུས་སྐབས། སྤྱི་ལོ1934ནས1936བར། ཁོངས་གཏོགས། དམག་དོན། འགོ་གཙོ། མའོ་ཙེ་ཏུང་། ཀྲུའུ་འུན་ལེ། ཀྲུའུ་ཏེ་སོགས། དགྲ་བོ། གོ་མིན་ཏང་ངོ་རྒོལ་རུ་ཁག
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཀྲུང་ཡོན་གཡུལ་འགྱེད་ནི་སྤྱི་ལོ1930ལོའི་ཟླ5ནས11བར་ཅང་ཅེ་ཧྲི་དང་ཡན་ཞི་ཧྲན། ཧྥུན་ཡུས་ཞང་། ལིས་ཙའོ་རུན་བཅས་ཀྱི་བར་དུ་བརྒྱབ་ཅིང་། ཀྲུང་གོའི་ཉེ་རབས་ལོ་རྒྱུས་སུ་གཞི་རྒྱ་ཆེས་ཆེ་བའི་དམག་ཤེད་ཅན་བར་གྱི་འཐབ་འཁྲུག་ཅིག་སྟེ“ཅང་ཡན་ཧྥུན་གཡུལ་འགྱེད་ཆེན་མོ”ཞེས་ཀྱང་ཟེར། རྒྱ་ཡིག་གི་མིང་། 中原大战 ཕྱི་ཡིག་གི་མིང་། Central Plains war ས་གནས། ཧུའུ་ནན། ཧྲན་ཏུང་། ཨེན་ཧོ། ཧུའུ་པེ་སོགས། དུས་སྐབས། སྤྱི་ལོ1930ལོ། བཀོད་འདོམས་དམག་དཔོན། ཅང་ཅེ་ཧྲི། ཡན་ཞི་ཧྲན། ཧྥིན་ཡུས་ཞང་། ལི་ཙུང་རེན།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ལུའུ་ཀོའུ་ཟམ་པའི་དུས་འགྱུར་ནི་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་བཙན་འཛུལ་དམག་འཁྲུག་རྒྱག་ཆེད་སྤྱི་ལོ1937ལོར་པེ་ཅིན་ལྷོ་ནུབ་གྱི་ཝན་ཕིང་རྫོང་ལུའུ་ཀོའུ་ཟམ་ཐོག་ནས་བཟོས་པའི་དམག་དོན་འགལ་བ་སྟེ། བདུན་བདུན་དུས་འགྱུར་ཀྱང་ཟེར། རྒྱ་ཡིག་གི་མིང་། 卢沟桥事变 ཁོངས་གཏོགས། དམག་དོན། བསྡུས་མིང་། བདུན་བདུན་དུས་འགྱུར། དུས་སྐབས། སྤྱི་ལོ1937ལོའི་ཟླ7པ། ས་གནས། པེ་ཕིན(དེང་གི་པེ་ཅིན) འཐབ་འཁྲུག་ཕྱོགས་ཁག ཀྲུང་གོ འཇར་པན། ངོ་སྤྲོད།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
འཇར་དམག་གིས་ནན་ཅིན་བཟུང་རྗེས་ཝུའུ་ཧན་ས་ཆ་ཀྲུང་གོའི་དམག་དོན་དང་ཆབ་སྲིད། དཔལ་འབྱོར་གྱི་ལྟེ་གནས་སུ་གྱུར་བས་དགྲ་བོས་ཚུར་རྒོལ་བྱེད་ས་གཙོ་བོར་གྱུར། ཝུའུ་ཧན་མཉམ་འཐབ་ནི་འཇར་འགོག་དམག་འཁྲུག་དུས་འགོར་ཀྲུང་གོས་དམག་ཤུགས་བཀོལ་བ་ཆེས་མང་ཞིང་། འཐབ་ཡུན་ཆེས་རིང་བའི་དམག་འཁྲུག་ཅིག་རེད། བསྡོམས་རྩིས་ལྟར་ན་དམག་མི་ཁྲི20ལྷག་བསད་རྨས་བྱུང་བ་རེད། རྒྱ་ཡིག་གི་མིང་། 武汉会战 ཁོངས་གཏོགས། དམག་དོན། ས་གནས། ཨན་ཧུའེ། ཧོ་ནན། ཅང་ཞི། ཧུའུ་པེ། དུས་སྐབས། སྤྱི་ལོ1938ལོ། བཀོད་འདོམས་དམག་དཔོན། ཅང་ཅེ་ཧྲི་དང་ཁྲེན་ཁྲེང་། ཀང་ཚུན་ཉིན་ཚི་དང་ཡུས་ཅུན་དྲུའུ། མཇུག་འབྲས།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
འཆར་གཞིའི་རྩ་གནད863ཞེས་པ་ནི་རྒྱལ་ཁབ་ཀྱི་ལག་རྩལ་མཐོ་གྲས་ཞིབ་འཇུག་དང་གོང་དུ་སྤེལ་བའི་འཆར་གཞི་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལག་རྩལ་མཐོ་གྲས་གོང་དུ་སྤེལ་བའི་འཆར་གཞི་ཞིག་ཡིན། འཆར་གཞི་འདི་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཚད་ཡོད་ཀྱི་ཁྱབ་ཁོངས་ཁ་ཤས་ཞིབ་འཇུག་དམིགས་ཡུལ་དུ་འཛིན་པའི་རྨང་གཞིའི་ཞིབ་འཇུག་གི་རྒྱལ་ཁབ་རང་བཞིན་གྱི་འཆར་གཞི་ཞིག་ཡིན། རྒྱ་ཡིག་གི་མིང་། 863计划纲要 ཁོངས་གཏོགས། ལག་རྩལ། འདོན་མཁན། ཝང་ཏཱ་ཡན། དུས་སྐབས།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
སྟག་མཆོངས་རུ་ཁག་གི་མིང་ཆ་ཚང་ལ“ཀྲུང་གོའི་མཁའ་དམག་ཨ་རིས་ཀྲུང་གོར་རོགས་སྐྱོར་བྱས་པའི་དང་བླངས་མཁའ་སྐྱོད་རུ་ཁག”ཟེར། དེ་ནི་ཨ་རིའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་དཔོན་ཁྲེན་ནཱ་ཏེས་བསྒྲིགས་པའི་ཀྲུང་གོར་རོགས་སྐྱོར་བྱེད་པའི་མཁའ་སྐྱོད་རུ་ཁག་རེད། རྒྱ་ཡིག་གི་མིང་། 飞虎队 ཁོངས་གཏོགས། དམག་དོན། དུས་སྐབས། སྤྱི་ལོ1942-1946བར། ས་གནས། ཀྲུང་གོའི་ཡུན་ནན། གསར་གཏོད་པ། ཁི་ལེར་·ལི་·ཁྲེན་ན་ཏེ་། དམིགས་ཡུལ། འཛམ་གླིང་དམག་ཆེན་གཉིས་པའི་ཀྲུང་གོས་འཇར་པན་ལ་འགོག་རྒོལ་བྱས་པ།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་ཆེན་པོ་གསུམ་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལས་རིགས་གསུམ་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་པ་རེད། རྒྱ་ཡིག་གི་མིང་། 社会主义三大改造 ཁོངས་གཏོགས། སྤྱི་ཚོགས་ལམ་ལུགས་བསྒྱུར་བཅོས། དུས་སྐབས། སྤྱི་ལོ1953-1956བར། གྲོས་འགོ་འདོན་མཁན། མའོ་ཙེ་ཏུང་། དམིགས་ཡུལ། ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཅེས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་འགོ་ཁྲིད་མཛད་དེ་ལོ་ངོ28ཙམ་ལ་འཐབ་རྩོད་བྱས་པར་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱི་དབང་སྒྱུར་གཏོར་ཏེ་མི་དམངས་དམངས་གཙོའི་དབང་སྒྱུར་གྱི་རྒྱལ་ཁབ་བཙུགས་པའི་རྟེན་འབྲེལ་ཞུ་ཆེད་སྤྱི་ལོ1949ལོའི་ཟླ10ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད3སྟེང་རྒྱལ་ས་པེ་ཅིན་གྱི་དམག་དམངས་ཁྲི30ཙམ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཚོགས་ནས་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་བསྡུས་པ་ལ་ཟེར།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ལྷོ་ནུབ་དཔུང་འཇུག་ནི་མི་དམངས་བཅིངས་འགྲོལ་དམག་གིས་ལྷོ་ནུབ་ས་ཁུལ་གྱི་སི་ཁྲོན་དང་ཡུན་ནན་སོགས་ཞིང་ཆེན་ལྔ་ལ་དཔུང་འཇུག་བྱས་པའི་དམག་འཁྲུག་ལ་ཟེར། རྒྱ་ཡིག་གི་མིང་། 挺进大西南 ཁོངས་གཏོགས། དམག་དོན། དུས་སྐབས། སྤྱི་ལོ1949ནས1950བར། བཀོད་འདོམས་དམག་དཔོན། ཏེང་ཞའོ་ཕིང་། ལིའུ་པའོ་ཁྲིན་སོགས། ངོ་སྤྲོད། ལྷོ་ནུབ་དཔུང་འཇུག་ནི་མི་དམངས་བཅིངས་འགྲོལ་དམག་གིས་ལྷོ་ནུབ་ས་ཁུལ་གྱི་སི་ཁྲོན་དང་ཡུན་ནན་སོགས་ཞིང་ཆེན་ལྔ་ལ་དཔུང་འཇུག་བྱས་པའི་དམག་འཁྲུག་ལ་ཟེར།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཧུའེ་ཧའེ་གཡུལ་འགྱེད་ནི་སྤྱི་ལོ1948ལོའི་ཟླ11ཚེས6ནས་སྤྱི་ལོ1949ལོའི་ཟླ1ཚེས10ཉིན་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཧྭ་ཏུང་ཀྲུང་ཡོན་དམག་དཔུང་དང་ས་གནས་དྲག་ཤུགས་ཀྱི་ལྟེ་གནས་ཞུས་ཀྲོའུ་དང་། ཤར་ནས་ཅང་སུའུ་ཧའེ་ཀྲོའུ། ནུབ་ནས་ཧོ་ནན་ཧྲང་ཆུའུ། བྱང་ནས་ཧྲན་ཏུང་ལའེ་ཁྲིན། ལྷོ་རུ་ཧུའེ་ཧའེ་ས་ཁུལ་སོགས་སུ་གོ་མིན་ཏང་གི་དམག་དང་འཐབ་ཇུས་རང་བཞིན་གྱིས་གཡུལ་འགྱེད་བྱས་པ་ལ་ཟེར། གོ་མིན་ཏང་ཕྱོགས་ཀྱིས་ཞུས་ཕང་དམག་འཁྲུག་ཟེར།
རིགས་དབྱེ། ལོ་རྒྱུས།• ཀྲུང་གོའི་ལོ་རྒྱུས།
ཀྲུང་གོའི་དེང་རབས་ལོ་རྒྱུས། བརྡ་འགྲེལ 344 ཡོད། |