རྒྱ་མཚོ་སེར་པོའི་གཡུལ་འགྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་མཚོ་སེར་པོའི་གཡུལ་འགྱེད།
རྒྱ་མཚོ་སེར་པོའི་གཡུལ་འགྱེད་ནི་ལི་ཧུང་ཀྲང་གིས་སྣེ་ཁྲིད་པའི་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་གི་སྐབས་སུ་གཡུལ་འགྱེད་ཆེན་པོ་བཞི་བྱས་པའི་ནང་གི་གཉིས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒྱ་མཚོ་སེར་པོའི་གཡུལ་འགྱེད།
རྒྱ་ཡིག་གི་མིང་།
黄海海战
ས་གནས།
རྒྱ་མཚོ་སེར་པོའི་ཤར་རྒྱུད་མངའ་ཁོངས།
དུས་ཚོད།
སྤྱི་ལོ1894
1 ངོ་སྤྲོད། 

ཕིང་རང་གཡུལ་འགྱེད་ཀྱི་རྗེས་སུ། པེ་དབྱང་དམག་གྲུ་རུ་ཁག་གིས་ཀོ་རོགས་དམག་དཔུང་ཞིག་ཏ་ཏུང་ཀོའུ་བར་དུ་བསྐྱལ་རྗེས་ཕྱིར་ལོག་ཁར་འཇའ་ཕན་གྱི་དམག་གྲུས་བཀག མཚོ་དམག་གི་དམག་འདྲེན་སྤྱི་དཔོན་ཏིང་རུའུ་ཁྲང་གིས་དགྲ་བོའི་གདོང་བསུ་བའི་བཀའ་གནང་། ཀྲི་ཡོན་རྟགས་ཅན་དང་ཅིན་ཡོན་རྟགས་ཅན་གྱི་གྲུ་དཔོན་ཏེང་ཧྲི་ཁྲང་དང་ལིན་ཡུན་ཧྲེང་། དེ་མིན་དམག་གྲུ་གཉི་ཀའི་སྟེང་གི་དཔོན་དམག་ཚང་མས་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱས་མཐར་དམག་གྲུ་དང་མཉམ་དུ་མཚོར་ནུབ། འཇའ་དམག་གི་གྲུ་གཟིངས་ལ་ཡང་གཏོར་སྐྱོན་ཆེན་པོ་ཐེབས། པེ་དབྱང་དམག་གྲུ་རུ་ཁག་ལ་གྱོང་གུད་ཚབས་ཆེན་ཐེབས་མོད། འོན་ཀྱང་གཙོ་ཤུགས་ད་རུང་ཟད་མེད་པས་མུ་མཐུད་དུ་གཡུལ་འགྱེད་བྱས་ཆོག ལི་ཧུང་ཀྲང་གིས་དངོས་ཤུགས་སྲུང་འཛིན་བྱེད་ཆེད། པེ་དབྱང་དམག་གྲུ་རུ་ཁག་ཝེ་ཧའེ་ཝེ་གྲུ་ཁར་ཡིབ་ནས་སྡོད་པ་ལས་མཚོ་སྐོར་དུ་ཕྱིན་ནས་དགྲ་བོར་རྒོལ་ལན་སྤྲད་མི་ཆོག་པའི་བཀའ་ཕབ། དེར་བརྟེན་འཇའ་ཕན་གྱིས་རྒྱ་མཚོ་སེར་བོའི་མཚོ་ཁོངས་ལ་ཁ་ལོ་བསྒྱུར་བའི་དབང་ཆ་བླངས་པ་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།