གསུམ་རྒོལ་དང༌ལྔ་རྒོལ་ལས་འགུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསུམ་རྒོལ་དང༌ལྔ་རྒོལ་ལས་འགུལ།
གསུམ་རྒོལ་ནི་ལྐོག་ཟ་ལ་ངོ་རྒོལ་དང༌། ཆུད་ཟོས་ལ་ངོ་རྒོལ། དཔོན་ངན་རིང་ལུགས་ལ་ངོ་རྒོལ་བཅས་ལ་ཟེར་ཞིང༌། ལྐོག་རྔན་སྤྲོད་ལེན་ལ་ངོ་རྒོལ་དང༌། ཁྲལ་རིགས་སྐུང་གཡོལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་འཁྱེར་ལ་ངོ་རྒོལ། རྒྱུ་ཆ་རྐུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་རྐུ་འཁྱེར་ལ་ངོ་རྒོལ་བཅས་ལྔ་རྒོལ་གྱི་ལས་འགུལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三反五反运动
དུས་ཚོད།
སྤྱི་ལོ 1951—སྤྱི་ལོ 1952ལོ་མཇུག་བར།
ལས་འགུལ་བྱ་ཡུལ།
སྲིད་དང་སྒེར་གཉེར་བཟོ་ཚོང་ལས་རིགས་ཅན།
དོན་སྙིང་།
འབྱོར་ལྡན་གྲལ་རིམ་གྱི་ངར་ཤུགས་ལ་འགོག་རྒོལ་བྱས་པ།
1 ངོ་སྤྲོད།

གསུམ་རྒོལ་ནི་ལྐོག་ཟ་ལ་ངོ་རྒོལ་དང༌། ཆུད་ཟོས་ལ་ངོ་རྒོལ། དཔོན་ངན་རིང་ལུགས་ལ་ངོ་རྒོལ་བཅས་ལ་ཟེར་ཞིང༌། སྤྱི་ལོ1951ལོའི་ཟླ12ནས་མགོ་བརྩམས་ཏེ། རུལ་སུངས་ཀྱི་ལས་བྱེད་མང་དག་ཅིག་ཁྲིམས་ཆད་ནན་མོ་བཅད། ལོ་རྗེས་མར། ལྐོག་རྔན་སྤྲོད་ལེན་ལ་ངོ་རྒོལ་དང༌། ཁྲལ་རིགས་སྐུང་གཡོལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་འཁྱེར་ལ་ངོ་རྒོལ། རྒྱུ་ཆ་རྐུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་རྐུ་འཁྱེར་ལ་ངོ་རྒོལ་བཅས་ལྔ་རྒོལ་གྱི་ལས་འགུལ་སྤེལ།

རྒྱལ་འཛུགས་སྐབས། མ་རྩ་ཅན་གྱིས་ཡོང་འབེབ་མོད་པོ་ལེན་ཆེད་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ་དེ་རེད། འབྱོར་ལྡན་གྲལ་རིམ་གྱི་རིལ་སུངས་དང་ཤུགས་རྐྱེན་འོག སྲིད་གཞུང་ལས་ཁོངས་ཀྱི་ལྐོག་རྔན་དང་ཆུད་ཟོས་གཏོང་བ། དཔོན་ངན་རིང་ལུགས་ཀྱི་སྣང་ཚུལ་ཇེ་ཐུར་སོང་བ་དང་། ལས་བྱེད་སྐོར་ཞིག་རུལ་སུངས་སུ་གྱུར་བ་རེད།

སྤྱི་ལོ1951ལོའི་ཟླ10ནས་མགོ་བརྩམས་ཏེ་ཐོན་སྤེལ་གྲོན་ཆུང་ལས་འགུལ་ཁྲོད།  ལྐོག་ཟ་ཆུད་ཟོས་ཀྱི་སྣང་ཚུལ་མང་པོ་ཞིག་ཐེར་འདོན་བྱས། ཀྲུང་གུང་ཀྲུང་དབྱང་གིས་ཟླ12པའི་ཚེས1ནས་ཟླ12ཚེས8བར་ལ་ཡིག་ཆ་གཙོ་བོ་ཁྱབ་བསྒྲགས་བྱས་པ་རེད། དེ་ནས་བཟུང་གསུམ་རྒོལ་ལས་འགུལ་རྒྱལ་ཡོངས་ནས་མགོ་བརྩམས་པ་རེད། ལས་འགུལ་དེའི་ཁྲོད་འབྱོར་ལྡན་གྲལ་རིམ་གྱི་ཁྲིམས་འགལ་ཅན་དང་རྒྱལ་ཁབ་ལས་ཁོངས་ཀྱི་ལྐོག་རྔན་ཅན་གཉིས་ཀྱིས་དམ་ཟབ་ངན་འབྲེལ་བྱས་ཏེ། ཉེས་གསོག་སྤྱོད་ངན་སྤེལ་བཞིན་པའི་གནས་ཚུལ་ཐེར་འདོན་བྱས་པ་རེད།

སྤྱི་ལོ1951ལོའི་ཟླ2པའི་ཟླ་སྟོད་ལ། ལྔ་རྒོལ་ལས་འགུལ་དེ་གྲོང་ཁྱེར་ཆེན་པོ་དག་ནས་སྤེལ་མགོ་བརྩམས་པ་དང་། མཐོ་རླབས་ཀྱི་རྣམ་པར་མྱུར་དུ་ཆགས་པ་རེད། སྤྱི་ལོ1952ལོའི་ཟླ3ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གིས་མ་རྩ་རིང་ལུགས་བཟོ་ཚོང་ཅན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་གཏན་ཕབ་བྱས་པ་རེད།

སྤྱི་ལོ1952ལོའི་ཟླ10ནང་། གསུམ་རྒོལ་ལྔ་རྒོལ་ལས་འགུལ་མཇུག་རྫོགས་པ་རེད། ལས་འགུལ་དེ་ལས་འབྱོར་ལྡན་གྲལ་རིམ་གྱི་ངར་ཤུགས་ལ་འགོག་རྒོལ་བྱས་པ་དང་། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་དེ་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་བཅོས་དང་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་མོ་བཏིང་བ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།