གཡུལ་འགྱེད་ཆེན་པོ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡུལ་འགྱེད་ཆེན་པོ་གསུམ།
གཡུལ་འགྱེད་ཆེན་པོ་གསུམ་ནི་སྤྱི་ལོ1948ལོའི་ཟླ9པ་ནས་སྤྱི་ལོ1949ལོའི་ཟླ1པོའི་བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་ཧྭ་མིན་གོའི་དམག་གིས་འཐབ་འཁྲུག་བྱས་པའི་ལིའོ་ཧྲེང་གཡུལ་འགྱེད་དང་། ཧུའེ་ཧའེ་གཡུལ་འགྱེད། ཕིང་ཅིན་གཡུལ་འགྱེད་བཅས་གཡུལ་འགྱེད་ཆེན་པོ་གསུམ་ལ་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཡུལ་འགྱེད་ཆེན་པོ་གསུམ།
རྒྱ་ཡིག་གི་མིང་།
三大战役
མགོ་ཁྲིད་གཙོ་བོ།
མའོ་ཙེ་ཏུང་། ཅང་ཅེ་ཧྲི།
དུས་ཚོད།
སྤྱི་ལོ1948ལོའི་ཟླ9པ་ཚེས12ནས་སྤྱི་ལོ1949ལོའི་ཟླ1པོའི་ཚེས31ཉིན་བར།
ས་གནས།
ཏུང་པའེ། ཧྭ་པའེ། ཧྭ་ཏུང་།
དགྲ་དམག
ཀྲུང་ཧྭ་མིན་གོའི་དམག་དཔུང་།
1 ལོ་རྒྱུས་རྒྱབ་ལྗོངས།

སྤྱི་ལོ1947ལོའི་ཟླ6པར། ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་གཉིས་ཀྱིས་ཧྲན་ཞི་དང་ཧའོ་པའེ། ཧྲན་ཏུང་། ཧུའུ་ནན་བཅས་ཀྱི་བཅིངས་འགྲོལ་དམག་གི་གཙོ་ཤུགས་དམག་དཔུང་ཁྲིད་ནས་རྨ་ཆུར་བརྒལ་ཅིང་། རི་བོ་ཏ་པའེ་ཧྲན་དུ་བསྐྱོད་དེ། འཐབ་ཇུས་ཐད་ཕར་རྒོལ་གྱི་སྦྱོར་བ་བཤམས།

སྤྱི་ལོ1948ལོའི་སྟོན་ཁར། དགྲ་དང་རང་རེའི་སྟོབས་ཤུགས་ཐད་འགྱུར་ལྡོག་ཆེན་པོ་བྱུང་། ཀྲུང་གུང་ཀྲུང་དབྱང་གིས་ཐག་གཅོད་རང་བཞིན་གྱི་དམག་འཐབ་བྱེད་པའི་དུས་སུ་སླེབས་བྱུང་སྙམ་ནས། གཅིག་རྗེས་གཉིས་མཐུད་དུ་ལིའོ་ཧྲེང་དང་། ཧུའེ་ཧའེ། ཕིང་ཅིན་བཅས་གཡུལ་འགྱེད་ཆེན་པོ་གསུམ་སྤེལ།

2 ལིའོ་ཧྲེང་གཡུལ་འགྱེད།

སྤྱི་ལོ1948ལོའི་ཟླ9པར། ལིའོ་ཧྲེང་གཡུལ་འགྱེད་ཀྱི་མགོ་བརྩམས། བྱང་ཤར་བཅིངས་འགྲོལ་དམག་གིས་ཐོག་མར་ཅིན་ཀྲོའུ་བླངས་ཏེ། བྱང་ཤར་གྱི་དགྲ་བོ་འགག་སྒོའི་ནང་ཕྱིར་འཐེན་པའི་འགྲོ་ལམ་བཅད་ཅིང་། སྐོར་སྐྱིལ་ཐེབས་པའི་ཁྲང་ཁྲུན་གྱི་སྲུང་དམག་ཁག་ཅིག་གིས་འོས་ལངས་བྱས་པ་དང་། ཁག་གཅིག་གིས་མགོ་བཏེགས་ཏེ་ཁྲང་ཁྲུན་ལ་བཅིངས་འགྲོལ་ཐོབ། ཟླ11པར། བཅིངས་འགྲོལ་དམག་གིས་རྒྱལ་ཁར་བསྟུན་ནས་ཧྲེང་དབྱང་བླངས་ཤིང་། བྱང་ཤར་གྱི་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བྱས།

3 ཧུའེ་ཧའེ་གཡུལ་འགྱེད།

ཞུས་ཀྲོའུ་ལྟེ་གནས་ཡིན་པའི་ཧོའེ་ཧའེ་གཡུལ་འགྱེད་ཀྱི་མགོ་བརྩམས། མི་དམངས་བཅིངས་འགྲོལ་དམག་གིས་ཐོག་མར་ཞུས་ཀྲོའུ་ཤར་ཕྱོགས་ཀྱི་ཉན་ཀྲོང་ས་ཁུལ་དུ་གོ་མིན་ཏང་གི་ཧོང་པའེ་ཐའོ་དཔུང་ཚོགས་ཀྱི་དམག་མི་ཆིག་འབུམ་ལྷག་ཚར་གཅོད་བྱས། ཅང་ཅེ་ཧྲིས་དམག་དཔུང་སྐོང་འཐེན་བྱས་ཏེ་ཞུས་ཀྲོའུ་ལ་དཔུང་རོགས་བྱས་མོད། མི་དམངས་བཅིངས་འགྲོལ་དམག་གིས་སུའོ་ཞན་རྫོང་གི་ལྷོ་ནུབ་ཏུ་དགྲ་སྡེ་དཔུང་རོགས་སུ་ཡོང་བའི་ཧོང་ཝེའི་དཔུང་ཚོགས་ཀྱི་དམག་མི་ཆིག་འབུམ་ལྷག་ཚར་བཅད། གོ་མིན་ཏང་གི“སྐོར་བཅོམ་དམག་སྤྱི་ཁང”གི་དམག་སྤྱི་གཞོན་པ་ཏུའུ་ཡིས་མིང་གིས་གནས་བབ་ལེགས་པོ་ཤོར་བ་མཐོང་རྗེས། ཞུས་ཀྲོའུ་བསྐྱུར་ཏེ་དམག་མི་སུམ་འབུམ་ལྷག་ཁྲིད་ནས་ལྷོ་ཕྱོགས་སུ་བྲོས། བཅིངས་འགྲོལ་དམག་གིས་མྱུར་དུ་བསྐོར་ཞིང་། སྤྱི་ལོ1949ལོའི་ཟླ1པོར་ཕྱོགས་ཀུན་ནས་དཔུང་གི་སྦྱོར་བ་བཤམས་ཏེ་དགྲ་སྡེ་ཡོངས་རྫོགས་ཚར་བཅད་ཅིང་། ཧོའེ་ཧའེ་གཡུལ་འགྱེད་རྒྱལ་ཁའི་ངང་མཇུག་སྒྲིལ།

4 ཕིང་ཅིན་གཡུལ་འགྱེད།

ལིའོ་ཧྲེང་གཡུལ་འགྱེད་མཇུག་བསྒྲིལ་རྗེས། བྱང་ཤར་བཅིངས་འགྲོལ་དམག་མགྱོགས་མྱུར་དུ་འགག་སྒོའི་ནང་ལོགས་སུ་ཡོང་སྟེ། ཧྭ་བྱང་བཅིངས་འགྲོལ་དམག་དང་མཉམ་དུ་ཕིང་ཅིན་གཡུལ་འགྱེད་བྱས། ཁོ་ཚོས་དགྲ་དམག་དེ་པའེ་ཕིང་དང་ཐེན་ཅིན། ཀྲང་ཅ་ཁོའུ་བཅས་སུ་དུམ་བུར་བཅད་ནས་བསྐོར་ཏེ། དགྲ་དམག་ནུབ་དང་ལྷོ་རུ་འབྲོ་སའི་ལམ་བཅད། བཅིངས་གྲོལ་དམག་གིས་ཀྲང་ཅ་ཁོའུ་དང་ཐེན་ཅིན་བླངས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་འབད་བརྩོན་བྱས་ཐོག སྤྱི་ཁྱབ་དམག་སྤྱི་ཧྥུ་ཙའོ་དབྱིའི་སྣེ་ཁྲིད་འོག་པའེ་ཕིང་གོ་མིན་ཏང་དམག་དཔུང་གིས་ཞི་བདེའི་ངང་བསྐྱར་སྒྲིག་བྱེད་པ་དང་ལེན་བྱས་པས། སྤྱི་ལོ1949ལོའི་ཟླ1པོར་པའེ་ཕིང་ཞི་བདེའི་ངང་བཅིངས་འགྲོལ་བྱས།

5 མཇུག་འབྲས།

གཡུལ་འགྱེད་ཆེན་པོ་གསུམ་གྱིས་བསྡོམས་པས་གོ་མིན་ཏང་དམག་དཔུང་གི་དམག་མི་ས་ཡ་གཅིག་དང་འབུམ་ལྔ་ལྷག་ཚར་གཅོད་དམ་བསྐྱར་སྒྲིག་བྱས་ཤིང་། དམག་འཁྲུག་གི་གཞི་ཁྱོན་དང་ཐོབ་འབྲས་ཐད་ནས་བལྟས་ན། ཀྲུང་གོའི་དམག་འཁྲུག་གི་ལོ་རྒྱུས་དང་ཐ་ན་འཛམ་གླིང་དམག་འཁྲུག་གི་ལོ་རྒྱུས་ཚང་མ་ལས་སྔར་བྱུང་མ་མྱོང་བ་ཞིག་ཡིན་ལ། གོ་མིན་ཏང་གི་གཙོ་ཤུགས་དམག་དཔུང་ཕལ་ཆེར་རྩ་མེད་དུ་བཏང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།