ན་གཞོན་གསར་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ན་གཞོན་གསར་པ།
དུས་རབས20པའི་ལོ་རབས20པར་ཀྲུང་གོ་ན་ཤུགས་རྐྱེན་ཆེས་ཆེ་བའི་གསར་བརྗེའི་དུས་དེབ་ཅིག་ཡིན་ལ། ཐོག་མའི་དེབ་མིང་ལ《ན་གཞོན་དུས་དེབ》ཟེར་བ་དང་། དེབ་གཉིས་པ་ནས་བཟུང《ན་གཞོན་གསར་པ》ཞེས་པར་བསྒྱུར་ནས་དེས་ལྔ་བཞིའི་ལས་འགུལ་ལ་བྱེད་ནུས་གལ་ཆེན་ཐོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《新青年》
ཕྱི་ཡིག་གི་མིང་།
LA  JEUNESSE
དཔར་སྐྲུན་དུས་ཚོད།
སྤྱི་ལོ1915ལོའི་ཟླ9པའི་ཚེས15ཉིན།
རྩོམ་སྒྲིག་ལས་ཁུངས།
པེ་ཅིང་སློབ་ཆེན《ན་གཞོན་གསར་པ》རྩོམ་སྒྲིག་ཁང་།
རྩོམ་སྒྲིག་པ།
ཁྲིན་ཏུའུ་ཞིའུ།
1 ངོ་སྤྲོད།

ན་གཞོན་གསར་པ་ནི་དུས་རབས20པའི་ལོ་རབས20པར་ཀྲུང་གོ་ན་ཤུགས་རྐྱེན་ཆེས་ཆེ་བའི་གསར་བརྗེའི་དུས་དེབ་ཅིག་ཡིན་ལ། ཐོག་མའི་དེབ་མིང་ལ《ན་གཞོན་དུས་དེབ》ཟེར་བ་དང་། དེབ་གཉིས་པ་ནས་བཟུང《ན་གཞོན་གསར་པ》ཞེས་པར་བསྒྱུར་ནས་དེས་ལྔ་བཞིའི་ལས་འགུལ་ལ་བྱེད་ནུས་གལ་ཆེན་ཐོན།

སྤྱི་ལོ1911ལོར། ལྕགས་ཕག་ལོའི་གསར་བརྗེ་ལངས་ཏེ་ཆིང་རྒྱལ་རབས་ཀྱི་བཀོས་བཀོད་རྒྱུད་འཛིན་དབང་སྒྱུར་མགོ་རྟིང་བསློགས་པས། དམངས་གཙོ་དང་རང་དབང་། འདྲ་མཉམ། ཀུན་བྱམས་སོགས་ཀྱི་བསམ་བློ་སྔར་བས་ཁྱབ་སྤེལ་བྱུང་། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ། ཀྲུང་གོའི་རྩ་རིང་ལུགས་ལ་སྔར་ལས་ལྷག་པར་འཕེལ་རྒྱས་བྱུང་སྟེ། འབྱོར་ལྡན་གྲལ་རིམ་གྱིས་བཀོས་བཀོད་རྒྱུད་འཛིན་གྱི་བསམ་བློའི་འཆིང་རྒྱ་གཏོར་ནས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་པའི་རེ་འདུན་དྲག་པོ་བཏོན་མོད། འོན་ཀྱང་ཙུང་ཐུང་ཆེན་པོའི་གོ་གནས་གཡོ་ལེན་བྱས་པའི་ཡོན་ཧྲི་ཁའེ་ཡིས་གོང་མའི་ལམ་ལུགས་བསྐྱར་གསོ་བྱེད་པའི་རེ་ངན་བཅངས། ཁོས་གནས་སྐབས་སྡོམ་ཁྲིམས་དོར་ནས་སྒེར་གཅོད་དབང་སྒྱུར་ལག་བསྟར་བྱས་པ་མ་ཟད། ད་དུང་བསམ་བློའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ཁུང་བཀུར་གནའ་གསོ་བྱེད་པའི་ལོག་སྤྱོད་རླབས་རྒྱུན་ཞིག་བསླངས། ཁྲིན་ཏུའུ་ཞིའུ་མཚོན་བྱེད་ཡིན་པའི་ཀྲུང་གོའི་སྔོན་ཐོན་མི་སྣས་སྤོབས་པ་ཆེར་སྐྱེད་ཀྱིས་རྒོལ་ལན་བསློགས་ཏེ་རྩ་བ་ནས་འཇིག་ཉེན་ལས་སྐྱོབ་པའི་རེ་བ་བཅངས་ཤིང་། རིག་གནས་གསར་བའི་ལས་འགུལ་དུས་ཐོག་ཏུ་བྱུང་ངོ་། །

སྤྱི་ལོ1915ལོར། ཁྲིན་ཏུའུ་ཞིའུ་ཡིས་ཧྲང་ཧའེ་རུ《ན་གཞོན་དུས་དེབ》གསར་དུ་བསྒྲིགས་པར་མ་ཟད། དེབ་དང་པོའི་སྟེང《ན་གཞོན་རྣམས་ལ་གུས་པས་ཞུ་བ》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས་དམངས་གཙོ་དང་ཚན་རིག་འདོན་སྤེལ་བྱས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་རིག་གནས་ལ་ངོ་རྒོལ་བྱས་ཏེ་རིག་གནས་གསར་པའི་ལས་འགུལ་གྱི་མགོ་བརྩམས། 《ན་གཞོན་དུས་དེབ》དེ་དེབ་གཉིས་པ་ནས་བཟུང《ན་གཞོན་གསར་པ》ཞེས་པར་བསྒྱུར། སྤྱི་ལོ1917ལོར། སྐད་གྲགས་ཆེ་བའི་སློབ་གསོ་པ་ཚའེ་ཡོན་ཕེ་ཡིས་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་གཙོའི་འགན་ཁུར། ཁོས་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་བྱས་ཤིང་བསམ་བློ་རང་དབང་དང་མ་ལུས་ཀུན་འདུས་ཀྱི་སློབ་སྒྲུབ་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རིག་གནས་གསར་པའི་ལས་འགུལ་གོང་དུ་འཕེལ་བར་སྐུལ་འདེད་བྱས། ཁྲིན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ། ཧུའུ་ཧྲི། ལུའུ་ཞུན་སོགས་བསམ་བློ་གསར་པ་ལྡན་པའི་མཁས་དབང་སྐོར་ཞིག་གཅིག་རྗེས་གཉིས་མཐུད་དུ་པེ་ཅིང་སློབ་གྲྭ་ཆེན་མོར་ཡོང་ནས་སློབ་ཁྲིད་བྱས་པས། པེ་ཅིན་སློབ་གྲྭ་ཆེན་མོའི་རིག་གཞུང་བསམ་བློར་སྔ་ན་མེད་པའི་དར་རྒྱས་བྱུང་། དུས་མཚུངས་སུ《ན་གཞོན་གསར་པ》འི་རྩོམ་སྒྲིག་ཁང་ཡང་པེ་ཅིང་དུ་སྤར་ཅིང་། ལི་ཏ་ཀྲའོ་དང་ཧུའུ་ཧྲི། ལུའུ་ཞུན་སོགས་ནི《ན་གཞོན་གསར་པ》འི་རྩོམ་སྒྲིག་པ་དང་རྩོམ་འབྲི་མཁན་གཙོ་བོར་གྱུར། དེ་ལྟར《ན་གཞོན་གསར་པ》ནི་རིག་གནས་གསར་པའི་ལས་འགུལ་གྱི་གཡུལ་ས་གཙོ་བོ་དང་། པེ་ཅིང་སློབ་གྲྭ་ཆེན་མོ་ནི་རིག་གནས་གསར་པའི་ལས་འགུལ་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོར་གྱུར་ཏོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།