དམངས་གསུམ་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་གསུམ་རིང་ལུགས།
སྤྱི་ལོ1905ལོར། སུན་ཀྲུང་ཧྲན་གྱིས་ཧོང་ཞིན་དང་སུང་ཅའོ་རེན་སོགས་དང་ལྷན་དུ་འཇར་ཕན་ཏུང་ཅིན་ནས་ཀྲུང་གོའི་མནའ་མཐུན་ཚོགས་པ་བཙུགས། 《ཀྲུང་གོའི་མནའ་མཐུན་ཚོགས་པའི་སྤྱིའི་སྒྲིག་ཡིག》ཏུ། སུན་ཀྲུང་ཧྲན་གྱིས་མཉྫུ་མཐར་སྐྲོད་དང་། ཀྲུང་ཧྭ་སླར་གསོ། མིན་གོ་གསར་འཛུགས། ས་དབང་ཆ་སྙོམས་བཅས་བྱེད་པའི་མནའ་མཐུན་ཚོགས་པའི་རྩ་འཛིན་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三民主义
ཕྱི་ཡིག་གི་མིང་།
Three Principles of the People
འགོ་ཁྲིད་པ།
སུན་ཀྲུང་ཧྲན།
དུས་ཚོད།
སྤྱི་ལོ1906ལོའི་ཟླ12པའི་ཚེས2ཉིན།
སྲོག་ཤིང་།
མི་རིགས། དམངས་དབང་། དམངས་འཚོ།
1 ངོ་སྤྲོད།

ཉལ་ཐའི་དམག་འཁྲུག་གི་རྗེས་སུ། མི་རིགས་ཉམས་ཉེན་རྒྱུན་ཆད་མེད་པར་ཚབས་ཇེ་ཆེར་གྱུར། སྔོན་ཐོན་ཅན་གྱི་ཀྲུང་གོ་པ་མང་པོས་རྒྱལ་ཁབ་སྐྱོབ་པའི་འདོད་བློ་མི་འདྲ་བ་བཏོན་པ་དང་། དེ་དག་ཚང་མས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་སྲུང་སྐྱོབ་བྱེད་པའམ་ཡང་ན་གཞི་རྩའི་སྟེང་སྲུང་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལེགས་བཅོས་འདྲ་མིན་སྣ་ཚོགས་བརྒྱུད་དེ་ཀྲུང་གོ་འདི་ཉིད་སྟོབས་ལྡན་རྒྱལ་ཁབ་དག་གི་བཙན་འཛུལ་དང་ཉེན་ཁ་ལས་ཐར་དུ་འཇུག་འདོད་མོད། ཡ་ང་བའི་དངོས་ཡོད་སྤྱི་ཚོགས་ཀྱི་མདུན་དུ་ཇུས་གཞི་དེ་དག་ལ་བར་ཆད་ཡང་ཡང་ཐེབས། དུས་རབས19པའི་དུས་མཇུག་ཏུ། ཀྲུང་གོ་སིལ་བུར་བགོ་བའི་ཉེན་ཁའི་མདུན་དུ། སུན་ཀྲུང་ཧྲན་མཚོན་བྱེད་ཡིན་པའི་འབྱོར་གྲལ་རིམ་གསར་བརྗེའི་ཕྱོགས་ཁག་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད། སྤྱི་ལོ1895ལོར། སུན་ཀྲུང་ཧྲན་གྱིས་ཀོང་ཀྲོའུ་རུ་འོས་ལངས་བྱས། འོས་ལངས་ཕམ་རྗེས་སུན་ཀྲུང་ཧྲན་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཀྲམ་པས། ཕྱི་རྒྱལ་དུ་ཡུལ་གྱར་མི་བྱེད་ཐབས་མེད་བྱུང་། དབྱིན་ཇི་རུ་ཁོས་ཕྱོགས་གཅིག་ནས་ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་གཞུང་ལུགས་བསླབས་པ་དང་། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཆབ་སྲིད་ལ་རྟོག་ཞིབ་བྱས་ཏེ་དམངས་གཙོའི་གསར་བརྗེའི་བསམ་བློ་ཆེས་ཆེར་རྒྱས། སྤྱི་ལོ1905ལོར། སུན་ཀྲུང་ཧྲན་གྱིས་ཧོང་ཞིན་དང་སུང་ཅའོ་རེན་སོགས་དང་ལྷན་དུ་འཇར་ཕན་ཏུང་ཅིན་ནས་ཀྲུང་གོའི་མནའ་མཐུན་ཚོགས་པ་བཙུགས། 《ཀྲུང་གོའི་མནའ་མཐུན་ཚོགས་པའི་སྤྱིའི་སྒྲིག་ཡིག》ཏུ་སུན་ཀྲུང་ཧྲན་གྱིས་མཉྫུ་མཐར་སྐྲོད་དང་། ཀྲུང་ཧྭ་སླར་གསོ། མིན་གོ་གསར་འཛུགས། ས་དབང་ཆ་སྙོམས་བཅས་བྱེད་པའི་མནའ་མཐུན་ཚོགས་པའི་རྩ་འཛིན་བཏོན། མ་འགྱངས་པར། ཁོས་ཡང《མི་སེར་ཚགས་པར་གསར་བཏོན་གྱི་གཏམ》ཞེས་པའི་སྟེང་རྩ་འཛིན་དེ་ནི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་འཛུགས་པ་དམིགས་འབེན་ཡིན་པའི་མི་རིགས་དང་དམངས་དབང་། དམངས་འཚོ་བཅས་རིང་ལུགས་ཆེན་པོ་གསུམ་དུ་རྒྱས་བཤད་བྱས་ཏེ། གསར་བརྗེའི་བསམ་བློའི་མཛུབ་སྟོན་བྱས། མི་རིགས་རིང་ལུགས་ཏེ་མཉྫུ་མཐར་སྐྲོད་དང་ཀྲུང་ཧྭ་སླར་གསོ་ཞེས་པ་ནི་གསར་བརྗེའི་ཐབས་ཤེས་སྤྱད་དེ་བཙན་རྒྱལ་རིང་ལུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་པའི་ཆིང་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་མགོ་རྟིང་བསློག་པ་དང་། དམངས་དབང་རིང་ལུགས་ཞེས་པ་ནི་མིན་གོ་འཛུགས་པ་ལ་སྟོན་པ་སྟེ། ཆབ་སྲིད་གསར་བརྗེ་བརྒྱུད་ནས་བཀས་བཀོད་རྒྱུད་འཛིན་གྱི་གོང་མའི་ལམ་ལུགས་མགོ་རྟིང་བསློགས་ཏེ། འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་འཛུགས་པ་དེ་ཡིན། དམངས་འཚོ་རིང་ལུགས་ཏེ་ས་དབང་ཆ་སྙོམས་ཞེས་པ་ནི་ས་རིན་ཞིབ་བཤེར་གཏན་འབེབས་བྱས་ཏེ། ད་ཡོད་ས་རིན་བདག་པོ་ལ་དབང་བར་བྱེད་པ་དང་། གསར་བརྗེའི་རྗེས་སུ་སྤྱི་ཚོགས་ཡར་རྒྱས་བྱུང་བ་ལས་འཕར་བའི་ས་རིན་རྒྱལ་ཁབ་ལ་དབང་ཞིང་། རྒྱལ་དམངས་ཡོངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པའི་འདོད་བློ་བཏོན་པ་དེ་ཡིན། དམངས་གསུམ་རིང་ལུགས་ནི་སུན་ཀྲུང་ཧྲན་ལ་ཨ་རིའི་ལིན་ཁོན་གྱི་དམངས་ལ་དབང་བ་དང་། དམངས་ཀྱིས་སྐྱོང་བ། དམངས་ཀྱིས་སྤྱོད་པ་བཅས་ཀྱི་བསམ་བློའི་བསྐྱེད་ཐེབས་པ་དང་། ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་འཚོ་བ། སྤྱི་ཚོགས་ཀྱི་ད་ཡོད་གནས་ཚུལ་བཅས་ལ་དངོས་སུ་རྟོག་ཞིབ་བྱས་རྗེས་བཏོན་པའི་དམངས་གཙོ་གསར་བརྗེའི་རྩ་འཛིན་ཡིན། སྐབས་དེའི་དམངས་གསུམ་རིང་ལུགས་ལ་དུས་རབས་ཀྱི་བཀག་རྒྱ་དང་གྲལ་རིམ་གྱི་བཀག་རྒྱ་མངོན་གསལ་མཆིས་ནའང་། འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་དང་དཔལ་འབྱོར་ཕྱོགས་ཀྱི་ཁེ་ཕན་དང་རེ་འདུན་མཚོན་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་མི་རིགས་སྒེར་ཚུགས་དང་དམངས་གཙོའི་ཁེ་དབང་མངོན་འགྱུར་བྱེད་པའི་འདུན་མ་མཚོན་ཡོད་པས། ལྕགས་ཕག་ལོའི་གསར་བརྗེའི་གཞུང་ལུགས་ཀྱི་མཛུབ་སྟོན་གལ་ཆེན་ཞིག་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།