བཟོ་ཞིང་གི་དྲག་པོའི་འོས་ལངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་ཞིང་གི་དྲག་པོའི་འོས་ལངས།
སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན། ཀྲོའུ་ཨེན་ལའེ་དང་ཧོ་ལུང་། ཡེ་ཐིང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་ཀྱིས་གསར་བརྗེའི་དམག་དཔུང་ལ་སྣེ་ཁྲིད་དེ་ནན་ཁྲང་ནས་འོས་ལངས་བྱས་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工农武装割据
འགོ་ཁྲིད་པ།
མའོ་ཙེ་ཏུང་།
ལྟེ་བའི་ནང་དོན།
ས་ཞིང་གསར་བརྗེ།
1 ​ངོ་སྤྲོད།

གསར་བརྗེ་ཆེན་པོར་ཕམ་ཉེས་ཐེབས་པའི་ཡིད་སྐྱོ་བའི་བསླབ་བྱ་ལས། ཀྲུང་གོ་གུང་ཁྲན་ཏང་གིས་དྲག་པོའི་སྟོབས་ཤུགས་འཛིན་དགོས་པའི་གལ་ཆེན་རང་བཞིན་ཐོག་མར་ངོས་ཟིན། གསར་བརྗེ་མྱུར་སྐྱོབ་བྱེད་པའི་ཆེད་དུ། ཀྲུང་གོ་གུང་ཁྲན་ཏང་གིས་དྲག་པོའི་འོས་ལངས་བཀོལ་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གི་དམར་གསོད་སྲིད་ཇུས་ལ་རྒོལ་ལན་སྤྲོད་རྒྱུ་ཐག་བཅད། སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན། ཀྲོའུ་ཨེན་ལའེ་དང་ཧོ་ལུང་། ཡེ་ཐིང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་ཀྱིས་གསར་བརྗེའི་དམག་དཔུང་ལ་སྣེ་ཁྲིད་དེ་ནན་ཁྲང་ནས་འོས་ལངས་བྱས། ཅུང་མ་འགོར་བར། གསར་བརྗེའི་དམག་དཔུང་དེ་ལྷོ་ཕྱོགས་ཀྱི་ཀོང་ཏུང་དུ་བསྐྱོད་སྐབས། ལམ་ནས་དགྲ་བོས་བསྐོར་རྡུང་ཐེབས་ཏེ་ཕམ་ཉེས་ཚབས་ཆེན་རེག ཀྲུའུ་ཏེ་དང་ཁྲེན་དབྱི་གཉིས་ཀྱིས་གསར་བརྗེའི་དམག་དཔུང་ཁག་ཅིག་ཁྲིད་དེ། ཧུའུ་ནན་གྱི་ལྷོ་ཕྱོགས་སུ་བསྐོར་འཐབ་བྱས་ཏེ་འཐབ་རྩོད་རྒྱུན་འཁྱོངས་བྱས་པ་དང་། ཁག་གཞན་པ་དེ་ཧེ་ལུའུ་ཧྥུན་དུ་བསྐྱོད་ནས་ས་དེ་གའི་ཞིང་པའི་དམག་དཔུང་དང་གཅིག་ཏུ་བསྒྲིལ། ནན་ཁྲང་འོས་ལངས་ཀྱིས་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་ལ་ངོ་རྒོལ་བྱེད་པའི་མེ་མདའ་ཐེངས་དང་པོ་བརྒྱབ་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་མི་དམངས་ཀྱི་དམག་དཔུང་དེ་ནན་ཁྲང་འོས་ལངས་ཁྲོད་དབུ་བརྙེས།

ཟླ8པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཧན་ཁོའུ་རུ་གསང་བའི་སྒོ་ནས་ཚོགས་འདུ་བསྡུས་པ་དེ་ནི་བརྒྱད་བདུན་གྲོས་ཚོགས་ཡིན། ཆུས་ཆིའུ་པའེ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་ཚོགས་ཐོག་ནས《ཏང་གི་འོས་འགན་དང་བྱ་བའི་བྱེད་ཕྱོགས་ཀྱི་གནད་དོན་སྐོར་གྱི་སྙན་ཞུ》ཕུལ། ཚོགས་འདུ་ལས་ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་མགོ་འདོགས་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ས་ཞིང་གསར་བརྗེ་དང་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་སྤྱིའི་བྱེད་ཕྱོགས་གཏན་ཁེལ་བྱས་ཤིང་། སྟོན་སྡུད་སྐབས་སུ་འོས་ལངས་བྱེད་རྒྱུ་ཐག་བཅད། ཚོགས་ཐོག་ཏུ་མའོ་ཙེ་ཏུང་གིས་སྲིད་དབང་ནི་མེ་མདའི་ཁ་ནས་ཐོན་པའི་བཞེད་དགོངས་བཏོན། བརྒྱད་བདུན་གྲོས་ཚོགས་ཀྱིས་བསམ་བློ་རྙོག་འཛིང་ཆེ་ཞིང་རྩ་འཛུགས་ལྷོད་གཡེང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་ལ་མདུན་ལམ་གསར་བ་བསྟན་ནས། ཏང་དང་གསར་བརྗེ་སྐྱོབ་པར་མཛད་རྗེས་ཆེན་པོ་བཞག  གྲོས་ཚོགས་ཀྱི་རྗེས་སུ། མའོ་ཙེ་ཏུང་ཕྱིར་ཧུའུ་ནན་དུ་ཕེབས་ཏེ། བཟོ་ཞིང་དྲག་ཤུགས་རྩ་འཛུགས་གནང་ནས། ཧུའུ་ནན་དང་ཅང་ཞིའི་མཐའ་མཚམས་ནས་སྟོད་སྡུད་འོས་ལངས་ལ་མགོ་ཁྲིད་མཛད་པ་དང་། མངོན་གསལ་དུ་བཟོ་ཞིང་དམག་དཔུང་གི་དར་ཆ་བསྒྲེངས། འོས་ལངསདམག་དཔུང་གིས་ལམ་ཁག་གསུམ་དུ་བགོས་ནས་ཁྲང་ཧྲར་དཔུང་འཇུག་བྱས། དགྲ་བོའི་སྟོབས་ཤུགས་ཆེ་བའི་དབང་གིས། འོས་ལངས་དམག་ལ་གྱོང་གུན་ཚབས་ཆེན་ཐེབས། མའོ་ཙེ་ཏུང་གིས་ལམ་ཁག་སོ་སོའི་འོས་ལངས་དམག་ཝུན་ཅ་གྲོང་ཁྱེར་དུ་ཕྱིར་འཐེན་པའི་བཀའ་བསྩལ་བ་དང་། ཁོང་གིས་དགྲ་བོའི་སྟོབས་ཤུགས་ཆེ་ཞིང་རང་གི་སྟོབས་ཤུགས་ཞན་པའི་གནས་བབ་ལ་དབྱེ་ཞིབ་གནང་སྟེ་ཁྲང་ཧྲ་ལེན་པའི་འཆར་གཞི་དོར་ནས། དགྲ་བོའི་དབང་སྒྱུར་སྟོབས་ཤུགས་ཞན་པའི་རི་ཁུལ་དུ་དཔུང་སྐྱོད་བྱེད་རྒྱུ་ཐག་བཅད། དཔུང་སྐྱོད་བྱེད་པའི་ལམ་ནས་ཁོང་གིས་སྐད་གྲགས་ཅན་གྱི་སན་ཝན་ལེགས་སྒྲིག་སྤེལ་ཏེ། ཏང་གི་དམག་དཔུང་ལ་རྩ་བ་ནས་མགོ་ཁྲིད་བྱེད་པ་གཏན་འབེབས་མཛད།

སྤྱི་ལོ1927ལོའི་མཇུག་ཏུ། ཀྲུང་གུང་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་ཀྲང་ཐའེ་ལེ་དང་ཡེ་ཐིང་། ཡེ་ཅན་ཡིང་སོགས་ཀྱིས་ཀོང་ཀྲོའུ་འོས་ལངས་བསླངས་ཏེ། ཀོང་ཀྲོའུ་སུའུ་ཝེ་ཨེད་སྲིད་གཞུང་བཙུགས། བཙན་རྒྱལ་རིང་ལུགས་ཀྱིས་ཡུའེ་ཤོག་དམག་ཤེད་ཅན་ལ་རྒྱབ་སྐྱོར་བྱས་ནས་སྨྱོ་ཧམ་ཆེན་པོའི་ཚུར་རྒོལ་བྱས་མཐར། འོས་ལངས་དམག་གིས་ཉུང་བས་མང་བ་མ་ཐུབ་པར་ཕམ་ཉེས་བྱུང་། ཀྲང་ཐའེ་ལེ་དང་གསར་བརྗེ་བ་མི་སྟོང་ཕྲག་ཁ་ཤས་ཀྱིས་བརྗིད་ཉམས་ངང་རང་སྲོག་བློས་བཏང་། ནན་ཁྲང་འོས་ལངས་དང་སྟོན་སྡུད་འོས་ལངས། ཀོང་ཀྲོའུ་འོས་ལངས་སོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་སྒོས་དྲག་པོའི་འཐབ་རྩོད་ལ་མགོ་ཁྲིད་བྱས་ཏེ་སྲིད་དབང་འཕྲོག་པའི་རྣམ་པ་གསར་བ་བསྐྲུན་པ་དང་། ཀྲུང་གོའི་གསར་བརྗེའི་ཆེད་མི་དམངས་དམག་དཔུང་གསར་འཛུགས་དང་། གྲོང་ཁྱེར་ནས་གྲོང་གསེབ་ཏུ་སྤོས་ཏེ། གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་འཛུགས་མགོ་ཚུགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།