ཀུན་སྤྱོད་དག་ཐེར་ལས་འགུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུན་སྤྱོད་དག་ཐེར་ལས་འགུལ།
ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་ལ་སྤེལ་བའི་མར་ཁེ་སི་ལེ་ཉིང་རིང་ལུགས་གྱི་སློབ་གསོ་ལས་འགུལ་ཞིག་ཡིན། དེ་སྔ་སྤྱི་ལོ1942ལོ་དང་སྤྱི་ལོ1950ལོ། སྤྱི་ལོ1957ལོ་སོགས་ཐེངས་གསུམ་ལ་སྤེལ་མྱོང་བ་རེད། དེ་ནང་སྤྱི་ལོ1942ལོའི་ཡན་ཨན་དག་ཐེར་ལས་འགུལ་ལ་སྐད་གྲགས་ཆེ། དེ་བས་དག་ཐེར་ལས་འགུལ་དེ་གཙོ་བོར་ཡན་ཨན་དག་ཐེར་ལས་འགུལ་ལ་གོ
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
整风运动
ཕྱི་ཡིག་གི་མིང་།
The rectification movement
དུས་སྐབས།
འཇར་འགོག་དུས་སྐབས།
1 ངོ་སྤྲོད།

ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་ལ་སྤེལ་བའི་མར་ཁེ་སི་ལེ་ཉིང་རིང་ལུགས་གྱི་སློབ་གསོ་ལས་འགུལ་ཞིག་ཡིན། དེ་སྔ་སྤྱི་ལོ1942ལོ་དང་སྤྱི་ལོ1950ལོ། སྤྱི་ལོ1957ལོ་སོགས་ཐེངས་གསུམ་ལ་སྤེལ་མྱོང་བ་རེད། དེའི་ནང་སྤྱི་ལོ1942ལོའི་ཡན་ཨན་དག་ཐེར་ལས་འགུལ་ལ་སྐད་གྲགས་ཆེ། དེ་བས་དག་ཐེར་ལས་འགུལ་དེ་གཙོ་བོར་ཡན་ཨན་དག་ཐེར་ལས་འགུལ་ལ་གོ

2 བྱུང་རྐྱེན།

སྤྱི་ལོ1935ལོའི་ཙུན་དབྱིའི་གྲོས་ཚོགས་ཀྱི་རྗེས། མའོ་ཙེ་ཏུང་སོགས་ཀྱིས་འབད་པ་བྱས་པ་ལས་ཀྲུང་གུང་ཀྲུང་དབྱང་གིས་ཝང་མིང་གི་གཡོན་ལྷུང་གོ་སྐབས་རིང་ལུགས་ནོར་འཆུགས་ཡིན་པ་དག་ཐེར་བྱས་པ་དང་། ཡང་དག་པའི་ལམ་ཕྱོགས་གཏན་འབེབས་བྱས་པ་རེད།

འཇར་འགོག་དམག་འཁྲུག་གི་དུས་འགོར། ཀྲུང་གོ་གུང་ཁྲན་ཏང་འཕེལ་རྒྱས་ཕྱིན་ཏེ་རྒྱལ་ཡོངས་རང་བཞིན་དུ་གྱུར་ཡོད། བསམ་བློ་དང་ཆབ་སྲིད། རྩ་འཛུགས་ཐད་ནས་སྲ་བརྟན་ཏུ་གྱུར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན། སྐབས་དེའི་ཏང་ནང་གི་གནད་དོན་གཙོ་བོ་ནི་གཡོན་ལྷུང་གི་གོ་སྐབས་རིང་ལུགས་ཀྱིས་ཡུན་རིང་ལ་སྲིད་དབང་བསྒྱུར་བའི་ཐ་ཤུལ་གྱི་ཤན་ཤུགས་ངན་པ་དང་དབྱེ་མཚམས་དགར་མེད་པ་དེ་རེད། རང་ཤེད་རིང་ལུགས་དང་ཕྱོགས་རིས་རིང་ལུགས། ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་རྒྱུན་འབྱམས་སུ་གནས་པ་དང་། ཏང་ཡོན་གསར་བས་མར་ཁེ་སི་རིང་ལུགས་མ་ཡིན་པའི་བསམ་བློའི་སྤྱོད་ཚུལ་འཁྱེར་ཡོང་བ་དང་། གནད་དོན་དེ་དག་གིས་ཏང་ནང་དུ་གོ་གནས་གལ་ཆེན་ཟིན་མེད་མོད། འོན་ཀྱང་ཏང་གི་ཡང་དག་པའི་ལམ་ཕྱོགས་ལག་བསྟར་བྱེད་པར་བཀག་རྒྱ་བཟོ་བ་དང་། ཏང་ཡོངས་ཀྱི་ལས་བྱེད་པ་དང་ཏང་ཡོན་གྱི་ཆབ་སྲིད་བསམ་བློའི་ཆུ་ཚད་མཐོར་འདེགས་ལ་བཀག་འགོག་བྱས་པ་རེད།

3 མཇུག་འབྲས།

ཡན་ཨན་དག་ཐེར་ལས་འགུལ་གྱིས་ཏང་གི་འགོ་ཁྲིད་སྡེ་ཁག་དང་། ལས་བྱེད་པ་ཡོངས་དང་ཏང་ཡོན་རྣམས་སྔར་ལས་ལྷག་པར་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་ལ་ནང་བྱན་ཆུད་པ་དང་ཀྲུང་གོ་གསར་བརྗེའི་ཞིབ་ཕྲའི་ལག་སྟར་གཉིས་ཕན་ཚུན་སྦྲེལ་བའི་གཞི་རྩའི་ཁ་ཕྱོགས་དང་། མའོ་ཙེ་ཏུང་གི་དགོངས་པ་རྨང་གཞི་བྱས་ཏེ། དེ་ལ་མཐུན་སྒྲིལ་གཅིག་གྱུར་ཡོང་བར་ཏང་ཡོངས་ནས་ཤུགས་བསྣན་པ་དང་། འཇར་འགོག་དམག་འཁྲུག་དང་རྒྱལ་ཡོངས་གསར་བརྗེ་ལ་རྒྱལ་ཁ་ལོན་པར་བསམ་བློའི་རྨང་གཞི་བཏིངས་པ་རེད།

ཐེངས་འདིའི་ལས་འགུལ་སྤེལ་ཡུལ་ཤེས་ཡོན་ཅན་དང་། དེ་ཡང་མཐོ་སློབ་ཁག་ཏུ་ཡོད་པའི་ཏང་གི་དགོངས་དོན་དང་མི་མཐུན་པའི་བསམ་བློ་འཛིན་མཁན་གྱི་དགེ་རྒན་དང་ལས་བྱེད་ཚོར་འབྱོར་ལྡན་གྲལ་རིམ་གྱི་བསམ་བློ་ལྡན་ལུགས་སྐྱོན་དུ་བཟུང་སྟེ། དེ་དག་ལ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་རྒྱུན་མཐུད་བྱེད་དུ་བཅུག་པ་ཞིག་ཡིན་ལ། བྱེད་ཐབས་འདི་བརྒྱུད་དེ་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་དང་མི་མཐུན་པའི་སྒེར་གྱི་བསམ་བློ་དོར་དུ་བཅུག་པའི་ལས་འགུལ་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-16

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།