ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག
ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག་ལ་དབྱིན་ཇིས་ཐེངས་དང་པོའི་ཀྲུང་དབྱིན་འཐབ་འཁྲུག་ཟེར་ལ། ཡང་ན་ཚོང་འགྲུལ་འཐབ་འཛིང་ཡང་ཟེར། དེ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་འགོ་བརྗོད་ལྟ་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
第一次鸦片战争
ཕྱི་ཡིག་གི་མིང་།
First Opium War
ས་གནས།
ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་རྒྱུད།
དུས་སྐབས།
1840ལོའི་ཟླ6 — 1842ལོའི་ཟླ8
འཐབ་ཞུགས་ཕྱོགས་ཁག
དབྱིན་ཇི་དང་ཀྲུང་གོ་ཆིང་རྒྱལ་རབས།
མཇུག་འབྲས།
དབྱིན་ཇིས་རྒྱལ་ཁ་བླངས།《 ནན་ཅིང་ཆིངས་ཡིག》བཞག
འཐབ་ཞུགས་ཕྱོགས་ཁག་གི་དམག་གྲངས།
དབྱིན་དམག19000དང་ཆིང་དམག91680ནས200000བར།
ཤི་རྨས་གནས་ཚུལ།
དབྱིན་དམག523དང་ཆིངདམག22790
ཆིང་དམག་གི་བཀོད་འདོམས་དམག་དཔོན།
ཏའོ་ཀོང་རྒྱལ་བོ། ལིང་ཙེ་ཞུའུ་དང་ཀོན་ཐེན་ཕེ།
དབྱིན་དམག་གི་བཀོད་འདོམས་དམག་དཔོན།
ཕཱ་མུའུ་སི་ཏུན་དང་ཁྲ་ལེ• ཨའེ་ལེ་ཨའོ་ཐི།
ཤུགས་རྐྱེན།
ཀྲུང་གོ་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར།
1 ནང་དོན་དངོས།

ཐེངས་དང་པོའི་ཉལ་ཐའི་དམག་འཁྲུག (First Opium War ) དབྱིན་ཇིས་ཐེངས་དང་པོའི་ཀྲུང་དབྱིན་འཐབ་འཁྲུག (First Anglo-Chinese War ) ཟེར་ལ། ཡང་ན་ཚོང་འགྲུལ་འཐབ་འཁྲུག་ཀྱང་ཟེར། དེ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་འགོ་བརྗོད་ལྟ་བུ་ཡིན།

“ཕྱི་སྒོ་བཀག་བཅད་”རྗེས་མན་ཆིང་ཡུན་གྱིས་འཛམ་གླིང་གི་འགྲོས་ཀྱི་རྗེས་སུ་ལུས། འོན་ཀྱང་ཚོང་ལས་ཁྲོད་དུས་རྒྱུན་ཚོང་ལས་གཏོང་མང་ཡོང་ཉུང་གི་ཧེ་བག་ངང་བསྡད་ཡོད། ཀྲུང་གོ་དང་གཏོང་མང་ཡོང་ཉུང་གི་རྣམ་པས་ཁ་ཕྱོགས་བསྒྱུར་ཆེད། དབྱིན་ཇིའི་ཀྲུང་གོ་ལ་ཉལ་ཐ་ལྐོག་འཚོང་བྱས་ཏེ། ཚུལ་མིན་ཁེ་ཆེན་ཐོབ།

1838ལོ (དོ་ཀོང་ཉེར་བརྒྱད་ལོ ) དགུན། ཏའོ་ཀོང་གིས་ཧོ་ཀུང་ཙུང་ཏུའུ་ལིང་ཙེ་ཞུའུ་ཨམ་བན་ཆེན་མོ་བསྩལ་ནས་ཀུང་ཏོན་ལ་མངགས་ཏེ། ཉལ་ཐ་སྔོག་བཤེར་དང་བཀག་སྡོམ་བྱེད་པར་སོང་། ལིང་ཐོན་པ་དང་ཉལ་ཐ་སྒམ་ཁྲི་གཉིས་སྔོག་བཤེར་ཐུབ་པ་དང་། ཧོ་མིན་མཚོ་ཁ་ནས་མེར་བསྲེགས། དབྱིན་ཇིས་ལྐོག་འཚོང་ངར་ཤུགས་མར་མནན་པ་རེད། དེ་དང་མཉམ་དུ་དབྱིན་ཇིའི་ཚོང་ལམ་དེ་ལ་ཤན་ཤུགས་ཆེན་པོ་ཐོབ། ཀྲུང་གོའི་ཚོང་སྒོ་ཕྱེ་ཆེད། དབྱིན་ཇི་སྲིད་གཞུང་གིས་ཁ་གཡར་ཏེ། ཀྲུང་གོ་དམག་འདྲེན་པར་ཐག་བཅད། དབྱིན་ཇི་རྒྱལ་ཚོགས་ཀྱིས་དམག་འཁྲུག་ལ་མ་དངུལ་བཏང་། 1840 ལོ་ཟླ 6 པར་དབྱིན་ཇིའི་དམག་གྲུ 47 དང་རྐང་དམག 4000 སོགས་མཚོ་དམག་ཧྲང་ཅང་འན་སུ་ནེ་དང་། ཀྲུང་གོར་སྡོད་པའི་ལྟ་སྐུལ་པ་ཡི་ལི་གཉིས་ཀྱིས་སྣེ་ཁྲིད་དེ། སྔ་རྗེས་སུ་ཀུང་ཏོན་ཀྲོའུ་ཅང་ཁར་ཐོན། མཚོ་ཁར་བཀག་སྡོམ་བྱས་པ་དང་། ཉལ་ཐ་དམག་འཁྲུག་མགོ་བརྩམས། འདི་ནི་ཉལ་ཐ་དམག་འཁྲུག་གི་ཆ་ཤས་ཤིག་ཡིན་ཡང་། དུས་རྒྱུན་ཉལ་ཐ་དམག་འཁྲུག་ཏུ་འབོད། དམག་འཁྲུག་འདི་ཡུན་རིང་དུ་བརྒྱབ། དུས་སྐབས་དེའི་ནང་འཐབ་འཛིང་དང་དམག་འཁྲུག་བར་འབྲེལ་བ་མེད།

དམག་འཁྲུག་གི་སྔོན་ལ་ཀྲུང་གོ་དམག་དམངས་ཀྱི་ཧུར་ཐག་གིས་ངོ་རྒོལ་བྱས། དབྱིན་ཇི་ལ་རྡུང་རྡེག་དྲག་པོ་གནང་། འོན་ཀྱང་རུལ་སུངས་ཀྱི་བཀས་བཀོད་སྒྲིག་ཁྲིམས་ཀྱིས་དབྱིན་ཇིའི་བཙན་འཛུལ་དེ་འགོག་མ་ནུས། དམག་འཁྲུག་ཡང་ཀྲུང་གོ་ཕམ་པ་དང་སྒོར་ཚབ་ས་བཅད་ཀྱིས་མཇུག་སྒྲིལ། ཀྲུང་གོ་ལོ་རྒྱུས་སྟེང་ཐོག་མའི་འདྲ་མཉམ་མིན་པའི 《ནན་ཅིང་ཆིངས་ཡིག》 བཞག་པ་རེད། དེ་ནས་བཟུང་ཀྲུང་གོས་ཕྱི་རྒྱལ་ཁབ་སྒོར་ཚབ། ས་བཅད་སོགས་བྱས། ཀྲུང་གོའི་སྲིད་དབང་ལ་ཉེན་ཁ་ཚབས་ཆེན་ཐེབས། ཉལ་ཐ་དམག་འཁྲུག་ལས་ཀྲུང་གོ་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར། རང་བཙན་རང་བདག་གི་གོ་གནས་ཤོར། དེ་མ་ཟད་རང་བྱུང་དཔལ་འབྱོར་ཁ་ཐོར་དུ་འགྲོ་བར་སྐུལ་འདེད་བྱུང་། དུས་མཉམ་དུ་ཉེ་རབས་ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་མཁན་ལ་འཐབ་འཛིང་དང་། ལོ་རྒྱུས་གསར་བ་ཞིག་གིས་འགོ་བཙུགས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།