ཐེངས་གཉིས་པའི་ཉལ་ཐའི་དམག་འཁྲུག

ཐེངས་གཉིས་པའི་ཉལ་ཐ་དམག་འཁྲུག་ནི་དབྱིན་ཇི་དང་ཧྥ་རན་སེ་གཉིས་ཨུ་རུ་སུ་དང་ཨ་རི་གཉིས་ཀྱིས་རྒྱབ་སྐྱོར་ལས་ཀྲུང་གོ་བཙན་འཛུལ་བྱས་པའི་དམག་འཁྲུག་ཡིན། དབྱིན་ཇི་དང་ཧྥ་རན་སེ་གཉིས་ཀྱིས་ཐེ་ཕིང་ཐེན་གོ་ལས་འགུལ་སྐབས་དང་བསྟུན་ཏེ། ཡ་ལོ་རྟགས་དོན་རྐྱེན་དང་མ་ཧྲིན་ཧྥོ་དོན་རྐྱེན་ལ་ཁ་གཡར་ཏེ། མཉམ་འབྲེལ་བྱས་ནས་ཆིང་སྲིད་གཞུང་ལ་རྒོལ་བའི་འཐབ་འཁྲུག་ཅིག
ཡ་ལོ་རྟགས་དོན་རྐྱེན་དང་མ་ཧྲིན་ཧྥོ་དོན་རྐྱེན་ལ་ཁ་གཡར་ཏེ། དབྱིན་ཇིས་དེ་ལ་ཡ་ལོ་རྟགས་དོན་རྐྱེན(The Arrow War ) ཟེར། དབྱིན་ཧྥ་མཉམ་འབྲེལ་དམག་འཐབ་འཁྲུག་ཀྱང་ཟེར། (Anglo-French expedition to China ) ཡང་ན་ཐེངས་གཉིས་པའི་ཀྲུང་དབྱིན་འཐབ་འཁྲུག(Second Anglo-Chinese War ) ཟེར།
ཐེངས་འདིའི་འཐབ་འཁྲུག་ནི་ཐེངས་དང་པོའི་ཉལ་ཐ་དམག་འཁྲུག་གི་རྒྱུན་མཐུད་པ་ཡིན། དེ་བས་ཐེངས་གཉིས་པའི་ཉལ་ཐ་དམག་འཁྲུག་ཟེར། འཐབ་འཁྲུག་ཁྲོད་ཧྲ་ཧོང་གོང་མས་དམག་དྲངས་ཏེ་འདུམ་འགྲིག་བྱས་པས་བྱས་རྗེས་ཡོད་པར་སེམས། ད་དུང་བཙན་དབང་གིས་ཆིང་སྲིད་གཞུང་ལས་སྤྱི་ལེ་གྲུ་བཞི་མ་ཁྲི150མངའ་ཁུལ་འཕྲོག ཁེ་འབབ་གཞན་ལས་ལྷག་པ་ཐོབ་མཁན་དེ་ཡིན།
ཐེངས་གཉིས་པའི་ཉལ་ཐ་དམག་འཁྲུག་ལས་ཆིང་སྲིད་གཞུང་ལ་བཙན་གྱིས(ཐེན་ཅིན་ཆིངས་ཡིག ) (པེ་ཅིང་ཆིངས་ཡིག ) ཀྲུང་གོ་དང་ཨུ་རུ་སུ(ཡོན་ཝེ་ཆིངས་ཡིག ) དང་ཞི་ཆིངས་མང་པོ་བཞག བཙན་རྒྱལ་གྱིས་བཙན་འཛུལ་ཇེ་དྲག་ཏུ་ཕྱིན། དེ་བས་ཀྲུང་གོའི་ཤར་བྱང་དང་ནུབ་བྱང་ས་ཁུལ་ཁྲི་སྤྱི་ལེ་གྲུ་བཞི་མ150ཤོར་བ་དང་། དམག་འཁྲུག་མཇུག་སྒྲིལ་རྗེས་ཆིང་སྲིད་གཞུང་བསམ་པ་གཅིག་གིས་ཐེ་ཕིང་ཐེན་གོ་ལ་དྲག་གནོན་བྱས། དབང་བསྒྱུར་རྒྱུན་སྐྱང་བྱས། ཆིང་ལོ་རྒྱུས་ལས་ཐོང་ཀྲི་ཀྲུང་ཞིན་ཟེར།