ལྕགས་ཕག་ལོའི་གསར་བརྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྕགས་ཕག་ལོའི་གསར་བརྗེ།
ལྕགས་ཕག་ལོའི་གསར་བརྗེ་ནི1911ལོ(ཆིང་ཞོན་ཐུང་ལོ་གསུམ་པ)ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ཧོབ་ལངས་བྱུང་། དེ་ནི་ཆིང་རྒྱལ་རབས་རིམ་བཞིན་རུལ་སུངས་དང་། བཙན་རྒྱལ་གྱིས་བཙན་འཛུལ་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན། ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་གསར་དར་རྨང་གཞི་བྱུང་ལ། དེའི་དམིགས་ཡུལ་ནི་ཆིང་སྲིད་གཞུང་གི་སྒེར་གཅོད་དབང་བསྒྱུར་རྩ་སློག་བྱེད་པ་དེ་ཡིན། མི་རིགས་ཉེན་ཁ་ལས་སྐྱོབ་པ་དང་། རྒྱལ་ཁབ་རང་བཙན་ལྷུར་ལེན་བྱེད་པ། དམངས་གཙོ་དང་འབྱོར་ཕྱུག་ཡོང་རྒྱུར་དམིགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辛亥革命
ཕྱི་ཡིག་གི་མིང་།
The Revolution of 1911
འགོ་ཁྲིད།
སུན་ཀྲུང་ཧྲན།
ཧོབ་ལངས་དུས་སྐབས།
1911ལོའི་ཟླ10ཚེས10ཉིན།
མཇུག་སྒྲིལ་བའི་དུས་སྐབས།
1912ལོའི་ཟླ2ཚེས12ཉིན།
དམིགས་ཡུལ།
ཆིང་སྲིད་གཞུང་རྩ་སློག་གཏོང་བ་དང་། དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་འཛུགས་པ།
མཇུག་འབྲས།
ཆིང་གོང་མ་སྲིད་ལས་བབས་པ་དང་། དམངས་གཙོ་རྒྱལ་ཁབ་བཙུགས་པ། ཡོན་ཧྲི་ཁའེ་ཡིས་སྲིད་བཟུང་བ།
མི་སྣ་གཙོ་བོ།
སུན་ཀྲུང་ཧྲན། ཧོང་ཞིང་སོགས།
1 ངོ་སྤྲོད།

ལྕགས་ཕག་ལོའི་གསར་བརྗེ་ནི1911ལོ(ཆིང་ཞོན་ཐུང་ལོ་གསུམ) ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ཧོབ་ལངས་བྱུང་། དེ་ནི་ཆིང་རྒྱལ་རབས་རིམ་བཞིན་རུལ་སུངས་དང་། བཙན་རྒྱལ་གྱི་བཙན་འཛུལ་ཇེ་དྲག་ཏུ་ཕྱིན། ཀྲུང་གོ་མི་རིགས་ཀྱི་མ་རྩ་རིང་ལུགས་གསར་དར་རྨང་གཞི་བྱུང་བ། དེའི་དམིགས་ཡུལ་ནི་ཆིང་སྲིད་གཞུང་གི་སྒེར་གཅོད་དབང་བསྒྱུར་རྩ་སློག་བྱེད་པ་དེ་ཡིན། མི་རིགས་ཉེན་ཁ་ལས་སྐྱོབ་པ་དང་། རྒྱལ་ཁབ་རང་བཙན་ལྷུར་ལེན་བྱེད་པ། དམངས་གཙོ་དང་འབྱོར་ཕྱུག་ཡོང་རྒྱུ་དེ་ཡིན། ཐེངས་འདིའི་གསར་བརྗེ་ཡིས་ལོ་ཉིས་སྟོང་རིང་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་རྫོགས་པ་རེད། འདི་ནི་རླབས་ཆེན་གྱི་གསར་བརྗེ་ལས་འགུལ་ཞིག ལྕགས་ཕག་ལོའི་གསར་བརྗེ་ནི་ཀྲུང་གོའི་ཉེ་རབས་ཀྱི་ཅུང་དོན་དང་མཐུན་པའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ཞིག་ཡིན།

ལྕགས་ཕག་ལོའི་གསར་བརྗེ་ཡིས་ཆབ་སྲིད་དང་། བསམ་བློ་སྟེང་ནས་ཀྲུང་གོའི་མི་དམངས་ལ་སྣང་ཆུང་བྱེད་མི་རུང་བའི་བཅིངས་འགྲོལ་ནུས་བ་ཞིག་ཐོན་ཡོད། གསར་བརྗེ་འདི་ལས་དམངས་གཙོ་ལྟ་ཚུལ་ལ་ཤུགས་རྐྱེན་ཟབ་མོ་ཞིག་བཞག བཀས་བཀོད་རྒྱུད་འཛིན་དང་བཙན་རྒྱལ་ལ་ངོ་རྒོལ་དང་འཐབ་འཛིང་བྱེད་རྒྱུ་ནི་ལྕགས་ཕག་ལོའི་གསར་བརྗེ་མགོ་བརྩམས་ས་ཡིན། དེ་ནི་གཏིང་ཟབ་ལ། གཞི་རྒྱ་རྒྱ་བསྐྱེད་ཀྱིས་ངང་ནས་མགོ་བརྩམས་པ་ཡིན། ཡིན་ཡང་། སྤྱི་མཐུན་དམངས་གཙོ་དེ་གསར་བརྗེའི་རྗེས་སུ་ལག་བསྟར་ཆེན་པོ་བྱེད་མ་ཐུབ་པ་རེད། ལྕགས་ཕག་ལོའི་གསར་བརྗེ་དེ་དོན་དངོས་སུ་རྒྱལ་ཁ་ཡིན་ལ་ཕམ་ཁའང་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།