ཐེན་ཅིན་ཆིངས་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེན་ཅིན་ཆིངས་ཡིག
ཐེན་ཅིན་ཆིངས་ཡིག་ནི་དབྱིན་ཇི་དང་ཧྥ་རན་སེ། ཨ་མེ་རི་ཁ། ཨུ་རུ་སུ་བཅས་རྒྱལ་བཞི་ཡིས་བཙན་གྱིས་ཀྲུང་གོར་བཞག་པའི་ཆིངས་ཡིག་ཅིག་ཡིན་ལ། འདི་ནི་བཙན་རྒྱལ་པས་ཀྲུང་གོའི་ཆིང་སྲིད་གཞུང་ལ་བཞག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་གཉིས་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐེན་ཅིན་ཆིངས་ཡིག
རྒྱ་ཡིག་གི་མིང་།
天津条约
ཆིངས་ཡིག་འཇོག་ཡུལ།
དབྱིན་ཇི། ཧྥ་རན་སེ། ཨ་མེ་རི་ཁ། ཨུ་རུ་སུ།
དུས་ཚོད།
སྤྱི་ལོ1858
1 ལོ་རྒྱུས་རྒྱབ་ལྗོངས། 

སྤྱི་ལོ1858ལོར། ཨ་མེ་རི་ཁ་དང་ཨུ་རུ་སུ་གཉིས་ཀྱི་གཞུང་ཚབ་པ་དབྱིན་ཧྥ་མཉམ་འབྲེལ་དམག་གྲུ་རུ་ཁག་དང་ལྷན་དུ་བྱང་ཕྱོགས་སུ་བསྐྱོད་དེ་ཐེན་ཅིན་གྱི་པའེ་ཧོ་ཆུ་བོའི་འབབ་མདོར་འབྱོར། དབྱིན་ཇི་དང་ཧྥ་རན་སེ། ཨ་མེ་རི་ཁ། ཨུ་རུ་སུ་བཅས་རྒྱལ་ཁབ་བཞིའི་གཞུང་ཚབ་པས་རང་རང་ས་ནས་ཆིང་སྲིད་གཞུང་ལ་ཡི་གེ་སྤྲིངས། དབྱིན་ཧྥ་རྒྱལ་ཁབ་གཉིས་ཀྱིས་ཆིང་སྲིད་གཞུང་ལ་བཙན་འཛུལ་གྱི་རེ་བ་བཏོན་པ་དང་། ཨ་མེ་རི་ཁ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་རྫུན་ཆས་སྤྲས་ནས་བར་སྡོད་ཡིན་ཁུལ་བྱས་ཏེ“བར་འདུམ”བགྱིས། དབྱིན་ཧྥ་མཉམ་འབྲེལ་དམག་དཔུང་གིས་ཏ་ཀུའུ་སྒྱོགས་སྟེགས་བླངས་ཤིང་། དེར་མཐུད་ནས་ཐེན་ཅིན་བཙན་བཟུང་བྱས་པ་དང་སྦྲགས་པེ་ཅིན་ལ་བཙན་རྒོལ་བྱེད་རྒྱུ་ཡིན་ཞེས་འུད་སྒྲོག་བྱས་པ་དང་། གོང་མ་ཞན་ཧྥུན་སྐྲག་ནས་དངངས་འཚུབ་ཆེན་པོ་ལངས་ནས་མི་དམངས་མངགས་ཏེ་བཙན་འཛུལ་པ་དང་འདུམ་ཐབས་ཡོང་བ་བྱས། 

དབྱིན་ཧྥ་མཉམ་འབྲེལ་དམག་དཔུང་གིས་ཐེན་ཅིན་བཟུང་རྗེས། ཨུ་རུ་སུ་དང་ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སེ་བཅས་རྒྱལ་ཁབ་བཞི་ཡིས་སྤྱི་ལོ1858ལོའི་སྔ་གཞུག་ཏུ་བཙན་ཤེད་ཀྱིས་ཆིང་སྲིད་གཞུང་ལ་རང་རང་ས་ནས《ཐེན་ཅིན་ཆིངས་ཡིག》བཞག

2 《ཐེན་ཅིན་ཆིངས་ཡིག》གི་ནང་དོན།

ཕྱི་རྒྱལ་གྱི་གཞུང་ཚབ་པེ་ཅིན་དུ་བཅའ་སྡོད་བྱས་ཆོག་པ་དང་། ཉིའུ་ཀྲོང་དང་ཏན་ཧྲུའེ། ཧན་ཁོའུ། ནན་ཅིན་སོགས་ཀྱི་ཚོང་འབྲེལ་གྲུ་ཁ10ཡི་སྒོ་འབྱེད་པ། ཕྱི་རྒྱལ་གྱི་དམག་གྲུ་དང་ཚོང་གྲུ་འབྲི་ཆུའི་གྲུ་ཁ་སོ་སོ་རུ་རང་མོས་ངང་སྐྱོད་ཆོག་པ། ཕྱི་གླིང་བ་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་ཡུལ་སྐོར་དང་། ཚོང་གཉེར། ཆོས་སྤེལ་སོགས་བྱེད་ཆོག་པ། ཆིང་སྲིད་གཞུང་གིས་དབྱིན་ཇི་དང་ཧྥ་རན་སེ་རྒྱལ་ཁབ་གཉི་གར་དམག་གྲོན་དངུལ་སྒོར་སྲང་ས་ཡ2རེ་འཇལ་བ་དང་། དབྱིན་ཇིའི་ཚོང་བ་ལ་གྱོང་གུན་ཐེབས་པར་དངུལ་སྲང་ས་ཡ2ཀྱི་སྐྱིན་ཚབ་སྤྲོད་པ་བཅས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།