ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།
ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་སྤྱི་ལོ1953ལོའི་ཟླ12པར། ཀྲུང་གོ་སྲིད་གཞུང་དང་རྒྱ་གར་སྲིད་གཞུང་གཉིས་ཀྱིས་བོད་ལྗོངས་ས་གནས་བར་གྱི་འབྲེལ་བའི་གནད་དོན་ཐད་གྲོས་མོལ་བྱས་ཏེ། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་གྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་སྐབས་ཐེངས་དང་པོར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྟེ། “ཕན་ཚུན་བདག་དབང་དང་འཐུས་ཚང་གི་མངའ་ཁོངས་ལ་བརྩི་འཇོག ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བྱེད་པ”བཅས་ཀྱི་རྩ་དོན་ལྔ་བཏོན་པ་རེད། སྤྱི་ལོ1954ལོའི་ཟླ6ཚེས28ཉིན་དང་ཚེས29ཉིན་ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་དང་འབར་མར་འཚམས་འདྲི་གནང་སྐབས། རྒྱ་གར་གྱི་ཙུང་ལི་ཉི་ཧོ་ལུའུ་དང་འབར་མའི་ཙུང་ལི་ཝུའུ་ནུའུ་དང་ལྷན་དུ《མཉམ་འབྲེལ་གསལ་བསྒྲགས》སྤེལ་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་གསལ་བསྒྲགས་བྱས། རྩ་དོན་ལྔ་པོ་འདི་ནི་རྒྱལ་ཁབ་སོ་སོའི་བར་རྒྱུན་ལྡན་གྱི་འབྲེལ་བ་འཛུགས་པའམ་འབྲེལ་འདྲིས་མཉམ་ལས་བྱེད་སྐབས་བརྩི་སྲུང་བྱ་འོས་པའི་གཞི་རྩའི་རྩ་དོན་ཡིན་ཞིང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་སྲིད་གཞུང་གིས་ཐུན་མོང་ཐོག་དར་སྤེལ་གཏོང་གི་ཡོད། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་ཀྲུང་གོས་རང་བཙན་རང་བདག་གིས་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པའི་རྨང་གཞི་དང་མཚོན་ཚུལ་འཐུས་ཚང་ཞིག་ཡིན་ཞིང་། འཛམ་གླིང་ཐོག་རྒྱལ་ཁབ་མང་ཆེ་བས་དང་ལེན་བྱས་ནས། རྒྱལ་སྤྱིའི་འབྲེལ་བ་ཚད་ལྡན་དུ་གཏོང་བའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།
རྒྱ་ཡིག་གི་མིང་།
和平共处五项原则
ཕྱི་ཡིག་གི་མིང་།
The five principles of peaceful coexistence
ཐོག་མར་འདོན་མཁན།
ཀྲོའུ་ཨེན་ལའེ།
དུས་ཚོད།
སྤྱི་ལོ1953ལོའི་ཟླ12པ།
1 ​རྩ་དོན་གྱི་ནང་དོན།

སྤྱི་ལོ1953ལོར།   ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་གྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་སྐབས་མངའ་ཁོངས་བདག་དབང་།   ཕན་ཚུན་བཙན་གནོད་མི་བྱེད་པ།     ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།    འདྲ་མཉམ་གཉིས་ཕན།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཐེངས་དང་པོར་བཏོན།  (རྗེས་སུ་སྤྱོད་སྟངས་ཐད་བཟོ་བཅོས་བྱས་ཏེ།   ཕན་ཚུན་གྱི་བདག་དབང་ལ་བརྩི་སྲུང་དང་མངའ་ཁོངས་འཐུས་ཚང་དུ་གཏོང་བ།   ཕན་ཚུན་བཙན་གནོད་མི་བྱེད་པ།    ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།  འདྲ་མཉམ་གཉིས་ཕན།   ཞི་བདེ་མཉམ་གནས་སུ་བསྒྱུར།)

2 རྒྱུན་འཛིན།

ཧིན་རྡུ་ཉི་ཞི་ཡས་སྤྱི་ལོ1955ལོའི་ཟླ4པར་དབན་ལུང་དུ་རྒྱལ་ཁབ་དང་ས་ཁུལ29ཞུགས་པའི་དབན་ལུང་གྲོས་ཚོགས་བསྡུས།   ཚོགས་འདུའི་སྟེང《འཛམ་གླིང་ཞི་བདེ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསྒྲགས་གཏམ》སྤེལ།   དེའི་ནང་རྩ་དོན་ལྔ་པོའི་ནང་དོན་ཡོངས་རྫོགས་ཚུད་ཡོད།

སྤྱི་ལོ1957ལོར།   སྐབས་དེའི་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི།   ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མོ་སི་ཁོ་རུ“ཀྲུང་གོས་རྒྱལ་ཁབ་ཐམས་ཅད་ལ་ཞི་བདེ་མཉམ་གནས་ཀྱི་རྩ་བའི་རྩ་དོན་ལྔ་མཐའ་གཅིག་རུ་ལག་བསྟར་བྱ་རྒྱུའི་འདོད་ཚུལ་བཟུང་ཡོད”ཅེས་ཁྱབ་བསྒྲགས་གནང་བ་རེད།

སྤྱི་ལོ1974ལོར།    ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེང་ཞའོ་ཕིན་གྱིས་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་སྟེང་རྒྱལ་ཁབ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་དེ“ཡོངས་རྫོགས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་འཛུགས་དགོས”ཞེས་ནན་བཤད་བྱས།

སྤྱི་ལོ1988ལོར།    ཀྲུང་གུང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཏེང་ཞའོ་ཕིན་གྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཚད་གཞིར་བཟུང་ནས།   རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་པའི་འདོད་ཚུལ་བཏོན།

3 དོན་སྙིང་། 

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་རྗེས།   འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོས་ལྷག་ཏུ་བསྟོད་བསྔགས་ཐོབ་ནས།   རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་དུ་གྱུར་པ་རེད།      ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པ་ནི།   ཀྲུང་གོའི་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་འཐུས་ཚང་བ་མཚོན་ཡོད་པ་དང་།   ཀྲུང་གོ་ཕྱི་འབྲེལ་སྲིད་ཇུས་ལ་བྱང་བ་མཚོན་ཡོད།    དེ་མིན་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པ་ནི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གསར་གཏོད་གལ་ཆེན་ཞིག་ཡིན་ཞིང་།    དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་ལོ་རྒྱུས་ཀྱི་རང་བཞིན་གྱི་མཛད་རྗེས་ཕུལ་བར་སྐུལ་འདེད་བྱས།    དེས་ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་ལམ་ཕྱོགས་གཏན་འཁེལ་བྱས་པ་མཚོན།

དུས་རབས་ཕྱེད་ཙམ་ནས་བཟུང་།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་པོ་དེ་ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་བའི་རྨང་གཞིར་གྱུར་པར་མ་ཟད།   འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བས་ཀྱང་དང་ལེན་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་ཚད་ལྡན་དུ་གཏོང་བའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། 

ལོ་བཅུ་ཕྲག་གི་རིང་།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བོར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཉམས་སད་བརྒྱུད་མཐར།   སྐྱེ་སྟོབས་ཆེན་པོའི་ནུས་པ་ཕྱིར་མངོན་ཡོད།  འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།   ཀྲུང་གོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་གཏོང་མཁན་ཡིན་པ་མ་ཟད།   ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་མཁན་ཡང་ཡིན།   རྩ་དོན་ལྔ་པོ་དེའི་རྨང་གཞིའི་ཐོག    ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་མང་ཆེ་བས་ལོ་རྒྱུས་ཐོག་ལུས་པའི་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་།  འཛམ་གླིང་སྟེང་རྒྱལ་ཁབ་མང་ཆེ་བ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཡོད།

4 འཕེལ་རྒྱས་དང་དབུ་བརྙེས་པ།

རྩ་དོན་ལྔ་བོ་འདི་ཐོག་མར་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཟླ12པའི་ཟླ་མཇུག་ཏུ་རྒྱ་གར་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས་བཏོན་པ་རེད།   སྐབས་དེར།   ཀྲུང་གོ་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་རྒྱ་གར་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཀྲུང་གོའི་བོད་ལྗོངས་ས་གནས་ཀྱི་འབྲེལ་བའི་གནད་དོན་སྐོར་པེ་ཅིན་དུ་གྲོས་མོལ་བྱེད་འགོ་བརྩམས། ཚེས31ཉིན་གྱི་ཕྱི་དྲོར།   ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཀྲུང་ནན་ཧའེ་ཞིའི་ཧྭ་ཐིང་དུ་རྒྱ་གར་བའི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་ཞིང་།   གླེང་མོལ་ལས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཐེངས་དང་པོར་ཆ་ཚང་བར་བཏོན།    ཀྲོའུ་ཨེན་ལའེ་ཡིས“རྒྱལ་ཁབ་ཆེན་པོ་གཉིས་བར་དང་།   ལྷག་པར་དུ་ཀྲུང་གོ་དང་རྒྱ་གར་ལྟ་བུའི་ས་མཚམས་འབྲེལ་བའི་རྒྱལ་ཁབ་ཆེན་པོ་གཉིས་བར་དུ་གནད་དོན་འགའ་ཡོད་ངེས་རེད།   རྩ་དོན་དེ་དག་ལ་གཞིགས་ན།   ད་དུང་ཡང་གྲོས་ཐག་མ་ཆོད་པའི་གནད་དོན་གང་ཞིག་ཡིན་རུང་གྲོས་མོལ་བྱས་ཆོག ”པར་བསྟན།

སྤྱི་ལོ1954ལོའི་ཟླ4ཚེས29ཉིན། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་སྤྱི་བསྒྲགས་སྤེལ་བ་དང་འབྲེལ《ཀྲུང་གོའི་བོད་ལྗོངས་ས་གནས་དང་རྒྱ་གར་དབར་གྱི་ཚོང་འགྲུལ་དང་འགྲིམ་འགྲུལ་སྐོར་གྱི་གྲོས་ཆོད》ལ་མིང་རྟགས་བཀོད་ནས།    རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཞི་བདེ་མཉམ་གནས་ཀྱི་རྩ་ལྔ་སྤྱི་བསྒྲགས་དང་ཆོད་ཡིག་ནང་འཇུག་པར་མོས་མཐུན་བྱུང་སྟེ།    དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཛུབ་ཁྲིད་བྱེད་པའི་ཚད་གཞིར་བཟུང་།   ལོ་དེའི་ཟླ6པའི་ཟླ་མཇུག་ཏུ།   ཀྲོའུ་ཀྲོའུ་ཨེན་ལའེ་ཡིས་རི་ནེ་ཝའི་གྲོས་ཚོགས་ཀྱི་ངལ་གསོའི་སྐབས་སུ།   སྔ་གཞུག་ཏུ་རྒྱ་གར་དང་འབར་མར་འཚམས་འདྲི་བྱས་ཤིང་།   ཁོང་གིས་རྒྱ་གར་གྱི་ཙུང་ལི་ཉི་ཧོ་ལུའུ་དང་འབར་མའི་ཙུང་ལི་ཝུའུ་ནུའུ་གཉིས་དང་སོ་སོར་སྤེལ་བའི《མཉམ་འབྲེལ་གསལ་བསྒྲགས》ཚང་མ་རྩ་དོན་འདིར་བྲིས་པར་མ་ཟད།    དེ་ཨེ་ཤ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་འབྲེལ་དང་འཚམས་པ་སྔར་ལས་ཐག་གཅོད་བྱས།

སྤྱི་ལོ1955ལོའི་ཟླ4བའི་ཚེས18ནས་ཚེས24ཉིན་བར།   ཧིན་རྡུ་ཉི་ཞི་ཡའི་ཝན་ལུང་དུ་འཚོགས་པའི་རྒྱལ་ཁབ་དང་ས་ཁུལ29ཞུགས་པའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་གྲོས་ཚོགས(ཝན་ལུང་གྲོས་ཚོགས་ཀྱང་ཟེར)སྟེང་སྐད་གྲགས་ཆེ་བའི《འཛམ་གླིང་ཞི་བདེ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསྒྲགས་གཏམ》སྤེལ་བ་དང་།  བསྒྲགས་ལས་རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་བཅུའི་ནང་རྩ་དོན་ལྔ་བོའི་ནང་དོན་ཡོངས་རྫོགས་འདུས་ཡོད་བསྟན།

སྤྱི་ལོ 1957ལོར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མོ་སི་ཁོ་ནས་འཛམ་གླིང་ཡོངས་ལ་བརྗིད་ཉམས་ཆེན་པོས།   ཀྲུང་གོས་རྒྱལ་ཁབ་ཡོད་ཚད་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུའི་འདོད་ཚུལ་འདོན་གྱིན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

སྤྱི་ལོ1963ལོའི་ལོ་མཇུག་ནས་སྤྱི་ལོ1964ལོའི་ལོ་འགོར།    ཀྲོའུ་ཨེན་ལའེ་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ཡོ་རོབ་བཅས་རྒྱལ་ཁབ14ལ་འཚམས་འདྲིར་ཕེབས་ཏེ།   རང་རྒྱལ་གྱི་དཔལ་འབྱོར་རོགས་སྐྱོར་གྱི་རྩ་དོན་བརྒྱད་བཏོན་ཏེ།     རྩ་དོན་ལྔ་བོ་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་པ་རེད།

སྤྱི་ལོ1974ལོར་བློ་མཐུན་ཏེང་ཞའོ་ཕིན་གྱིས་དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་རྒྱལ་ཁབ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་ཡོངས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་འཛུགས་དགོས་ཞེས་ཡང་བསྐྱར་ནན་བཤད་གནང་།

སྤྱི་ལོ1988ལོར་བློ་མཐུན་ཏེང་ཞའོ་ཕིན་གྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཚད་གཞིར་བཟུང་ནས།   རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་རྒྱུའི་འདོད་ཚུལ་སྔར་ལས་ཀྱང་གསལ་བསྒྲགས་བྱས།

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བོ་རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས་དང་ལེན་བྱས་ལ།    རྒྱལ་ཁབ་ཁག་གི་ཕྱོགས་གཉིས་ཀྱི་ཆིངས་ཡིག་འབོར་ཆེན་ནང་ནས་མཚོན་པར་མ་ཟད།   རྒྱལ་སྤྱིའི་ཕྱོགས་མང་ཆིངས་ཡིག་དང་རྒྱལ་སྤྱིའི་ཡིག་ཚང་མང་པོས་ཀྱང་དངོས་སུ་ཁས་ལེན་བྱས་ཡོད།    སྤྱི་ལོ 1970ལོའི་སྐབས25པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི《རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལ་བརྟེན་ནས་མཛའ་གྲོགས་འབྲེལ་བའམ་མཉམ་ལས་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་སྐོར་གྱི་བསྒྲགས་གཏམ》དང་སྤྱི་ལོ1974ལོའི་སྐབས་དྲུག་པའི་དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི《རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གསར་པ་འཛུགས་རྒྱུའི་སྐོར་གྱི་བསྒྲགས་གཏམ》ཡོངས་སུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཚུད་ཡོད་པ་ཁ་གསལ་བྱས།

5 དྲན་གསོའི་བྱེད་སྒོ།

ལོ་འཁོར50འགོར་བའི་དྲན་གསོའི་བྱེད་སྒོ།

སྤྱི་ལོ2004ལོའིཟླ6ཚེས28ཉིན་ནི།    ཀྲུང་གོ་དང་རྒྱ་གར་གྱིས་ཐུན་མོང་ཐོག་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་ནས་བགྲང་བྱ50འགོར་བའི་ཉིན་མོ་ཡིན།   ཟླ6པའི་ཚེས14ཉིན།   ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་ཀྱིས་བསྡུས་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིན་དུ་ཚོགས།   ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་དང་གླིང་ཆེན་ལྔ་ནས་ཐོན་པའི་རྒྱལ་ཁབ12ཀྱི་སྲིད་དོན་ལས་རིགས་ཀྱི་མི་སྣ་དང་བསླབ་གནས་རྒན་གྲས་ཀྱི་མཁས་དབང100ལྷག་ཙམ་ཉིན་དེར་པེ་ཅིང་དུ་འཛོམས་ནས་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་དེར་ཐུན་མོང་ཐོག་དྲན་གསོ་ཞུས་པ་རེད།

ལོ་འཁོར60འགོར་བའི་དྲན་གསོའི་བྱེད་སྒོ།

ཀྲུང་གོ  རྒྱ་གར།  འབར་མ་བཅས་ཀྱིས་ཐུན་མོང་ཐོག   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་འཁོར60འགོར་བའི་དྲན་གསོའི་བྱེད་སྒོ་དེ་སྤྱི་ལོ2014ལོའི་ཟླ6ཚེས28ཉིན་ནས་ཚེས29ཉིན་བར་པེ་ཅིང་དུ་སྤེལ་རྒྱུའི་ཐག་བཅད་པ་རེད།   ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས28ཉིན་འཚོག་པའི་དྲན་གསོའི་ཚོགས་ཆེན་དེར་ཞུགས་རྒྱུ་ཡིན་ལ།   ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས29ཉིན་འཚོགས་པའི་དྲན་གསོའི་སྣེ་ལེན་ཚོགས་འདུར་ཞུགས་རྒྱུ་རེད།   འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏེང་ཧྲེང་དང་ཧིན་རྡུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་ཨན་ས་ལི་བྱེད་སྒོར་ཞུགས་རྒྱུ་རེད།

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་འཁོར60འགོར་བར་རྒྱ་གར་གྱི་ཙུང་ཐུང་ཕུའུ་ལ་ན་པུའུ·མུའུ་ཁེ་ཅེ་དང་འབར་མའི་ཙུང་ཐུང་ཝུའུ་ཏེང་ཧྲེང་དང་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས།    ཙུང་ཐུང་མུའུ་ཁེ་ཅི་དང་ཙུང་ཐུང་ཝུའུ་ཏེང་ཧྲེང་སོ་སོར།   རྒྱ་གར།   འབར་མ་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་པ་རེད།    ལོ་འཁོར60ཡི་རིང་།    ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་མཉམ་ཚོད་ཐེག་ནས།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དྲན་གསོའི་བྱེད་སྒོ་སྤེལ་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་མུའུ་ཁེ་ཅི་དང་ཙུང་ཐུང་ཝུའུ་ཏེང་ཧྲེང་སོ་སོར་རྒྱ་གར་དང་འབར་མ་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་པ་རེད།   ལོ་འཁོར60ཡི་རིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་མཉམ་ཚོད་ལ་གདོང་གཏུགས་ནས།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་གཅིག་མཐུན་སྒོས་ངོས་འཛིན་དང་བརྩི་སྲུང་ཞུ་བ་དེ།    རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་མཛུབ་ཁྲིད་བྱེད་པའི་གཞི་རྩའི་ཚད་གཞིར་གྱུར་ནས།    འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།   རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་བབ་གསར་པའི་འོག  ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔར་སྔར་བཞིན་གསོན་ཤུགས་ཆེན་པོ་ལྡན་ཡོད་སྟབས།   འདྲ་མཉམ་ཡིད་རྟོན།    དཀྱེལ་ཡངས་དཔྱད་འཛིན།   མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་ཅེས་གསུངས་པ་རེད།

མུའུ་ཁེ་ཅི་དང་ཝུའུ་ཏེང་ཧྲེང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཞི་ཅིན་ཕིང་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།   མུའུ་ཁེ་ཅིས་སྤྱི་ལོ1954ལོའི་ཉིན་ལ།   རྒྱ་གར་དང་ཀྲུང་གོས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དངོས་སུ་བཏོན།    དེའི་རྗེས།   རྩ་དོན་ལྔ་ཡང་ཀྲུང་འབར་མཉམ་འབྲེལ་གསལ་བསྒྲགས་ནང་བཅུག་པ་རེད།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་རྒྱ་གར་དང་ཀྲུང་གོའི་ཕྱོགས་གཉིས་ཀྱི་ཆིངས་ཡིག་གལ་ཆེན་དང་མཉམ་འབྲེལ་གསལ་བསྒྲགས་ཀྱི་གྲུབ་ཆ་ཞིག་ཡིན་ལ།   རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་འབྲེལ་བ་དང་དེ་བཞིན་རང་ཉིད་དམ་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་མཛུབ་ཁྲིད་རྩ་དོན་ཞིག་ཀྱང་རེད།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་འཁོར60འགོར་བར་དྲན་གསོ་ཞུ་ཆེད་རྒྱ་གར་དང་ཀྲུང་གོ་ཕྱོགས་གཉིས་ཀས་སྤྱི་ལོ2014ལོར།   “རྒྱ་གར་དང་ཀྲུང་གོའི་མཛའ་གྲོགས་སྤེལ་བའི་ལོར”ཁྱབ་བསྒྲགས་བྱས་ནས།   མཛའ་གྲོགས་སྤེལ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་འཆར་གཞི་ཡོད་པས།    རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་ནས།   རྒྱ་གར་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་པར་གསུངས་པ་རེད།

6 གདེང་འཇོག

རྒྱ་གར་གྱི་ཙུང་ཐུང་ཟུར་པ་ན་ལ་ཡ་ནན་གྱིས།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་རྒྱལ་ཁབ་ཁག་ཞི་བདེ་མཉམ་གནས་བྱེད་པའི་རྨང་གཞི་དང་།   རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཏུ་རྒྱལ་སྤྱིའི་འབྲེལ་བ་དང་ལེན་ནམ་མཛུབ་སྟོན་བྱེད་པའི་རྩ་དོན་ཞིག་ཡིན་ལ།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་ནས་ལོ་འཁོར60ལྷག་ཙམ་སོང་རྗེས།   དེས་རྒྱལ་ཁབ་ཁག་ཞི་བདེ་མཉམ་གནས་མཛུབ་སྟོན་བྱ་རྒྱུར་ད་དུང་གལ་འགངས་ཆེན་པོའི་ནུས་པ་ལྡན་ཞེས་གསུངས་པ་རེད།

སྐབས58པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི།   ཧྲེང་ལུའུ་ཤིས་ཡའི་ཕྱི་འབྲེལ་པུའུ་ཀྲང་ཀྲུའུ་ལི་ཨན·ཧེང་ཐེས།   ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དངོས་སུ་བཙུགས་པ་ནས་བཟུང་།   རྒྱལ་སྤྱིའི་ཆབ་སྲིད་དང་ཕྱི་འབྲེལ་ཁྲོད་ནུས་པ་གལ་ཆེན་བཏོན་པ་མ་ཟད།   དུས་བབ་གསར་པའི་འོག་གི་རྒྱལ་སྤྱིའི་འབྲེལ་བར་མུ་མཐུད་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུ་ཡིན་པར་བསྟན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-29

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

རིགས་འགྲེ་བརྡ་འགྲེལ།