ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ།
ས་ཞིང་བཅོས་བསྒྱུར་ནི་ས་ཞིང་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་ཟེར། དེ་ལ་ཕྱོགས་སོ་སོའི་ནང་དོན་འདུ་བ་སྟེ། ས་ཞིང་གི་དཔྱ་ཁྲལ་བསྡུ་བའི་ལམ་ལུགས་ཀྱི་བཅོས་བསྒྱུར། ས་ཞིང་ཐོན་དབང་ལམ་ལུགས་ཀྱི་བཅོས་བསྒྱུར། ས་ཞིང་བཀོལ་སྤྱོད་ལམ་ལུགས་ཀྱི་བཅོས་བསྒྱུར་སོགས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土地改革
ཕྱི་ཡིག་གི་མིང་།
Land Reform
ཡིག་ཆ།
《ཀྲུང་གོའི་ས་ཞིང་བཅའ་ཁྲིམས་མདོར་བསྟན》
ནང་དོན།
ས་ཞིང་ལམ་ལུགས་བཅོས་བསྒྱུར།
དུས་ཚོད།
1947ལོའི་ཟླ9བ།
1 ནང་དོན་དངོས།

1950ལོའི་ཟླ6པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་བཅོས་བསྒྱུར་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཏེ། ས་ཞིང་ཡོངས་རྫོགས་སྤྱི་ཚོགས་ཐུན་མོང་ལ་དབང་བ་གཏན་ལ་ཕབ་པ་དང༌། ཟླ8པར། ས་གནས་སོ་སོའི་སྲིད་གཞུང་གིས་སྔ་རྗེས་སུ་ས་ཞིང་བཅོས་བསྒྱུར་ལས་དོན་ཚོགས་ཆུང་ཟེར་བ35730ལྷག་གྲོང་གསེབ་ཁག་ཏུ་ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ་སྣེ་ཁྲིད་བྱེད་དུ་བཏང༌། ལས་འགུལ་དེའི་ནང་ཁྲལ་བུན་ཡོད་མཁན་གྱི་ཞིང་བདག་ཆིག་འབུམ་ལྷག་ལ་གནོན་ཤུགས་བྱིན་པ་དང༌། ཞིང་བདག་དང་ཞིང་ཕྱུག་བརྒྱད་ཁྲིར་ཉེས་ཆད་བཅད། 1952ལོའི་དགུན་ཁ་བར་དུ། གྲངས་ཉུང་མི་རིགས་གནས་ཡུལ་ས་ཁུལ་ཕུད་པའི་རྒྱལ་ཡོངས་སུ་ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ་མཇུག་བསྒྲིལ་ཞིང༌། ས་ཞིང་མེད་པའམ་ཉུང་ངུ་ལས་མེད་པའི་ཞིང་པ་དུང་ཕྱུར་གསུམ་ཙམ་ལ་ས་ཞིང་མུའུ་ཁྲི་བདུན་ཙམ་དང༌། ཐོན་སྐྱེད་རྒྱུ་ཆ་གཞན་དག་བགོ་འགྲེམས་བྱས། 1958ལོར་མི་དམངས་སྤྱི་ཁང་འཛུགས་གཉེར་སྐབས་འདི་དག་ཚང་མ་ཕྱིར་བསྡུ་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།