ཝུའུ་ཁྲང་འོས་ལངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝུའུ་ཁྲང་འོས་ལངས།
ཝུའུ་ཁྲང་འོས་ལངས་ནི1911ལོའི་ཟླ10ཚེས10ཉིན(ལྕགས་ཕག་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན)ཧུའུ་པེ་ཝུའུ་ཁྲང་ནས་ཆིང་རྒྱལ་རབས་ཀྱི་དབང་བསྒྱུར་རྩད་སློག་བྱེད་པའི་དམག་འགྱུར་ཞིག་ཡིན། ལྕགས་ཕག་ལོའི་གསར་བརྗེ་ཀྱི་འགོ་མའང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武昌起义或武昌首义
ས་གནས།
ཝུའུ་ཧན་ཝུའུ་ཁྲང་།
འཐབ་ཞུགས་ཕྱོགས་ཁག
ཆིང་དམག་དང་གསར་བརྗེའི་ཏང་མི།
མཇུག་འབྲས།
གསར་བརྗེའི་ཏང་མིས་རྒྱལ་ཁ་བླངས།
བཀོད་འདོམས་དམག་དཔོན།
ཅང་ཡུའུ་ཝུའུ། ལི་ཡོན་ཧུང་དང་སུང་ཝུའུ།
1 ནང་དོན་དངོས།

ཝུའུ་ཁྲང་འོས་ལངས་ནི1911ལོའི་ཟླ10ཚེས10ཉིན(ལྕགས་ཕག་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན)ཧུའུ་པེ་ཝུའུ་ཁྲང་ནས་ཆིང་རྒྱལ་རབས་དབང་བསྒྱུར་རྩད་སློག་བྱེད་པའི་དམག་འགྱུར་ཞིག་ཡིན། ལྕགས་ཕག་ལོའི་གསར་བརྗེ་ཀྱི་འགོ་མའང་ཡིན། ཧོང་ཧ་ཀང་ཡར་ལངས་ཕམ་པའི་རྗེས་སུ། རྩོམ་རིག་ཚོགས་ཁག་དང་མཉམ་འཕེལ་ཚོགས་པ་གཙོ་བྱས་པའི་གསར་བརྗེ་ཏང་མིས་ཐག་གཅོད་བྱས་ཏེ། དམིགས་ཡུལ་འབྲུ་ཆ་འབབ་བརྒྱུད་བསྐོར་ཏེ་ཝུའུ་ཧན་ལྟེ་བ་བྱས་པའི་ཧུའུ་ནན་དང་ཧུའུ་པའེ་ས་ཁུལ་ནས་དྲག་ཆས་འོས་ལངས་བྱེད་པར་གྲྭ་སྒྲིག་བྱས། གསར་བརྗེ་ཏང་མིའི་བརྩོན་པ་ལ་བརྟེན་ནས་མཐར1911ལོ་ཟླ10ཚེས10ཉིན་དུས་རབས་གསར་བའི་དོན་སྙིང་དང་ལྡན་པའི་ཝུའུ་ཁྲང་འོས་ལངས་བྱས་པ་རེད། འོས་ལངས་ལ་རྒྱལ་ཁ་ཐོབ་པས། ཆིང་རྒྱལ་རབས་རིམ་གྱིས་བསྣུབས་པར་གྱུར། དེ་མ་ཟད་ཡ་གླིང་གི་ཐོག་དང་པོའི་དམངས་གཙོ་སྤྱི་མཐུན་རྒྱ་ཁབ་སྟེ་ཀྲུང་ཧྭ་མིན་གོ་བཙུགས། ཀྲུང་གོ་དང་ཡ་གླིང་དམངས་གཙོ་སྤྱི་མཐུན་གྱིས་ལམ་ལ་ཞུགས། ཀྲུང་གོའི་ལོ་རྒྱུས་སྟེང་དོན་སྙིང་ཆེན་པོ་ལྡན། ཝུའུ་ཁྲང་འོས་ལངས་ཀྱི་དམག་དོན་བཀོད་འདོམ་པ་ནི་ཅང་ཡུའུ་ཝུའུ་དང་དྲག་ཇུས་དམག་དཔོན་ནི་སུང་ཝུའུ། རམ་འདེགས་པ་ནི་ལིག་ཀོན་ཡིན། འོས་ལངས་དམག་གིས་ཝུའུ་ཧན་གྲོང་བརྡལ་གསུམ་དབང་དུ་བཟུང་རྗེས། ཧུའུ་པའེ་དམག་སྲིད་གཞུང་བཙུགས། ལི་ཡོན་ཧུང་བདེ་སྲུང་དམག་དཔོན་ཏུ་བསྐོས། རྒྱལ་མིང་ལ་ཀྲུང་ཧྭ་མིན་གོར་བསྒྱུར། ཞིང་ཆེན་སོ་སོར་ལྕགས་ཕག་ལོའི་གསར་བརྗེ་ལ་རྒྱབ་སྐྱོར་བྱེད་པར་འབོད་སྐུལ་བཏང་བ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།