ནང་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནང་འཁྲུག
འཇའ་འགོག་དམག་འཁྲུག་མཇུག་རྫོགས་རྗེས་སུ་ཅང་ཅེ་ཧྲི་ཡིས་གུང་ཁྲན་ཏང་ལ་ཞི་བདེ་ཡིན་ཁུལ་གྱིས་ནང་འཁྲུག་བསླང་བའི་གོ་གུང་བར་གྱི་དམག་འཁྲུག་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ནང་འཁྲུག
རྒྱ་ཡིག་གི་མིང་།
内战
1 འཇའ་འགོག་རྒྱལ་ཁའི་རྗེས་ཀྱི་གནས་བབ།

འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཅང་ཅེ་ཧྲིས་ཕྱོགས་གཅིག་ནས་ནང་འཁྲུག་བསླང་བར་སྟ་གོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཕྱི་ནང་གི་ཞི་བདེར་རེ་བའི་གནོན་ཤུགས་དང་། ཁྱད་པར་དུ་ནང་འཁྲུག་གི་སྟ་གོན་ལེགས་འགྲུབ་བྱུང་མེད་པའི་དབང་གིས། “ཞི་བདེ་ཡིན་ཁུལ་དང་ནང་འཁྲུག་ཤ་སྟག”གི་འཐབ་ཇུས་བཀོད། ཁོས་བསྟུད་མར་གློག་འཕྲིན་ཐེངས་གསུམ་བཏང་སྟེ། མའོ་ཙེ་ཏུང་ཁྲུང་ཆིང་དུ་རྒྱལ་ནང་གི་ཞི་བདེ་གནད་དོན་ལ“གྲོས་མོལ”གནང་བར་གདན་འདྲེན་ཞུས། 

2 འོས་མིན་འདུན་ཐབས། 

ཞི་བདེ་བརྩོན་ལེན་བྱེད་ཆེད་དུ། སྤྱི་ལོ1945ལོའི་ཟླ8པའི་ཟླ་མཇུག་ཏུ། མའོ་ཙེ་ཏུང་དང་བཅས་པ་ཁྲུང་ཆིང་དུ་ཕེབས། གྲོས་མོལ་བརྒྱུད་དེ་གོ་གུང་ཕྱོགས་གཉིས་ཀྱིས་ཟླ10པའི་ཚེས10ཉིན་གྲོས་མོལ་གྱི་ཟིན་བྲིས་གནད་བསྡུས་སྟེང་མིང་རྟགས་བཀོད་ཅིང་། དེ་ནི《བཅུ་པའི་ཚེས་བཅུའི་ཆོད་ཡིག》ཡིན། ཆོད་ཡིག་གི་ནང་དུ་ཞི་བདེ་ངང་རྒྱལ་ཁབ་འཛུགས་པ་དང་། ནང་འཁྲུག་གཏན་ནས་མི་འབྱུང་བར་བྱེད་པ། ཆབ་སྲིད་གྲོས་མོལ་ཚོགས་འདུ་བསྡུ་བ། མི་དམངས་ཀྱི་ཁེ་དབང་ཁག་ཐེག་བྱེད་པ་སོགས་གཏན་འཁེལ་བྱས་མོད། འོན་ཀྱང་མི་དམངས་དམག་དཔུང་དང་བཅིངས་འགྲོལ་ས་ཁུལ་གྱི་སྲིད་དབང་གི་ཁྲིམས་མཐུན་གོ་གནས་ཀྱི་གནད་དོན་ལ་གྲོས་འཆམ་མ་བྱུང་། སྤྱི་ལོ1946ལོའི་ལོ་མགོར། ཆབ་སྲིད་གྲོས་མོལ་ཚོགས་འདུ་ཁྲུང་ཆིང་དུ་བསྡུས་པ་དང་། གྲོས་ཚོགས་ཐོག་མི་དམངས་ལ་ཕན་པའི་སྲིད་གྲོས་གྲོས་དོན་ལ་གྲོས་འཆམ་བྱུང་།

3 ནང་འཁྲུག་བྱུང་ཚུལ།

སྲིད་གྲོས་གྲོས་དོན་དེ་གོ་མིན་ཏང་གི་དམག་དཔུང་གིས་མྱུར་དུ་རྩིས་མེད་དུ་བཏང་། སྤྱི་ལོ1946ལོའི་ཟླ6པར། གོ་མིན་ཏང་གི་དམག་དཔུང་གིས་ཀྲུང་ཡོན་ས་ཁུལ་གྱི་བཅིངས་འགྲོལ་ས་ཁུལ་ལ་དཔུང་གི་སྦྱོར་བ་བཤམས་ཏེ། ཕྱོགས་ཡོངས་ནས་ནང་འཁྲུག་ལངས། མི་དམངས་བཅིངས་འགྲོལ་དམག་གིས་སྐོར་སྐྱོད་དམག་འཐབ་བྱེད་སྟངས་སྤྱད་པ་དང་། སྟོབས་ཤུགས་ཆེ་བའི་དམག་ཤུགས་གཅིག་བསྡུས་ཀྱིས་ཚར་གཅོད་དམག་འཐབ་སྤེལ་ཅིང་། ཟླ་བརྒྱད་ཀྱི་རིང་ལ་དགྲ་བོ་འབུམ་བདུན་ལྷག་ཚར་བཅད། གོ་མིན་ཏང་གི་དམག་དཔུང་འུ་ཐུག་སྟེ་ཕྱོགས་ཡོངས་ནས་དཔུང་འཇུག་བྱེད་པ་ནས་གནད་ཆེ་སར་དཔུང་འཇུག་བྱེད་པར་བསྒྱུར། སྤྱི་ལོ1947ལོའི་དཔྱིད་ཀ་ནས་བཟུང་། གོ་མིན་ཏང་གི་དམག་དཔུང་གིས་ཧྲའན་ཞིའི་བྱང་རྒྱུད་དང་ཧྲན་ཏུང་གི་བཅིངས་འགྲོལ་དམག་ཁུལ་གྱི་གནད་སར་དཔུང་འཇུག་བྱས་ལ། ཟླ་འགའ་སོང་རྗེས། དེའང་མི་དམངས་བཅིངས་འགྲོལ་དམག་གིས་རྡུལ་དུ་བརླགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།