དར་ཚོ་བརྒྱད་ཀྱི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དར་ཚོ་བརྒྱད་ཀྱི་ལམ་ལུགས།
དར་ཚོ་བརྒྱད་ཀྱི་ལམ་ལུགས་ནི་ཆིང་རྒྱལ་རབས་ཀྱི་དམག་དོན་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས་ཀྱི་གཞི་རྩ་སྟེ། དར་ཚོ་བརྒྱད་ནི་ཆི་སེར་པོ་དང་དཀར་པོ། དམར་པོ། སྔོན་པོ་བཅས་རེད། དེའི་རྗེས་སུ་གོང་གི་ཁ་དོག་བཞི་བོའི་སྟེང་ཤན་བཏང་བས་དར་ཚོ་བརྒྱད་ཅེས་ཟེར། ནུའུ་ཨེར་ཧ་ཁྲིས་ཐོག་མར་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
八旗
ཕྱི་ཡིག་གི་མིང་།
Banner system
དུས་སྐབས།
སྤྱི་ལོ1615ལོ།
གསར་འཛུགས་མཁན།
ནུའུ་ཨེར་ཧ་ཁྲི།
རིགས་དབྱེ།
ཆི་སེར་པོ་དང་དཀར་པོ། དམར་པོ། སྔོན་པོ་བཅས་རེད། དེའི་རྗེས་སུ་གོང་གི་ཁ་དོག་བཞི་བོའི་སྟེང་དུ་ཤན་བཏང་བས་དར་ཚོ་བརྒྱད་ཅེས་ཟེར།
འཐོར་བའི་དུས།
ཆིང་རྒྱལ་རབས་བསྣུབས་རྗེས།
1 ངོ་སྤྲོད།

དར་ཚོ་བརྒྱད་ཀྱི་ལམ་ལུགས་ནི་ཆིང་རྒྱལ་རབས་ཀྱི་དམག་དོན་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས་ཀྱི་གཞི་རྩ་སྟེ། ནུའུ་ཨེར་ཧ་ཁྲིས་ཐོག་མར་བཙུགས། ཉུས་ཀྲིན་མི་རིགས་ནི་རུས་རྒྱུད་དང་ས་ཁུལ་ངེས་ཅན་ལ་བརྟེན་ནས་ཐུན་མོང་གིས་རི་དྭགས་རྔོན་པའི་རྩ་འཛུགས་ཀྱི་རྣམ་པས་འཚོ། དེར་ཉུའུ་ལུའུ་ལམ་ལུགས་ཟེར་ཞིང་། འགོ་བར་ཉུའུ་ལུའ་ཨེ་ཀྲིན(ཉུའུ་ལུའུ་ནི་མདའ་ཡི་དོན་དང་ཨུ་ཀྲིན་ནི་མགོ་དཔོན་གྱི་དོན)ཞེས་འབོད། ནུའུ་ཨེར་ཧ་ཁྲིས་ཁོ་ཚོ་མི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་དེ་སྔོན་ཡོད་པའི་ཉུའུ་ལུའུ་ལམ་ལུགས་ཀྱི་རྨང་གཞིའི་ཐོག་དར་ཚོ་བརྒྱད་ཀྱི་ལམ་ལུགས་གསར་དུ་བཙུགས་པ་རེད། དར་ཚོ་བརྒྱད་དུ་མི་སུམ་བརྒྱ་རེ་ཉུའུ་ལུའུ་གཅིག་རེ་དང་དེར་ཀུའུ་ཧྲན་འགོ་བ་གཅིག་རེ་བསྐོ་བ་ཡིན། ཉའུ་ལུའུ་ལྔ་རེ་ཅ་ལཱ་གཅིག་རེ་བསྐོ་བར་ཐག་བཅད། ཀུའུ་ཧྲན་འགོ་བ་ནི་ཆི་དཔོན་རེད། ནུའུ་ཨེར་ཧ་ཁྲི་ལ་དང་ཐོག་ཀུའུ་ཧྲན་འགོ་བ་བསྡོམས་པས་བཞི་ཡོད་པ་སྟེ། ཆི་སེར་པོ་དང་དཀར་པོ། དམར་པོ། སྔོན་པོ་བཅས་རེད། དེའི་རྗེས་སུ་གོང་གི་ཁ་དོག་བཞི་བོའི་སྟེང་དུ་ཤན་བཏང་བས་དར་ཚོ་བརྒྱད་ཅེས་ཟེར། དར་ཚོ་བརྒྱད་པོའི་དབང་ཆར་གོང་མ་དང་མངའ་ཁོངས་རྒྱལ་པོ། པེ་ལི་བཅས་ཀྱིས་ཚོད་འཛིན་བྱས་ལ། ལམ་ལུགས་དེ་ལོ་ངོ296ཙམ་ལ་བཀོལ་སྤྱོད་བྱས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-21

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།