ཀྲོའུ་རྒྱལ་རབས་ནུབ་མའི་ཁྱིམ་རྒྱུད་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲོའུ་རྒྱལ་རབས་ནུབ་མའི་ཁྱིམ་རྒྱུད་ལམ་ལུགས་ནི་སྐུ་དྲག་བར་གྱི་དབང་ཆ་དང་རྒྱུ་ནོར། ས་ཞིང་རྒྱུད་འཛིན་བྱེད་པའི་བཅས་ཀྱི་འགལ་བ་སེལ་ཆེད་དུ། ཀྲོའུ་རྒྱལ་རབས་ནུབ་མས་ཆབ་སྲིད་ཀྱི་ངོ་བོ་ལྡན་པའི་ཁྱིམ་རྒྱུད་ལམ་ལུགས་ཤིག་ལག་བསྟར་བྱས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲོའུ་རྒྱལ་རབས་ནུབ་མའི་ཁྱིམ་རྒྱུད་ལམ་ལུགས།
རྒྱ་ཡིག་གི་མིང་།
西周宗法制
དུས་སྐབས།
ཀྲོའུ་རྒྱལ་རབས་ནུབ་མ།
ངོ་བོ།
ཁྲག་རྒྱུད་དང་ཆབ་སྲིད་འབྲེལ་བ་གཙོར་འཛིན་པ།
1 ངོ་སྤྲོད། 

ཁྱིམ་རྒྱུད་ལམ་ལུགས་དེ་ནི་ཕ་རྒྱུད་ཉེ་རིང་ལ་བརྟེན་ནས་ཆབ་སྲིད་ཀྱི་རིམ་པ་རྒྱུད་སྐྱོང་དང་རྒྱལ་ཁབ་ལ་དབང་སྒྱུར་བ་ཇེ་བརྟན་དུ་གཏོང་བའི་ལམ་ལུགས་ཤིག་ཡིན་ཏེ། དེ་ལས་གོང་མ་ཀྲོའུ་ལ་གནམ་སྲས་སུ་འབོད་ཅིང་། ཆེན་མའི་སྲས་ཆེ་བས་རྒྱལ་སྲིད་འཛིན་པ་དང་དེ་རུས་རྒྱུད་ཆེན་པོར་བརྩི། རྒྱལ་སྲས་གཞན་པ་རྣམས་རྒྱལ་ཕྲན་རྒྱལ་བོར་བསྐོ་ཞིང་དེ་དག་རྒྱལ་སྲས་ཆེ་བར་མཚོན་ན་རུས་རྒྱུད་ཆུང་བ་ཡིན་མོད། འོན་ཀྱང་ཁོ་ཚོའང་རང་ཉིད་ཀྱི་མངའ་ཁོངས་སུ་རུས་རྒྱུད་ཆེན་པོར་བརྩི་བ་ཡིན། རྒྱལ་ཕྲན་རྒྱལ་བོའི་གོ་གནས་ཀྱང་དེའི་ཆེན་མོའི་བུ་ཆེ་བས་འཛིན་ལ་བུ་གཞན་པ་རྣམས་ལ་ས་བགོས་དབང་སྤྲོད་བྱས་ཏེ་ཆིང་ཏ་ཧྥུ་ཡི་གོ་གནས་བསྩལ། རྒྱལ་ཕྲན་རྒྱལ་བོར་མཚོན་ན་ཆིང་ཏ་ཧྥུ་ནི་རུས་རྒྱུད་ཆུང་བ་ཡིན་མོད། འོན་ཀྱང་རང་གི་མངའ་ཁོངས་སུ་ཁྱིམ་རྒྱུད་ཆེན་པོར་བརྩི་བ་ཡིན། ཆིང་ཏ་ཧྥུ་དང་ཧྲི་བར་གྱི་འབྲེལ་བ་ནི་དེ་ལྟར་རོ།། རུས་རྒྱུད་ཆེན་པོས་ཆུང་བར་བཀའ་ཕབ་ནས་ཚོད་འཛིན་བྱེད་ཆོག་ལ། རུས་རྒྱུད་ཆུང་བས་རུས་རྒྱུད་ཆེན་པོ་ངེས་པར་དུ་བརྩི་དགོས། ཀྲོའུ་རྒྱལ་བོ་ནི་གནམ་འོག་གི་རུས་རྒྱུད་ཆེན་པོ་ཡིན་ལ་ཆབ་སྲིད་ཐོག་གི་ཆེས་མཐོའི་གཙོ་འཛིན་ཡིན་པ་བཅས་གཏན་འཁེལ་བྱས་ཡོད། 

2 ཁྱད་ཆོས།

ཁྱིམ་རྒྱུད་ལམ་ལུགས་ཀྱིས་རིམ་པ་སོ་སོའི་སྐུ་དྲག་གི་ཆབ་སྲིད་ཐོག་གི་སྒེར་སྡོམ་དང་ཁྱད་དབང་གི་གོ་གནས་ལ་ཁག་ཐེག་བྱེད་ཐུབ། 

3 ཕན་ནུས། 

ཁྱིམ་རྒྱུད་ལམ་ལུགས་ཀྱིས་དབང་སྒྱུར་ཚོགས་པའི་ནང་ཁུལ་གཏན་འཇགས་དང་མཐུན་སྒྲིལ་ཡོང་བར་ཕན་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།