ཆིང་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིང་རྒྱལ་རབས།
ཆིང་རྒྱལ་རབས་ནི་གོང་མའི་རྒྱལ་རབས་མཐའ་མ་དེ་ཡིན་པ་དང་མན་ཇུ་རིགས་ཀྱིས་འཛིན་སྐྱོང་བྱས། དེ་ནི་རྒྱ་རིགས་མ་ཡིན་པས་རིགས་ཀྱི་དུས་རབས་གཉིས་པ་དེ་ཡིན། མན་ཇུ་བ་རྣམས་ལ་དེ་སྔོན་ཇུར་ཆེན་ཞེས་འབོད་པ་དང་མིང་རྒྱལ་རབས་ཀྱི་སྐབས་བྱང་ཤར་མཚམས་ཀྲུང་གོའི་ལྕགས་རི་རིང་པོའི་ཕྱི་ངོས་སུ་གནས་སྡོད་བྱེད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清朝
ཕྱི་ཡིག་གི་མིང་།
Qing Dynasty
བསྡུས་མིང་།
ཆིང་།
རྒྱལ་ས།
པེ་ཅིང་།
གྲོང་ཁྱེར་གཙོ་བོ།
ཧྲེང་ཅིང་སོགས།
རྒྱལ་གླུ།
《巩金瓯》
གཞུང་ཕྱོགས་ཀྱི་སྐད་ཡིག
མན་ཇུའི་སྐད། རྒྱ་སྐད། སོག་སྐད། བོད་སྐད།
དངུལ་ལོར།
ཆིང་རྒྱལ་རབས་ཀྱི་དངུལ་ལོར།
ཆབ་སྲིད་སྒྲིག་ཁྲིམས།
རྒྱལ་བོ་སྲིད་དབང་སྒེར་གཅོད་ལམ་ལུགས།
མི་རིགས་གཙོ་བོ།
མན་ཇུ་རིགས། རྒྱ་རིགས། སོག་རིགས། ཧུའེ་རིགས། བོད་རིགས།
ཆོས་ལུགས།
ནང་ཆོས།
སྲིད་འཛིན་སྡེ་ཚན།
དམག་དོན་ཁྲུའུ། པུའུ་དྲུག
བརྟག་ཞིབ་སྡེ་ཚན།
ལྟ་ཞིབ་གླིང་།
དམག་དོན་ལམ་ལུགས།
ཆིང་རྒྱལ་རབས་ཀྱི་དམག་དོན་ལམ་ལུགས།
1 ངོ་སྤྲོད།

ཆིང་རྒྱལ་རབས་ནི་གོང་མའི་རྒྱལ་རབས་མཐའ་མ་དེ་ཡིན་པ་དང་མན་ཇུ་རིགས་ཀྱིས་འཛིན་སྐྱོང་བྱས། དེ་ནི་རྒྱ་རིགས་མ་ཡིན་པས་རིགས་ཀྱི་དུས་རབས་གཉིས་པ་དེ་ཡིན། མན་ཇུ་བ་རྣམས་ལ་དེ་སྔོན་ཇུར་ཆེན་ཞེས་འབོད་པ་དང་མིང་རྒྱལ་རབས་ཀྱི་སྐབས་བྱང་ཤར་མཚམས་ཀྲུང་གོའི་ལྕགས་རི་རིང་པོའི་ཕྱི་ངོས་སུ་གནས་སྡོད་བྱེད་ཀྱི་ཡོད།

2 ཉལ་ཐ་དམག་འཁྲུག

སྤྱི་ལོའི་དུས་རབས19མགོ་སྟོད་ནས་བཟུང་མན་ཇུ་རྒྱལ་རབས་ཉམས་མགོ་ཚུགས་ཤིང༌། དེ་ཡང་དཔོན་རིགས་ཁྲོད་ལྐོག་ཟ་རུལ་སུངས་ཉིན་རེ་བཞིན་ཚབས་ཆེར་འགྲོ་བཞིན་པ་ དང༌། ནང་པའི་རྗེས་འཇུག་ཏུ་སྒྲོག་མཁན་པེ་ལེན་ཅའོ་དང་ཐེན་ལི་ཅའོ་སོགས་ཆོས་ལུགས་ཁ་ལ་འཁྱེར་བའི་ཞིང་པའི་གྱེན་ལངས་ལས་འགུལ་གཞི་རྒྱ་ཆེ་བ་སྔ་རྗེས་སུ་ལངས་པ་མ་ཟད། དབྱིན་ཇི་དང་ཧོ་ལན་ཌི། པོར་ཅི་གྷལ་སོགས་ཀྱིས་རྒྱ་ནག་ལ་བཙན་ཤེད་ཀྱིས་ཚོང་འབྲེལ་བྱེད་དགོས་པའི་གནོན་ཤུགས་སྤྲད་པ་དང༌། ལྷག་པར་དུ་དབྱིན་ཇིའི་ཚོང་པ་ཚོས་སྤྱི་ལོ1787ལོ་ནས་ཚོང་ཟོག་གཞན་དང་མཉམ་དུ་རྒྱ་ནག་ནང་ཉལ་ཐ་འདྲེན་ཚོང་ཤུགས་ཆེར་བྱས་པས། རྒྱ་ནག་ལ་ཚོང་འབྲེལ་གྱི་གྱོང་གུད་ཆེན་པོ་ཕོག མན་ཇུ་གཞུང་གིས་སྤྱི་ལོ18སྤྱི་ལོ15ལོར་ཉལ་ཐ་འགོག་སྡོམ་གྱི་ཁྲིམས་ཡིག་བཟོས་ཏེ་ཕྱི་རྒྱལ་གྱི་གྲུ་གཟིངས་ལ་སྔོག་བཤེར་བྱེད་དུ་བཅུག་ཀྱང༌། ཉལ་ཐའི་ཚོང་ལམ་གཅོད་མ་ཐུབ། སྤྱི་ལོ1839ལོར་མན་ཇུ་གཞུང་གིས་བཏང་བའི་སྐུ་ཚབ་ཀྱིས་ཀོང་ཀྲུའུ་རུ་དབྱིན་ཇིའི་ཚོང་པའི་ལག་ནས་བཙན་འཕྲོག་བྱས་པའི་ཉལ་ཐ་རྒྱ་མ་ཁྲི232ལྷག་སྡེབ་གཅིག་ལ་མེར་བསྲེགས་པས། ལོ་ཕྱི་མར་དབྱིན་གཞུང་གིས་དགྲ་སྐྱིན་ལེན་རྒྱུའི་དམག་འཐབ་བསླངས། ཉལ་ཐའི་དམག་འཁྲུག་དེ་ལོ་གཅིག་ལྷག་ཙམ་ལ་རྒྱུན་མཐུད་པ་དང༌། སྤྱི་ལོ184སྤྱི་ལོ1ལོར་དབྱིན་ཇིའི་དམག་དཔུང་ཀྲུང་གོའི་གྲོང་ཁྱེར་ནན་ཅིན་དུ་སླེབས་ཏེ། ཧོང་ཀོང་བཅད་བཟུང་དང༌། ཧྲང་ཧེ་དང་ཀོང་ཀྲུའུ་སོགས་སུ་ཚོང་འབྲེལ་འགག་སྒོ་གསར་འབྱེད་དང༌། གུན་གསབ་ཀྱི་ཆད་དངུལ་འབོར་ཆེན་སྤྲོད་དགོས་པའི《ནན་ཅིང་ཆིངས་ཡིག》བཞག དེར་མཐུད། ཨ་རི། ཧྥ་རན་སི། ཨུ་རུ་སུ། འཇར་པན་བཅས་ནས་སྔ་རྗེས་སུ་རྒྱ་ནག་ལ་བཙན་འཛུལ་གྱིས། རྒྱ་ནག་དེ་ཕྱེད་བཀས་བཀོད་རྒྱུད་འཛིན་དང་ཕྱེད་མི་སེར་སྤེལ་ཡུལ་གྱི་ཡུལ་ལུང་ཞིག་ཏུ་བསྒྱུར།

3 གྱེན་ལོག་དང་ཟིང་འཁྲུག

སྤྱི་ལོ1851ནས་སྤྱི་ལོ1864བར། རྒྱ་ནག་ནང་ཁུལ་དུ་མན་ཇུ་གོང་མར་ངོ་ལོག་གི་དྲག་ཟིང་རྒྱུན་མཐུད་བྱུང་བ་དང༌། ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཧོང་ཞིའུ་ཆོན་ཟེར་བ་ཞིག་གིས་གྱེན་ལོག་གིས། ནན་ཅིན་རྒྱལ་ས་བྱས་པའི་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་ཆེན་སྐོར་ཞིག་ཏུ་ཞི་བདེ་གནམ་རྒྱལ་ཟེར་བའི་རྒྱལ་ཁབ་བཙུགས་པ་དང༌། དེ་བཞིན་ཧྥུ་ཅན་སོགས་སུ་མན་ཇུར་ངོ་རྒོལ་དང༌། མཱིང་རྒྱལ་རབས་བསྐྱར་གསོའི་ལས་འགུལ་རྩོམ་མཁན་ཐེན་ཏི་ཧོའེ་ཨན་ཧོས་དང་ཧོ་ནན་སོགས་བྱང་རྒྱུད་ཀྱི་ཞིང་ཆེན་བརྒྱད་ཙམ་ནས་མི་འབོར་འབུམ་གཉིས་ཙམ་ཡོད་པའི་ཉན་ཅུན་གྱི་ངོ་ལོག་དང༌། སྤྱི་ལོ1862ནས1873བར། ཧྲན་ཞི་དང༌། ཀན་སུའུ། ཉིན་ཞ། ཟི་ལིང་བཅས་སྐོར་ཁག་བཞིའི་ཧོས་རིགས་ཀྱི་དྲག་པོའི་གྱེན་ལོག ཧྲང་ཧེ་རུ་ཏ་མིན་གོ་འཛུགས་མཁན་འོ་ཏའོ་ཧུའེ་སོགས་ཀྱིས་མན་ཇུ་གཞུང་ལ་སུན་གཙེར་དྲག་རྒོལ་མཚམས་མ་ཆད་པར་སྤེལ་ཡོད། སྤྱི་ལོ1894ལོར་འཇར་པན་དང་མན་ཇུའི་དབར་ཁོ་རེ་ཡ་ཕྱེད་གླིང་གི་བདག་ཐོབ་རྩོད་ཆེད་ལྕགས་ཕག་ལོའི་གསར་བརྗེ་ལངས་ཏེ། ཐའེ་ཝན་དང་ཉེ་སྐོར་གླིང་ཕྲན་ཤོར་བ་མ་ཟད། འཇར་པན་ལ་དངུལ་སྲང་དུང་ཕྱུར2.3ལྷག་གི་གུན་གསབ་སྤྲོད་དགོས་པའི་ཆིངས་ཡིག་བཞག

4 རྙིང་ཞེན་དང་བཙན་འཛུལ།

སྤྱི་ལོ1899ལོར། ཧྲན་ཏུང་དང་ཧོ་པེ་སོགས་སུ་ཐོག་མར་མན་ཇུར་ངོ་རྒོལ་དང༌། མཱིང་རྒྱལ་རབས་བསྐྱར་གསོའི་འབོད་ཚིག་སྒྲོག་མཁན་གྱི་ཚོགས་པ་དབྱི་ཧུ་ཐོན་ཟེར་བ་ཞིག་རིམ་གྱིས་མན་ཇུར་རོགས་འདེགས་དང༌། ཕྱི་གླིང་བ་རྩ་གཏོར་གྱི་དགོས་འདུན་འདོན་མཁན་ཞིག་ཏུ་གྱུར་ཏེ། ཀྲུང་གོའི་རིག་གཞུང་རྙིང་བར་ཞེན་ཁོག་འཆང་བའི་སྟོབས་ཤུགས་རྙིང་བའི་སྐུལ་སློང་འོག པེ་ཅིང་དུ་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་ལ་བསྐོར་རྒོལ་བྱས་པ་དང༌། ཡེ་ཤུའི་ཆོས་སྤེལ་མཁན་གྱི་ཕྱི་རྒྱལ་བ240དང༌། རྒྱ་རིགས་ཡེ་ཤུའི་རྗེས་འཇུག་པ་ཁྲི་གཉིས་ལྷག་བསད་པ་མ་ཟད། ཆོས་ཚོགས་དང་འབྲེལ་བ་གང་ཡང་མེད་པའི་རྒྱ་རིགས་དཀྱུས་མ་དེ་ལས་མང་བ་ཞིག་དམར་གསོད་བཏང༌། ས་གནས་ཁག་གི་ཡེ་ཤུའི་ལྷ་ཁང་མེར་བསྲེགས། ཕྱི་རྒྱལ་ཀྱི་དངོས་ཟོག་དང་ལྟ་གྲུབ་ལ་ཕྱོགས་ཡོངས་ནས་འགོག་རྒོལ་གྱི་དོན་རྐྱེན་བསླངས། ནུབ་ཕྱོགས་པས་དོན་རྐྱེན་འདིར(Boxer Rebellion) ཟེར་གྱི་ཡོད།

ཛ་དྲག་གི་གནས་སྟངས་དེའི་ཐད། རྒྱལ་མོ་ཚི་ཞི་ཡིས་ཕྱི་རྒྱལ་ཁག་གི་ཕྱི་འབྲེལ་མི་སྣས་གནད་དོན་ཞི་འཇགས་ཡོང་ཐབས་ཀྱི་འབྲེལ་གཏུགས་ལ་བཟང་ཕྱོགས་ཀྱི་བརྡ་ལན་སྤྲད་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྤྱི་ལོ1900ལོའི་ཟླ1ནང་དབྱི་ཧོ་ཐོན་ལ་གཞུང་འབྲེལ་ནས་རྒྱབ་རོགས་བྱེད་དགོས་པའི་བཀའ་རྒྱ་བཏང་སྟེ། ས་གནས་འགའ་ཤས་སུ་ཚོགས་པ་དེར་དམག་ཕོགས་རྒྱགས་སྤྲོད་དང༌། གཞུང་གི་དམག་དཔུང་སྐོར་ཞིག་དེའི་ནང་འཛུལ་དུ་བཅུག་པས། དྲག་ཟིང་གི་གཞི་རྒྱ་སྔར་བས་ཇེ་ཆེར་ཕྱིན་ཏེ། པེ་ཅིང་དུ་ས་ཁག་སོ་སོ་ནས་ཡོང་བའི་ཚོགས་པ་དེའི་མི་སྣ་འབུམ་གཅིག་ལྷག་འཛོམས། ཕྱི་འབྲེལ་གྱི་གྲོས་མོལ་ལ་ཕན་འབྲས་མ་ཐོན་པ་དང༌། དྲག་ཟིང་གི་རྣམ་པ་ཉིན་རེ་བཞིན་ཇེ་ཐུར་འགྲོ་བཞིན་ཡོད་པར་བརྟེན། འཇར་པན་དང་ཨུ་རུ་སུ། དབྱིན་ཇི། ཧྥ་རན་སི། འཇར་མན། ཨ་རི། དབྱི་ཊ་ལི། རྒྱལ་པོ་གཅིག་གི་དབང་བསྒྱུར་འོག་ཡོད་པའི་ཨོ་ཏཱ་ལི་ཡ་དང་ཧང་གྷ་རི་མནའ་འབྲེལ་(Austro-Hungarian Empire)བཅས་རྒྱལ་ཁབ་བརྒྱད་མཉམ་འབྲེལ་བྱས་པའི་དམག་དཔུང་གིས་གཞུང་ཚབ་ཁང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཀྲུང་གོ་ལ་དཔུང་འཇུག་བྱས་ཤིང༌།

ཟླ6ཚེས21ཉིན། མན་ཇུ་གཞུང་གིས་ཀྱང་དམག་འཐབ་ཀྱི་ཁྱབ་བསྒྲགས་དང་མཉམ་དུ། ཕྱི་རྒྱལ་བ་ཕོ་གསོད་མཁན་ལ་དངུལ་སྲང་ལྔ་བཅུ་དང༌། ཕྱི་རྒྱལ་བ་མོ་གསོད་མཁན་ལ་དངུལ་སྲང་བཞི་བཅུ། ཕྱི་རྒྱལ་བའི་ཕྲུ་གུ་གསོད་མཁན་ལ་དངུལ་སྲང་སུམ་ཅུ་གཟིགས་གསོལ་སྤྲོད་རྒྱུའི་ཐ་ཚིག་བཀྲམ། མཉམ་འབྲེལ་དམག་གིས་ཟླ7ཚེས14ཉིན་ཐེན་ཅིན་བཟུང་བ་དང༌། ཟླ8ཚེས16ཉིན་པེ་ཅིང་བཟུང༌། རྒྱལ་མོ་ཚི་ཞི་དང་ཕོ་བྲང་གི་སྐུ་འཁོར་རྣམས་ཞི་ཨན་དུ་བྲོས།

5 ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས།

སྤྱི་ལོ1901ལོའི་ཟླ9ཚེས7ཉིན། བཙན་ཤེད་ཀྱིས་མན་ཇུ་གཞུང་གིས་དངུལ་སྲང་དུང་ཕྱུར4.5གུན་གསབ་སྤྲོད་དགོས་པའི་ལྕགས་གླང་ཆིངས་ཡིག་བཞག་ལོ་དེ་ནས་བཟུང༌། སུང་ཀྲུང་ཧྲན་གྱིས་མགོ་འཁྲིད་པའི་གསར་བརྗེ་ཚོགས་པས་གོ་མིང་ཏང༌། གྱེན་ལངས་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང༌། གྱེན་ལངས་ཕམ་ཉེས་ཐེངས་བཅུ་བྱུང་བའི་རྗེས་ཀྱི་སྤྱི་ལོ1912ཟླ1ནང༌། ཀྲུང་ཧྭ་མི་སེར་རྒྱལ་ཁབ་དངོས་སུ་བཙུགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-23

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།