ཧྲང་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲང་རྒྱལ་རབས།
ཧྲང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་བྱུང་བའི་རྒྱལ་རབས་གཉིས་པ་ཡིན། མ་ཟད་དུས་མཉམ་ལ་ཡིག་ཐོག་ཏུ་བཀོད་པའི་རྒྱལ་རབས་ཀྱང་ཡིན། དེ་ནི་ཧྲང་ཐང་གིས་སྣེ་འཁྲིད་པའི་ཧྲང་ཚོ་བའི་ཚོ་དཔོན་དག་དང་མཉམ་དུ་ཞ་རྒྱལ་རབས་བསྣུབས་རྗེས་བཙུགས་པའི་རྒྱལ་རབས་ཡིན། རྒྱལ་ས་ཐེངས་མང་གནས་སྤོ་བྱས་མཐར་ཡིན་ནས་རྒྱལ་ས་གཏན་ཆགས་བྱས་ཏེ། ལོ་ཉིས་བརྒྱ་དོན་གསུམ་སོང་བ་རེད། དེ་བས་ཧྲང་རྒྱལ་རབས་ལ་ཧྲང་ངམ་ཡིན་ཧྲང་ཡང་ཟེར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商朝
ཕྱི་ཡིག་གི་མིང་།
Shang Dynasty
བསྡུས་མིང་།
ཧྲང་ངམ་དབྱིན་ཧྲང་།
རྒྱལ་ས།
ཧྲང་ཆིའུ་དང་ཨན་དབྱང་།
སྲིད་བསྐྱང་ལོ།
སྤྱི་ལོ་སྔོན་གྱི་དུས་རབས17ནས་སྤྱི་ལོ་སྔོན་གྱི་དུས་རབས11
གྲོང་ཁྱེར་གཙོ་བོ།
ཡིན་དང་ཧའོ་སོགས་ཡིན།
དངུལ་ལོར།
འགྲོན་བུའི་དངུལ་སོགས།
ཆབ་སྲིད་ལམ་ལུགས།
གོང་མའི་ལམ་ལུགས།
མི་རིགས་གཙོ་བོ།
ཧྭ་ཞ་རིགས། དབྱི། རུང་། ཏི། མན།
རྒྱལ་འཛུགས་གོང་མ།
ཧྲང་ཐང་། ཧྲང་ཀྲོའུ་ཝང་།
མཐའ་མའི་གོང་མ།
ཧྲང་ཀྲོའུ་ཝང་།
རིག་གནས།
ཀྲུངཡོན་དབྱིན་ཧྲང་རིག་གནས།
1 ངོ་སྤྲོད།

ཧྲང་རྒྱལ་རབས་སྐབས་ཐང་ཧྲང་ནས་རྩིས་པའི་ཧྲང་ཀྲོའུ་རྒྱལ་པོའི་བར་ཁྱོན་རྒྱལ་པོ31བྱུང། དུས་རབས་དེའི་སྐབས་རྒྱ་རིགས་ཀྱི་གནམ་ལྷ་དང་གཤིས་ལྷ་དེ་མིན་ལྷ་ཐམས་ཅད་ཀྱི་དཔོན་ས་ལྷ་སོགས་ལྷ་འདྲ་མིན་ལ་དད་མོས་བྱེད་ཀྱི་ཡོད། མ་ཟད་དུས་རབས་དེའི་སྐབས་ཀྱི་མི་རྣམས་ནས་རང་ཉིད་མེས་པོ་དམ་པ་དང་ཕ་མེས་ཡང་མེས་རྣམས་འདས་གྲོངས་རྗེས་ཐམས་ཅད་ལྷ་རུ་འགྱུར་འགྲོ་བར་ཡིད་ཆེས་བྱེད། ཁྱིམ་ཚང་ཕལ་མོ་ཆེ་རང་ཉིད་ཀྱི་མེས་པོ་རྣམས་ལ་མཆོད་པ་བྱེད།

《རྒྱལ་རབས་དེབ་ཐེར་ཆེན་མོ》ལས་ཧྲང་རྒྱལ་རབས་ཀྱི་དུས་རྒྱལ་ས་ཐེངས་དྲུག་ཙམ་གནས་སྤོས་བྱས། སྤྱི་ལོའི་སྔོན་གྱི་ལོ་ངོ1350སྐབས་ཆེས་མཐའ་མཇུག་གི་གནས་སྤོས་ནི་ཡིན་ས་ཁུལ་དུ་བྱས་ཏེ་དབྱིན་རྒྱལ་རབས་ཀྱི་འགོ་བརྩམས། དུས་རབས་དེ་ནི་སྐལ་ལྡན་དུས་རབས་ཞེས་ཀྱང་བརྗོད། དེ་མིན་ཧྲང་དུས་རབས་ཕྱི་མ་ཡང་འབོད།

སྤྱི་ལོའི་སྔོན་གྱི་ལོ་ངོ1600ནས1046ཙམ་བར་ཀྱི་ཧྲང་རྒྱལ་རབས་ནི་ཚན་པ་གཉིས་སུ་དབྱེ་ཆོག། ཧྲང་རྒྱལ་རབས་ནི་དེང་དུས་ཀྱི་ཨར་ལི་སྒང་དང་ཀྲང་ཀྲའུ། ཧྲང་ཁྲང་སོགས་སུ་ཆགས་ཚུལ་བཙལ་རྙེད་ཐུབ་པ་དང། དུམ་མཚམས་གཉིས་པ་ནི་ཧྲང་རྒྱལ་རབས་ཕྱི་མ་འམ་དབྱིན་རྒྱལ་རབས་ཞེས་འབོད་པ་དང། དེང་དུས་ཀྱི་ཧོ་ནན་ཞིང་ཆེན་ཁོངས་ཨན་དབྱང་ས་ཁུལ་དུ་ཡིན། ཧྲང་རྒྱལ་རབས་ཀྱི་རྒྱལ་ས་དགུ་བྱུང་བའི་ཐ་མ་དེ་ཡིན། སྤྱི་ལོའི་སྔོན་གྱི་ལོ་ངོ1200ཙམ་ནས་ཡིན་པའི་རུས་པ་དང་སྲོག་ཆགས་སྐོགས་ཤུན་སྟེང་བྲིས་པའི་རྒྱ་ཡིག་འབྲི་གཟུགས་ཞིག་ཀྱང་ཨན་དབྱང་ནས་བཙལ་རྙེད་བྱུང།

སྤྱི་ལོ2006ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་གནའ་ཤུལ་ཟིན་ཐོ》རུ་འདམས་པ་རེད། ཧྲང་རྒྱལ་རབས་ནི་སྐབས་དེའི་འཛམ་གླིང་སྟེང་རིག་གནས་དར་བའི་རྒྱལ་ཁབ་ཆེ་ཤོས་ཤིག་སྟེ། ཞིང་ལས་ཅུང་དར་ཞིང་འབྲུ་རིགས་སྣ་མང་གིས་ཆང་བསྙལ་བ་དང་། ལག་ཤེས་བཟོ་ལས་ཀྱང་ཅུང་དར་བས་སྤུས་ཀ་ལེགས་ཤོས་ཀྱི་ཟངས་ཆས་དང་རྫ་ཆས་བཟོ་ཤེས་པར་བཤད། དཔལ་འབྱོར་འཕེལ་རྒྱས་བྱུང་བའི་སྔ་དུས་ཀྱི་གྲོང་ཁྱེར་ཆགས་ཡོད། ཝུའུ་ཏེན་ཞེས་དབང་བསྒྱུར་སྐབས་རྒྱལ་ཁབ་ཀྱི་སྟོབས་འབྱོར་དར་བའི་རྩེ་མོར་སོན། དེའི་རྗེས་ནས་རིམ་བཞིན་ཉམས་རྒུད་དུ་སོང་ཞིང་། སྤྱི་ལོ་སྔོན་གྱི་དུས་རབས11ལ་ཀྲོའུ་ཝུའུ་ཝང་གིས་བསྣུབས་པ་རེད། ཆེས་དར་བའི་དུས་ཀྱི་མངའ་ཁོངས་ཤར་ཕྱོགས་ནས་རྒྱ་མཚོའི་མཚམས། ནུབ་ཕྱོགས་སུ་ཧྲན་ཞི་ཞིང་ཆེན་གྱི་མཚམས། བྱང་ཕྱོགས་ནས་ཧོ་པེའི་བྱུང་ཁུལ་མཚམས། ལྷོ་ཕྱོགས་ནས་འབྲུ་ཆུའི་མཚམས་སུ་ཡོད་པར་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།