ཀྲོའུ་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲོའུ་རྒྱལ་རབས།
ཀྲོའུ་རྒྱལ་རབས་ནི་ཀྲུང་གོའི་རྒྱལ་རབས་ཐོག་དུས་ཡུན་རིང་ཤོས་ཀྱི་རྒྱལ་རྒྱུད་ཞིག་ཡིན། དུས་ཡུན་ལོ་ངོ 1300 ལྷག་ཙམ་གྱི་ལོ་རྒྱུས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
周朝
ཕྱི་ཡིག་གི་མིང་།
The Zhou Dynasty
བསྡུས་མིང་།
ཀྲོའུ།
སྲིད་བསྐྱངས་ལོ།
རྒྱལ་རབས་བཙུགས་ལོ་དང་འཇིགས་ལོ། སྤྱི་ལོ་སྔོན་གྱི1046ལོ–སྤྱི་ལོ་སྔོན་གྱི256ལོ།
རྒྱལ་ས།
ཧའོ་ཅིང་དང་ལུའོ་དབྱི།
གྲོང་ཁྱེར་གཙོ་བོ།
ཧྥེང་ཅིང་། ཧའོ་ཅིང་། ཁྲའོ་ཀུ་སོགས་ཡོད།
དངུལ་ལོར།
འགྲོན་བུའི་དངུལ། གྲི་དངུལ། རས་དངུལ།
ཆབ་སྲིད་སྒྲིག་ཁྲིམས།
གོང་མའི་ལམ་ལུགས།
ཆབ་སྲིད་ལམ་ལུགས།
ཁྱིམ་རྒྱུད་ལམ་ལུགས།
མི་རིགས་གཙོ་བོ།
ཧྭ་ཞ་མི་རིགས།
ཆོས་ལུགས་དད་མོས།
གདོད་མའི་ཆོས་ལུགས།
1 ངོ་སྤྲོད།

ཀྲོའུ་རྒྱལ་རབས་ནི་ཀྲུང་གོའི་རྒྱལ་རབས་ཐོག་དུས་ཡུན་རིང་ཤོས་ཀྱི་རྒྱལ་རྒྱུད་ཞིག་ཡིན། དུས་ཡུན་ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ཡོད། ཀྲོའུ་རྒྱལ་རབས་ནི་རྨ་ཆུ་གཙང་པོའི་གཤོངས་སུ་སྤྱི་ལོའི་གོང་གི་དུས་རངས་ཉི་ཤུ་པ་རྫོགས་མཚམས་སུ་འགོ་ཚུགས། ཕྱིར་ཧྲང་རྒྱལ་རབས་ཀྱི་མངའ་ཁོངས་བརྩན་བཟུང་བྱས། ཧྲང་རྒྱལ་རབས་དེ་ཡང་ཐོག་མར་ཕྱེད་ཞིང་བྲན་གཡོག་ལམ་ལུགས་ནས་འགོ་ཚུགས། ཀྲོའུ་རིགས་རྒྱུད་ནི་ཐོག་མར་ཧྲང་མངའ་ཁུལ་གྱི་ནུབ་ཕྱོགས་སུ་གནས་སྡོད་བྱེད་ཀྱིན་ཡོད་པ་དང། ཧྲང་རྒྱལ་རབས་སྐབས་ཀྲོའུ་ཚོ་པའི་འགོ་ཁྲིད་དེ་ནུབ་ཕྱོགས་མཐའ་སྲུང་དཔོན་དུ་བསྐོ་བཞག་མཛད། དམུ་ཝི་དམག་འཁྲུག་སྐབས་ཀྲོའུ་ཚོ་པའི་གཙོ་བོ་ཝུའུ་རྒྱལ་པོ་དང་ཁོང་གི་སྤུན་མཆེད་ཀྱི་རྒྱབ་སྐྱོར་འོག་ཧྲང་རྒྱལ་རབས་ཕམ་ཉེས་བཏང།

2 གནམ་འོག་གི་འཚོ་འཛིན།

དེ་སྐབས་ཀྲོའུ་རྒྱལ་པོས་རྒྱལ་ཁམས་ཐམས་ཅད་གཅིག་སྒྲིལ་ཡོང་ཆེད་གནམ་འོག་གི་འཚོ་འཛིན་ཞེས་པའི་ལྟ་ཚུལ་གསར་པ་ཞིག་བཏོན། ལྟ་ཚུལ་དེས་ཕྱིས་སུ་འབྱུང་བའི་རྒྱལ་རབས་མང་པོ་ཞིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱའི་དབང་འཛིན་སུས་བྱེད་དགོས་མིན་གནམ་ཐོག་ནས་ཐག་གཅོད་པ་ལྟར་བརྗོད། མ་ཟད་རང་བྱུང་གི་གནོད་འཚེ་ཚབས་ཆེན་བྱུང་ཚེ་གནམ་འོག་གི་འཚོ་འཛིན་ཅེས་པའི་གོང་མིང་ཤོར་འགྲོ་བའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟར་བྱུང་ཚེ་གོང་མ་ཚང་ནས་སྔོན་མ་དེ་གནས་དབྱུང་གཏོང་ནས། ཁྱིམ་རྒྱུད་གསར་པ་ཞིག་གི་གནམ་འོག་གི་འཚོ་འཛིན་ཅེས་པའི་གོང་མིང་འཛིན་ཀྱི་ཡོད།

ཀྲོའུ་རྒྱལ་རབས་སྐབས་ཐོག་མར་རང་ཉིད་ཀྱི་རྒྱལ་ས། རྨ་ཆུ་གཙང་པོའི་ཡན་ལག་ཝེ་ཆུ་འགྲམ་དུ་གནས་པའི། དེང་དུས་ཞི་ཨན་གྲོང་ཁྱེར་ནུབ་ཕྱོགས་སུ་གནས་སྤོས་བྱས། འོན་ཀྱང་སྲིད་འཛིན་ས་ཁུལ་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པས་འབྲི་ཆུ་གཙང་པོའི་གཤོངས་སུ་རྒྱ་སྐྱེད་བྱུང། དེ་ནི་ཐེངས་དང་པོའི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་གནས་སྤོས་བྱས་པའི་མི་འབོར་ཤུགས་ཆེ་ཤོས་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།