བཙན་རྒྱལ་རིང་ལུགས་གྱིས་ཀྲུང་གོར་བཙན་འཛུལ་བྱེད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྕགས་ཕག་ལོའི་གསར་བརྗེ་ལངས་རྗེས། བཙན་རྒྱལ་རིང་ལུགས་བཙན་དབང་རྒྱལ་ཁབ་སྟེ་ལྷག་པར་དུ་ཨུ་རུ་སུ་དང་དབྱིན་ཇི། འཇའ་ཕན་སོགས་རྒྱལ་ཁབ་གྱིས་ཀྲུང་གོའི་སྲིད་དབང་བརྗེ་སྤྲོད་ཀྱི་གོ་སྐབས་དང་བསྟུན་ནས་བཙན་འཛུལ་ལ་ཤུགས་བསྣན་པ་རེད། པེ་དབྱང་དམག་ཤེད་ཅན་སྲིད་གཞུང་གིས་བཙན་དབང་རྒྱལ་ཁབ་ཀྱི་གནོན་ཤུགས་ལ་གཉའ་ཆག་ནས་རྒྱལ་འཚོང་སྲིད་ཇུས་ལག་བསྟར་བྱས་པས། ཀྲུང་གོའི་ཕྱི་འབྲེལ་ལ་བསྟུད་མར་ཕམ་ཁ་འཁེལ་ཏེ་མངའ་ཁོངས་དང་བདག་དབང་མང་པོ་ཤོར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
帝国主义侵略中国
ཕྱི་ཡིག་གི་མིང་།
Imperialist aggression against China
དུས་ཚོད།
སྤྱི་ལོ1727ལོར།
མི་སྣ།
མུའུ་ལ་ཝེ་ཡུའེ་ཧྥ།
1 ​ངོ་སྤྲོད།

ཕྱི་སོག་ནི་སྔར་ཀྲུང་གོའི་ཁོངས་ཡིན་པ་དང་། ཆིང་སྲིད་གཞུང་གིས་གནས་དེ་རུ་རིམ་པ་ཁག་གི་དམག་དོན་དང་སྲིད་འཛིན་གྱི་ལས་ཁུངས་བཙུགས་ཏེ། སྤྱི་ལོ1721ལོར་བཞག་པའི་ཀྲུང་ཨུའི་པུའུ་ལེན་སི་ཆི་ས་མཚམས་ཀྱི་ཆིངས་ཡིག་ལས་རྒྱ་ཆེའི་མོང་གོལ་ས་ཁུལ་ཡིན་པ་གསལ་བོར་གཏན་ཁེལ་བྱས་ཡོད།

2  བརྒྱུད་རིམ།

སྔར་སྤྱི་ལོ1763ལོར། ཨུ་རུ་སུ་གོང་མའི་རྒྱལ་ཁབ་ཀྱི་ཡོའན་ཧྲི་སྨི་ལེར་གྱིས་ཧྲ་ཧོང་གོང་མ་ཡེ་ཐེ་ལིན་ན་སྐུ་ཕྲེང་གཉིས་པར་ཕུལ་བའི་ཞུ་ཡིག་ལས། མོང་གོལ་བྱང་མ་ཨུ་རུ་སུས་ཁོངས་སུ་བསྡུ་དགོས་པ་དང་། མྱ་ངམ་ཐང་དེ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རང་བྱུང་མཐའ་མཚམས་སུ་འགྱུར་བར་བྱེད་དགོས་པ་བསྟན། སྤྱི་ལོ1858ལོར། པོ་ལི་ཡ་ཤར་མ་དང་ནུབ་མའི་སྤྱི་ཁྱབ་ཞིང་དཔོན་མུའུ་ལ་ཚེ་ཡུའེ་ཧྥ་ཡིས་ཨུ་རུ་སུའི་ཆིན་ཝང་ལ་ཕུལ་བའི་སྙན་ཞུའི་ཁྲོད་ནམ་ཞིག་ཆིང་རྒྱལ་རབས་འཇིག་ཚེ། མོང་གོལ་རང་བཙན་བྱེད་པར་རྒྱབ་སྐྱོར་བྱས་ཆོག་ཅེས་བཤད། དུས་རབས20བའི་དུས་མགོར། ཨུ་རུ་སུས་མོང་གོལ་ས་ཁུལ་དུ་ཧུར་བརྩོན་གྱིས་སྟོབས་ཤུགས་རྒྱ་བསྐྱེད་དེ། མོང་གོལ་ས་ཁུལ་ལ་རྒྱུན་ཆད་མེད་པར་མྱུལ་མ་བཏང་ནས་གསང་འཕྲིན་འཚོལ་བསྡུ་བྱས་ཤིང་། ཝང་གུང་དང་སྤྲུལ་སྐུ་ཁ་ཤས་ལ་བསླུ་བྲིད་དང་འཇིགས་སྐུལ་བྱས་ཏེ། ཁོ་ཚོའི་མེས་རྒྱལ་ལ་ཁ་ཕྲལ་དང་རྒྱབ་གཏོད་བྱེད་པར་ངན་སྐུལ་བྱས།

3 མཇུག་འབྲས།

ཆིང་རྒྱལ་རབས་ཀྱི་དབང་སྒྱུར་ལ་ཉམས་ཉེན་བྱུང་ཞིང་། ཨུ་རུ་སུས་སྐབས་གླགས་དེར་བརྟེན་ནས་ཕྱི་སོག་རང་བཙན་ལ་ངན་སྐུལ་བྱེད་པར་ཤུགས་བསྣན། ཨུ་རུ་སུ་ལ་དགའ་བའི་ཕྱི་སོག་གི་བཀས་བཀོད་རྒྱུད་འཛིན་གྱི་ཝང་གུང་དང་སྤྲུལ་སྐུ་ཁ་ཤས་ཀྱིས་ཨུ་འབྲེལ་གྱིས་རང་བཙན་བྱེད་པའི་གནད་དོན་བཏོན་པར། རྒྱལ་གཅེས་ཝང་གུང་མི་ཉུང་བ་ཞིག་གིས་ངོ་རྒོལ་བྱས། ལྕགས་ཕག་ལོའི་གསར་བརྗེ་ལངས་རྗེས། ཨུ་རུ་སུས་དམག་དཔུང་མངགས་ནས་ཁུའུ་ལན་དུ་སླེབས། སྤྱི་ལོ1911ལོའི་ལོ་མཇུག་ཏུ། ཨུ་རུ་སུའི་དྲག་ཤུགས་ཀྱི་རྒྱབ་སྐྱོར་འོག ཕྱི་སོག་གིས་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་ཏེ་མོང་གོལ་རྒྱལ་ཁབ་ཆེན་མོ་བཙུགས་པ་དང་། སྤྲུལ་སྐུ་རྗེ་བཙུན་དམ་པ་གོང་མར་མངའ་གསོལ། ཕྱི་ལོར། ཨུ་རུ་སུ་དང་ཕྱི་སོག་གི་དབང་འཛིན་ལས་ཁུངས་ཀྱིས་ཨུ་རུ་སུ་དང་མོང་གོལ་གྱི་གྲོས་ཆིངས་བཞག་སྟེ། ཨུ་རུ་སུས་མོང་གོལ་གྱིས་རང་སྐྱོང་བྱེད་པར་རོགས་སྐྱོར་བྱེད་པ་དང་མཉམ་དུ་ཁྱད་དབང་ཆེན་པོ་སྤྱོད་རྒྱུ་ཡོད་པ་གཏན་ལ་ཕབ། དེ་ལྟར་ཕྱི་སོག་དོན་དངོས་སུ་ཨུ་རུ་སུས་དབང་དུ་བསྡུས་པ་རེད། མ་འགྱངས་པར། ཡོན་ཧྲི་ཁའེ་ཡི་པེ་དབྱང་དམག་ཤེད་ཅན་སྲིད་གཞུང་དང་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཀྲུང་ཨུའི་གསལ་བསྒྲགས་སོགས་ཡིག་ཆར་མིང་རྟགས་བཀོད་པས། ཀྲུང་གོ་སྲིད་གཞུང་གིས་ཕྱི་སོག་ཏུ་དམག་དཔུང་གཉེར་སྐྱོང་དང་བཅའ་སྡོད། ཡུལ་མི་གནས་སྤོ་བཅས་བྱེད་མི་ཆོག་ལ། ཨུ་རུ་སུས་ཕྱི་སོག་གི་སྲིད་གཞུང་ལ་ཁ་ལོ་བསྒྱུར་བར་ཤུགས་སྣོན་བྱས་པས། ཕྱི་སོག་དོན་དངོས་སུ་ཨུ་རུ་སུའི་རྣམ་པ་འགྱུར་བའི་མི་སེར་སྤེལ་ཡུལ་དུ་གྱུར་ཡོད། དེའི་ཇེས་སུ། ཨུ་རུ་སུས་སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་གྱི་ཐང་ནོ་ཝུའུ་ལིའང་ཧའེ་ས་ཁུལ་ཡང་ཧམ་བཟུང་བྱས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།