ཡོངས་འཛིན་རིག་མཛོད། >སློབ་གསོ།

ལས་རིགས་ལག་རྩལ་སློབ་གྲྭ།

ལས་རིགས་ལག་རྩལ་སློབ་གྲྭ་ནི་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡན་ལག་ཅིག་ཡིན་ཞིང་། དེ་ནི་ལས་རིགས་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཆུ་ཚད་མཐོ་རུ་གཏོང་བ་གཙོ་བོར་འཛིན་པའི་སློབ་གྲྭ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གཉེར་བྱེད་སྟངས་ཀྱི་ཐོན་རྫས་ཡིན། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ནས་ཚོང་རའི་ལས་ཞུགས་འགྲན་རྩོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་བ་དང་། ལག་རྩལ་དཔྱད་ཞིབ་བྱས་པ་བརྒྱུད་དེ་ཚད་ལྡན་དུ་གྱུར་ཚེ་རྒྱལ་ཁབ་ཀྱིས་ཁས་ལེན་པའི་ལས་རིགས་ཐོབ་ཐང་དཔང་ཡིག་དང་འབྲིང་རིམ་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཐོབ་ཐང་གནང་བ་ཡིན། རྒྱ་ཡིག་གི་མིང་། 职业技术学校 ཕྱི་ཡིག་གི་མིང་།

རིགས་དབྱེ།   སློབ་གསོ།སློབ་གསོ་སྡེ་ཁག

དངོས་སྤྱོད་རིང་ལུགས་ཀྱི་སློབ་གསོ་རིག་པ།

དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་འགོར་ཨ་རིར་དར་བའི་སློབ་གསོའི་བསམ་བློ་ཞིག་ཡིན་ཞིང་། དུས་རབས20པའི་འཛམ་བུ་གླིང་ཧྲིལ་བོའི་སློབ་གསོའི་གཞུང་ལུགས་ཞིབ་འཇུག་དང་སློབ་གསོའི་ལག་ལེན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱ་ཡིག་གི་མིང་། 实用主义教育学 ཚབ་མཚོན་མི་སྣ། ཏེའོ་ཡེ། ཁུ་པོ་ཆུའུ། རྨང་གཞི། དངོས་སྤྱོད་རིང་ལུགས། གཞི་རྩའི་ལྟ་བ། སློབ་གསོ་ནི་བྱེ་བྲག་གི་མིའི་ཉམས་མྱོང་འཕེལ་བ་དེ་ཡིན། ཚབ་མཚོན་མི་སྣ། དངོས་སྤྱོད་རིང་ལུགས་ཀྱི་སློབ་གསོ་རིག་པའི་ཚབ་མཚོན་མི་སྣར་ཨ་རིའི་མཚན་ཉིད་རིག་པ་བ་དང་སློབ་གསོ་རིག་པ་བ་ཏེའོ་ཡེ(John

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

འོས་འགན་སློབ་གསོ།

བཅའ་ཁྲིམས་ཀྱིས་ཐག་བཅད་པ་ལྟར། སློབ་ལོ་རན་པའི་བྱིས་པ་དང་ན་ཆུང་ཚོས་ངེས་པར་དང་ལེན་བྱ་དགོས་ཤིང་། རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ། ཁྱིམ་ཚང་བཅས་ཀྱིས་ངེས་པར་ཁག་ཐེག་བྱ་དགོས་པའི་རྒྱལ་དམངས་སློབ་གསོ་ཞིག་ཡིན། མིག་སྔར་རང་རྒྱལ་གྱིས་སློབ་ཆུང་དང་དམའ་འབྲིང་གི་སློབ་ལུགས“ལོ་དྲུག་དང་གསུམ”ཅན་དང“ལྔ་དང་བཞི”ཅན། “ལོ་ལྔ་དང་གསུམ”ཅན། “ལོ་དགུ་རྒྱུན་མཐུད”ཅན་བཅས་མཉམ་དུ་གནས་ཡོད་ལ། འདི་ནི་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ་དང་མཐུན་པས་འོས་འཚམ་ཡིན། རྒྱ་ཡིག་གི་མིང་། 义务教育 ཕྱི་ཡིག་གི་མིང་། Compulsory education མིང་གཞན། འགན་བབས་སློབ་གསོ། ཁྱད་ཆོས། བཅའ་ཁྲིམས་རང་བཞིན། སྤྱི་ཕན་རང་བཞིན།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

སློབ་གསོའི་ལམ་ལུགས།

རྒྱལ་ཁབ་ཀྱིས་རིགས་དང་རིམ་པ་སོ་སོའི་སློབ་གྲྭའི་རང་བཞིན་དང་། འོས་འགན། དོ་དོམ་གྱི་རྩ་འཛུགས་ལམ་ལུགས། སློབ་གསོའི་སྒྲིག་གཞི། སྐྱེད་སྲིང་དམིགས་འབེན། སློབ་གྲྭར་ཞུགས་པའི་ཆ་རྐྱེན། སློར་གཉེར་གྱི་དུས་ཡུན་སོགས་དང་དེ་དག་བར་གྱི་འབྲེལ་བ་བཅས་ཐག་གིས་གཅོད་པ་རེད། སློབ་གྲྭའི་སློབ་གསོའི་ལམ་ལུགས་ལ་བྱིས་གཉོར་ཁང་། སློབ་ཆུང་། སློབ་འབྲིང་། ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ། དགེ་རྒན་གསབ་སྦྱོང་འཛིན་གྲྭ། རིགས་སོ་སོའི་ཆེད་ལས་ལག་རྩལ་འཛིན་གྲྭ། ལས་ཞོར་སློབ་གྲྭ་དག་གི་སློབ་གསོའི་ལམ་ལུགས་འདུ།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

གདོད་མའི་སློབ་གསོ།

གདོད་མའི་སྤྱི་ཚོགས་སྐབས་ཀྱི་སློབ་གསོ་ཡིན་ལ། གདོད་མའི་སྤྱི་ཚོགས་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐོག་མ་ཡིན་ཞིང་། ཧ་ལམ་ལོ་ངོ་ས་ཡ་གཅིག་ལྷག་གི་དུས་ཡུན་རིང་བོ་བརྒྱུད་པ་ཡིན། རྒྱ་ཡིག་གི་མིང་། 原始教育 ཕྱི་ཡིག་གི་མིང་། primitive education དུས་ཚོད། གདོད་མའི་སྤྱི་ཚོགས། ནང་དོན། གདོད་མའི་ཐོན་སྐྱེད་ངལ་རྩོལ། མིང་གཞན། དེང་ཐོག་གི་རྣམ་པའི་སློབ་གསོ། ངོ་སྤྲོད། གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཤིན་ཏུ་ཞན་པས་སྐབས་དེའི་མི་རྣམས་ཀྱི་འཚོ་བའི་ལག་ཆ་ནི་རྡོ་ཆས་ཙམ་ཡིན་ཞིང་།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

ལུས་རྩལ་སློབ་གསོ།

སློབ་མར་ལུས་རྩལ་དང་། འཕྲོད་བསྟེན། བདེ་ཐང་བཅས་ཀྱི་ཤེས་བྱ་དང་ནུས་རྩལ་འཁྲིད་པ་དང་། འགུལ་སྐྱོད་ནུས་ཤུགས་དང་གཙང་སྦྲ་བྱེད་པའི་གོམས་གཤིས་སོགས་སྐྱེད་སྲིང་བྱས་ནས། ལུས་ཕུང་བདེ་ཐང་ངང་འཚར་ལོངས་འོང་བར་བསྐུལ་བའི་སློབ་གསོ་ཞིག་ཡིན་ཞིང་། སློབ་མ་རྣམས་ཕྱོགས་ཡོངས་ནས་ཡར་སྐྱེད་འོང་བར་སློབ་གསོ་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། དེར་སློབ་གྲྭའི་ལུས་རྩལ་སློབ་གསོ་དང་འཕྲོད་བསྟེན་བདེ་སྲུང་སྟེ་ཕྱོགས་གཉིས་འདུ། སློབ་གྲྭའི་ལུས་རྩལ་སློབ་གསོ་ནི་ལུང་ཕུང་འགུལ་སྐྱོད་ལ་བརྟེན་ནས་སློབ་མའི་ལུས་ཕུང་ཇེ་བཟང་དུ་གཏོང་བ་དང་།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

མཛེས་རྩལ་སློབ་གསོ།

སློབ་མ་ཚོར་མཛེས་དཔྱོད་ལྟ་བ་ཡང་དག་པ་ཆགས་པ་དང་། མཛེས་སྡུག་ཉམས་སུ་མྱོང་བ་དང་། མཛེས་སྡུག་གསར་སྐྲུན་བྱེད་པའི་སློབ་གསོ་ཞིག་ཡིན་ལ། དེ་གཙོ་བོ་རང་བྱུང་ཁམས་དང་། འཚོ་བ། སྒྱུ་རྩལ་སོགས་ཕྱོགས་མང་པོའི་མཛེས་དཔྱོད་བྱ་འགུལ་བརྒྱུད་ནས་སློབ་མར་སློབ་གསོ་གཏོང་བ་དེ་ཡིན། རྒྱ་ཡིག་གི་མིང་། 美育 སྒྲ་ཡངས་འཇུག མཛེས་རྩལ་དེ་རིག་ཚན་སོ་སོའི་སློབ་ཁྲིད་ཁྲོད་ཡོད་པ། སྒྲ་དོག་འཇུག སྒྱུ་རྩལ་སློབ་གསོ་རྐྱང་བ། བྱུང་དུས། 1793ལོར། ཚབ་བྱེད་མི་སྣ། ཞིས་ལི། དོན་སྙིང་། རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་འཚོ་བ།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

ཀུན་སྤྱོད་སློབ་གསོ།

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེའི་འོས་འགན་ནི་སློབ་མར་དངོས་གཙོ་རྩོད་སྒྲུབ་རིང་ལུགས་ཀྱི་བསམ་པའི་ལྟ་བ་འཛུགས་པ་དང་གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་གཤིས་རྒྱུད་ཆགས་པར་བྱ་རྒྱུ་དེ་ཡིན། རྒྱ་ཡིག་གི་མིང་། 德育教育 ངོ་བོ། སློབ་གསོ། དམིགས་ཡུལ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་སྐྱེད་སྲིང་བྱ་བའི་ཐབས་ལམ། ངོ་སྤྲོད། སློབ་གསོ་བྱེད་མཁན་གྱིས་སྤྱི་ཚོགས་ངེས་ཅན་དང་དུས་རབས་ངེས་ཅན་གྱི་རེ་འདུན་ལྟར་འཆར་གཞི་ལྡན་པ་དང་དམིགས་ཡུལ་ལྡན་པའི་སྒོ་ནས་སློབ་གྲྭའི་སློབ་གསོ་བྱ་ཡུལ་སློབ་མ་རྣམས་ལ་སློབ་གསོ་བཏང་ནས་བསམ་པའི་ཀུན་སྤྱོད་ལྡན་པར་བྱེད་པ་ལ་ཟེར།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

ཤེས་རིག་སློབ་གསོ།

སློབ་གསོ་མྱོང་མཁན་ལ་མིའི་རིགས་ཀྱི་ཤུལ་བཞག་གི་ཚན་རིག་རིག་གནས་ཀྱི་ཤེས་བྱ་དང་ནུས་རྩལ་སོགས་སྤེལ་བ་དང་། སློབ་གསོ་མྱོང་མཁན་གྱི་བློ་སྟོབས་འཕེལ་རྒྱས་སུ་གཏོང་བ། བློ་གྲོས་ཀྱི་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་སློབ་གསོ་ཞིག་ཡིན། རྒྱ་ཡིག་གི་མིང་། 智育 ཕྱི་ཡིག་གི་མིང་། Intellectual education ནུས་པ། བློ་གྲོས་ཀྱི་ཚད་ཇེ་མཐོར་གཏོང་བ། དོན་སྙིང་། སྤྱི་ཚོགས་དར་རྒྱས་སུ་འགྲོ་བའི་ཆ་རྐྱེན་དགོས་ངེས་ཤིག་ཡིན་ལ། མི་རྣམས་ཕྱོགས་ཡོངས་ནས་ཡར་སྐྱེད་འོང་བའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་རྒྱུན་མཐུད་དང་འཕེས་རྒྱས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན་ལ།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

གནའ་རབས་སློབ་གསོ།

སློབ་གསོའི་བྱུང་འཕེལ་ཐད་དུ་གནའ་རབས་ཀྱི་སློབ་གསོ་དེ་བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སློབ་གསོ་ཡིན་པས་སྐབས་འདིའི་སློབ་གསོར་གྲལ་རིམ་གྱི་རང་བཞིན་ལྡན། རྒྱ་ཡིག་གི་མིང་། 古代教育 རྣམ་པ། སློབ་གྲྭ་དང་ཁྲིད་གཞི་ཐོག་མར་བྱུང་བ། ཁྱད་ཆོས། གྲལ་རིམ་རང་བཞིན་ལྡན་པ། ངོ་སྤྲོད། དབང་སྒྱུར་གྲལ་རིམ་པ་བྲན་བདག་དང་བཀོད་བཀོད་ས་བདག་དག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་སྒེར་འཛིན་བྱས་ནས།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

ཡིད་འཇོག

མིའི་སེམས་ལས་དེ་ཡུལ་ངེས་ཅན་ཞིག་ལ་དམིགས་པ་དང་གཅིག་ཏུ་སྡུད་པ་ཡིན། ཡིད་འཇོག་ནི་སེམས་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་ཏེ། སྒེར་ཚུགས་ཀྱི་སེམས་ཁམས་ཀྱི་བརྒྱུད་རིམ་མེད། དེ་ནི་ཚོར་བ་དང་ཚོར་ཤེས། དྲན་པ། བསམ་གཞིགས། རྟོག་འཆར་སོགསཀྱི་སེམས་ཁམས་བརྒྱུད་རིམ་གྱི་ངང་ཚུལ་ཞིག་ཡིན། དམིགས་པའི་རང་བཞིན་དང་གཅིག་སྡུད་རང་བཞིན་ནི་དོ་སྣང་གི་རྩ་བའི་ཁྱད་ཆོས་གཉིས་ཡིན། རྒྱ་ཡིག་གི་མིང་། 注意 ཕྱི་ཡིག་གི་མིང་། attention ཁོངས་གཏོགས། སེམས་ཁམས་རིག་པ། མིང་གཞན། དོ་སྣང་། མཉམ་འཇོག ནུས་མཐུ། གཅིག

རིགས་དབྱེ།   སློབ་གསོ།སེམས་ཁམས་རིག་པ།

སློབ་ཁྲིད་བྱེད་ཐབས།

མཛུབ་སྟོན་བསམ་བློ་དང་རྩ་བའི་ཐབས་ལམ། ཐབས་ལམ་དངོས། སློབ་ཁྲིད་ཀྱི་རྣམ་པ་བཅས་བཞི་ཡིས་གྲུབ་པ་ཡིན་ལ། དེའི་ནང་དུ་དགེ་རྒན་གྱི་ཁྲིད་ཐབས་དང་སློབ་མའི་སློབ་ཐབས་གཉིས་འདུ་ལ། དེ་ནི་ཁྲིད་ཐབས་དང་སློབ་ཐབས་གཉིས་ཀྱི་གཞི་གཅིག་འདུས་ཡིན། ཁྲིད་ཐབས་ནི་སློབ་ཐབས་ལས་བྱུང་བ་ཡིན་ལ་གཙོ་ཁྲིད་ཀྱི་གོ་གནས་ཡང་ཟིན་དགོས། རྒྱ་ཡིག་གི་མིང་། 教学方法 ཕྱི་ཡིག་གི་མིང་། Teaching method ཁོངས་གཏོགས། སློབ་གསོ་སེམས་ཁམས་རིག་པ། རྒྱུན་སྤྱོད་ཐབས་ལམ། དགེ་རྒན་གྱིས་ཁ་གསལ་ཞིང་ཚིག་དག་པར་ངག་ཐོག་ནས་སློབ་མར་ཤེས་བྱ་བརྒྱུད་སྤྲོད་དང་སློབ་མའི་འཇོན་ནུས་འཕེལ་བར་བྱེད་པ་འཁྲིད་པའི་ཐབས།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

ངེས་སྦྱོང་།

བསླབ་ཚན་གསར་བའི་བཅོས་སྒྱུར་ཁྲོད་ཀྱི་མིང་ཚིག་གསར་བ་ཞིག་ཡིན་ལ། བསླབ་ཚན་སྒྲིག་གཞིའི་ཁྲོད་ཀྱི་བསླབ་ཚན་རིགས་གཅིག་ཡིན། རྒྱ་ཡིག་གི་མིང་། 必修 ཕྱི་ཡིག་གི་མིང་། compulsory འགྲེལ་བ། རང་ཉིད་ཀྱིས་ངེས་པར་དུ་སྦྱངས་དགོས་པའི་བསླབ་ཚན། ངོ་སྤྲོད། སྤྱི་ལོ2004ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་མཐོ་འབྲིང་དཀྱུས་མའི་བསླབ་ཚན་ཚད་གཞི་གཏན་འཁེལ་ཁྱབ་བསྒྲགས་བྱས་ལ། གཏན་འཁེལ་ལྟར་ངེས་པར་དུ་སྦྱངས་དགོས་པ་དང་ལྷག་པར་བསླབ་གནས་ལེན་པ་དང་མཐར་ཕྱིན་རྟགས་ཚད་དུ་ཐོན་དགོས་ན་ངེས་པར་དུ་སྦྱངས་དགོས་པ་རེད།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

སློབ་ཡོན།

སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་མཁན་དགེ་རྒན་ལ་སྲིད་གཞུང་དང་སྒེར་ནས་སྐུ་ཡོན་གྲངས་ཚད་ངེས་ཅན་ཞིག་འབུལ་བ་ལ་ཟེར། རྒྱ་ཡིག་གི་མིང་། 学费 ཕྱི་ཡིག་གི་མིང་། tuition ངོ་སྤྲོད། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་ཆོས་ལུགས་དང་ཡིག་བསྒྱུར་སློབ་གྲྭ་འཛུགས་སྐབས་སློབ་གཉེར་བ་སོ་སོས་སློབ་དཔོན་ལ་སློབ་ཡོན་འབུལ་མ་དགོས་པར་རྒྱལ་བོའི་མཛོད་ནས་སློབ་དཔོན་རྣམ་པ་ཚོར་ཟླ་བ་རེར་གཏན་འཁེལ་གྱི་ཕོགས་འབུལ་གྱི་ཡོད། བོད་དུ་སངས་རྒྱས་ཆོས་ལུགས་ཕྱི་དར་སྐབས་བྱུང་བའི་ལོ་ཙཱ་བ་མང་པོ་ཞིག་རང་ཉིད་ཀྱིས་དང་བླངས་ཐོག་བལ་ཡུལ་དང་། ཁ་ཆེ། རྒྱ་གར་བཅས་སུ་སློབ་གཉེར་གནང་བར་ཕེབས་སྐབས་སློབ་དཔོན་ལ་སྐུ་ཡོན་འབུལ་བྱེད་གསེར་མང་པོ་བསྒྲུབས་ནས་ཕེབས་དགོས། སྐུ་ཡོན་དུ་གསེར་འབུལ་རྒྱུ་མེད་ན་སློབ་གཉེར་ལེགས་པོ་ཡོང་ཐབས་མེད།

རིགས་དབྱེ།   སློབ་གསོ།དགོན་སྡེའི་སློབ་གསོ།

ཁྱིམ་ཚང་སློབ་གསོ།

སྤྱིར་བཏང་དུ་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་ཕ་མའམ་རྒན་པ་དག་གིས་བུ་ཕྲུག་ཚོར་སློབ་གསོ་གཏོང་བར་ཟེར་ཞིང་། སྒྲ་ཡངས་འཇུག་གི་གོ་དོན་ནི་བྱིས་པ་བཙས་ནས་ནར་སོན་པའི་བར་དུ་མྱོང་བའི་ཁྱིམ་ཚང་གི་སློབ་གསོ་ལ་ཟེར་བ་དང་། སྒྲ་དོག་འཇུག་གི་གོ་དོན་ནི་སློབ་ལོ་མ་རན་པའི་བྱིས་པར་སྤེལ་བའི་ཁྱིམ་ཚང་གི་སློབ་གསོ་ལ་ཟེར། སྤྱིར་བཏང་དུ་ཁྱིམ་ཚང་གི་སློབ་གསོའི་གནད་འགག་ནི་བྱིས་པ་བཙས་པ་ནས་ལོ་བཅོ་ལྔ་ཙམ་གྱི་བར་གྱི་སློབ་གསོ་དེ་ཡིན་ལ། བོད་ལུགས་ཀྱིས་བུ་ཕྲུག་དགོན་པར་ཆོས་ཞུགས་མ་བྱས་གོང་ཕ་མའི་སར་ཁྱིམ་གྱི་འཚོ་བ་སྐྱེལ་དགོས་པས་དེ་སྐབས་ཕ་མའི་ཐེབས་པའི་སློབ་གསོ་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   སློབ་གསོ།བྱིས་པའི་སློབ་གསོ།

འཚོ་བའི་མཐུན་རྐྱེན།

སློབ་གཉེར་བ་རྣམས་ལ་དགོས་ངེས་ཀྱི་སྡོད་ཁང་དང་། ཟས་གོས། དཀར་གསལ་བཞུ་མར་སོགས་ལ་ཟེར། རྒྱ་ཡིག་གི་མིང་། 生活补助费 ངོ་སྤྲོད། གདན་ས་ཆེན་པོ་རྣམས་སུ་བླ་སྤྲུལ་ཆེ་འབྲིང་དང་ཆོས་མཛད་སོགས་འབྱོར་ལྡན་རིགས་ཉུང་ཤས་ཕུད་གྲྭ་རྐྱང་དབུལ་ཕོངས་རྣམས་སྡོད་ཁང་ཆུང་ཞིང་དཀར་གསལ་མི་ལྡང་བ་དང་། མཚན་མོར་སྒྲོན་མེ་མེད་པར་སྤོས་རྐང་གཅིག་སྤར་བའི་མེ་འོད་འོག་དཔེ་ཆ་ལྟ་ཀློག་བྱེད་དགོས་པ། ཤ་དང་ཚལ་རིགས་ཞོ་འོ་མ་སོགས་ལོ་གཅིག་ནང་ཐེངས་རེ་གཉིས་ཙམ་ལས་རྒྱུན་དུ་སྲན་ཙམ་རྙིང་པ་དང་། སྲན་པ་ཆུ་ལ་སྦངས་པའི་ཟ་འབྲུ་ཙམ་དང་། ལོ་གཅིག་ལ་འབྲུ་ཕོགས་ཁལ་བདུན་བརྒྱད་ཙམ་དང་དད་ཅན་སྦྱིན་བདག་ཁག་ནས་སྐུ་འགྱེད་དང་ཕོགས་དངུལ་བསྡོམས་ན་ལོ་གཅིག་ལ་བོད་དངུལ་སྲང་སུམ་བརྒྱ་མ་ལོང་ཙམ་ལས་མེད།

རིགས་དབྱེ།   སློབ་གསོ།དགོན་སྡེའི་སློབ་གསོ།

སློབ་ཁྲིད་ཟིན་བྲིས།

སློབ་ཁྲིད་ཀྱི་རྩ་འཛིན་གཞིར་བཟུང་ནས་དགེ་རྒན་སོ་སོས་བྲིས་པའི་སློབ་ཁྲིད་ཟིན་བྲིས་ཞིག་སྟེ། སློབ་ཁྲིད་ཀྱི་ནང་དོན་དང་བརྒྱུད་རིམ། བྱེད་ཐབས་སོགས་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པའི་སྤྱོ་སྒོ་ཅན་གྱི་དཔེ་ཆ་ཞིག་ཡིན། རྒྱ་ཡིག་གི་མིང་། 教案 ཕྱི་ཡིག་གི་མིང་། Teaching Plan མིང་གཞན། ཁྲིད་ཡིག ངོ་སྤྲོད། སློབ་ཚན་རེ་རེ་དང་སློབ་ཐུན་རེ་རེའི་སློབ་ཁྲིད་ཀྱི་ནང་དོན་དང་གོ་རིམ། སློབ་ཁྲིད་བྱེད་ཐབས་སོགས་ལ་དམིགས་ཏེ་ཡང་དག་གིས་འཆར་འགོད་བྱས་པ་ཡིན་པས་གོ་རིམ་ཧ་ཅང་ཞིབ་ཚགས་ལྡན་པ།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

སློབ་ཁྲིད་ནང་དོན།

རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དགེ་རྒན་གྱིས་ཅི་ཞིག་ཁྲིད་པ་དང་སློབ་མས་ཅི་ཞིག་སློབ་པའི་ཤེས་བྱ་དང་། ནུས་རྩལ། དེ་མིན་དེ་དག་འདུས་པའི་བསམ་བློ། བརྩེ་དུང་། ཀུན་སྤྱོད་སོགས་ཡིན་ལ། རིགས་དང་རིམ་པ་སོ་སོའི་སློབ་གྲྭས་ཁྲིད་དགོས་པའི་བསླབ་ཚན་སོ་སོ་དང་དེ་དག་གི་ཤེས་བྱའི་བརྒྱུད་རིམ་ཡང་ཡིན་པ་དང་། སློབ་གསོའི་དམིགས་ཡུལ་དང་གསོ་སྐྱོང་གི་དམིགས་པ་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་ཞིང་། སློབ་གྲྭས་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་བའི་གཞི་འཛིན་སའང་ཡིན། རྒྱ་ཡིག་གི་མིང་། 教学内容 ཕྱི་ཡིག་གི་མིང་།  content

རིགས་དབྱེ།   སློབ་གསོ།སློབ་གསོ་སྡེ་ཁག

སློབ་གསེང་དགུང་གསེང་།

སློབ་སྦྱོང་གི་དུས་ཡུན་རིང་ཙམ་སོང་ཚེ་ངལ་གསོའི་དུས་ཚོད་འོས་འཚམས་ཤིག་འཇོག་པ་ལ་ཟེར། རྒྱ་ཡིག་གི་མིང་། 假期 དུས་ཚོད། གདན་ས་ཆེན་པོ་ཁག་ཏུ་ཆོས་ཐོག་སྐབས་སུ་ཟླ་རེའི་ཚེས་བརྒྱད་དང་། བཅོ་ལྔ། སུམ་ཅུ་ནམ་ཡིན་ལ་ཉིན་ཕྱེད་རིང་ངལ་གསོ། བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་ཚེས་བདུན་བར་ངལ་གསོ། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ནས་བོད་ཟླ་དང་པོའི་ཚེས་གཉིས་བར་ངལ་གསོ་བཅས་ཡིན། བྱ་འགུལ། གཉེན་འཕྲད་དང་། སྤྲོ་སྐྱིད། ཆོས་ལུགས་དང་མཐུན་པའི་རྩེ་མོ་རྩེ་བ། རིག་གནས་གཞན་དག་གི་དཔེ་ཆ་ལྟ་བ། ཐག་ཉེ་སར་གནས་འཇལ་དུ་འགྲོ་བ་སོགས་བྱེད་ཆོག

རིགས་དབྱེ།   སློབ་གསོ།དགོན་སྡེའི་སློབ་གསོ།

སློབ་ཁྲིད་ཀྱི་བརྒྱུད་རིམ།

དགེ་རྒན་གྱིས་གཙོ་ཁྲིད་ནུས་པ་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་འོག སློབ་མས་སློབ་གཞི་ངེས་ཀློག་དང་། གོ་བ་ལེན་པའི་བརྒྱུད་རིམ་ལ་ཟེར་བ་ཡིན། དེ་ལ་སློབ་མའི་ཤེས་ཡོན་རྒྱ་ཆེར་གཏོང་བ་དང་བལྟ་ཀློག་གི་གོམས་གཤིས་ལེགས་པོ་འཇགས་པ། སློབ་མས་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞེན་དང་། ཁོ་ཚོས་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་དད་མོས་དང་སྙིང་སྟོབས་གསོ་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱོད་བཟང་དར་སྤེལ་དང་། དྭངས་གཙང་ལྷད་མེད་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་བཅས་ཀྱི་ལས་འགན་ཡོད།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་ཁྲིད་རྩ་དོན།

དགེ་རྒན་གྱིས་འཁྲིད་པ་དང་སློབ་མས་སློབ་པའི་ཐད་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་བྱ་བའི་ཁག་ཐེག་ཡིན་ལ། དགེ་རྒན་གྱིས་སློབ་ཁྲིད་སྐབས་བརྩི་སྲུང་བྱ་དགོས་པའི་གཞི་རྩའི་རྩ་དོན་ཡིན་པས། དེས་སློབ་ཁྲིད་བརྒྱུད་རིམ་ཐད་ཀྱི་དངོས་ཡོད་ཆོས་ཉིད་མངོན་པར་མཚོན་ཞིང་སློབ་ཁྲིད་ལག་ལེན་ཡུན་རིང་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་ཤིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 教学原则 ཕྱི་ཡིག་གི་མིང་། Teaching principle ཁྱད་ཆོས། སློབ་ཁྲིད་ཀྱི་ཆོས་ཉིད་ལ་འགྲེལ་བཤད། ཚན་རིག་རང་བཞིན་དང་བསམ་བློའི་རང་བཞིན་གཅིག་གྱུར། རྩ་དོན། གཅིག སློབ་ཁྲིད་ལ་ཚན་རིག་རང་བཞིན་ལྡན་དགོས། སློབ་ཁྲིད་བྱེད་སྐབས་འཁྲིད་པའི་ནང་དོན་ནི་ལག་ལེན་ནང་ཕྱོགས་བསྡོམས་ཡང་དག་བྱས་པའི་ཚན་རིག་ཤེས་བྱ་ཡིན་དགོས་པར་མ་ཟད་སློབ་ཁྲིད་བརྒྱུད་རིམ་ཀྱང་ཚན་རིག་དང་ལྡན་པ་ཡིན་དགོས། གཉིས།

རིགས་དབྱེ།   སློབ་གསོ།སློབ་གསོ་རིག་པ།

སློབ་ཁྲིད་ཀྱི་ཐབས་ཤེས།

སློབ་ཁྲིད་ཀྱི་དམིགས་ཡུལ་དང་ལས་འགན་ལེགས་གྲུབ་བྱ་ཕྱིར་དགེ་རྒན་གྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སློབ་ཐབས་སྤྱོད་དགོས། ཚན་རིག་དང་མཐུན་པའི་སློབ་ཐབས་སྤྱོད་དགོས་ན་ངེས་པར་དུ་སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་ཕན་ཚུན་གཞོགས་འདེགས་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས། རྩ་དོན་དེ་གཏན་འཁེལ་བྱེད་པར་ཕྱོགས་གཉིས་ཀྱི་རང་བཞིན་དང་སྣ་ཚོགས་ཀྱི་རང་བཞིན། ཚོད་འཛིན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། རྒྱ་ཡིག་གི་མིང་། 教学方法 རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་ཁྲིད་བྱེད་ཐབས། རིགས། སྐད་ཡིག

རིགས་དབྱེ།   སློབ་གསོ།དགེ་རྒན་སློབ་གསོ།

སློབ་ཕྱིའི་བྱེད་སྒོ།

སྐད་ཡིག་གི་སློབ་ཕྱིའི་བྱེད་སྒོ་སྤེལ་རྒྱུ་དེ་ཡང་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་། དེའི་ནང་སློབ་ཕྱིའི་ལྟ་ཀློག་གི་བྱེད་སྒོ་དང་། རྩོམ་འབྲིའི་བྱེད་སྒོ། ཉན་རྒྱུ་དང་ཤོད་རྒྱུའི་བྱེད་སྒོ། ལྟ་སྐོར་དང་འཚམས་འདྲིའི་བྱེད་སྒོ་བཅས་ཚུད་ཡོད། རྒྱ་ཡིག་གི་མིང་། 课外活动 རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་གསེང་བྱ་འགུལ། རིགས། སྐད་ཡིག ཚན་པ། དམའ་འབྲིང་། ངོ་སྤྲོད། སློབ་ཕྱིའི་སྐད་ཡིག་གི་བྱེད་སྒོ་སྤེལ་རྒྱུ་དེ་ནི་སློབ་མ་ལ་སྐད་ཡིག་བཀོལ་སྤྱོད་ཀྱི་སྦྱོང་བརྡར་སྤྲོད་རྒྱུའི་ཐབས་ལམ་བཟང་པོ་ཞིག་ཡིན་པས་དེར་མཐོང་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་དགོས་པ་གལ་ཤིན་ཏུ་ཆེ།

རིགས་དབྱེ།   སློབ་གསོ།མཐོ་འབྲིང་སློབ་གསོ།

འཛིན་གྲྭ།

སློབ་གྲྭའི་ཆེས་གཞི་རྩའི་སྡེ་ཁག་ཡིན་ལ། འཛིན་གྲྭའི་སློབ་ཁྲིད་ནི་དེང་རབས་ཀྱི་སློབ་གསོའི་རྣམ་པའི་ཚབ་བྱེད་རང་བཞིན་ཅན་ཡིན། འཛིན་གྲྭ་གཅིག་ལ་རྒྱུན་ལྡན་དུ་དགེ་རྒན་གཅིག་དང་ཡང་ན་རིག་ཚན་མི་གཅིག་པའི་དགེ་རྒན་དང་སློབ་མ་མང་པོ་ཞིག་ལས་གྲུབ་པ་ཡིན་ལ། སློབ་གྲྭའི་སློབ་གསོའི་ནུས་པ་གཙོ་བོ་དེ་ཡང་འཛིན་གྲྭའི་བྱ་འགུལ་ཁྲོད་མངོན་འགྱུར་བྱས་པ་ཡིན། རྒྱ་ཡིག་གི་མིང་། 班级 ཕྱི་ཡིག་གི་མིང་། class ཁོངས་གཏོགས། སློབ་གྲྭའི་སྡེ་ཁག འཛིན་གྲྭའི་སྐྱོར་དཔོན། འཛིན་གྲྭ་དེའི་ནང་གི་སློབ་གཉེར་བ་ཚང་མས་གྲོས་བསྡུར་ཐོག་སྤྱི་མོས་བྱུང་བའི་མི་ཞིག་འདེམས་བསྐོས་བྱས་པ་ཡིན་པས་འཛིན་གྲྭའི་འཐུས་མིའི་གོ་ཆོད་པ་ཞིག་རེད། ལས་འགན་ནི་འཛིན་གྲྭ་དེའི་ནང་གི་སློབ་གཉེར་བ་ཚང་མའི་མིང་ཐོ་ཉར་རྒྱུ་དང་། སློབ་དུས་

རིགས་དབྱེ།   སློབ་གསོ།དགོན་སྡེའི་སློབ་གསོ།

དྲི་བ་བསྐུལ་བའི་ནུས་རྩལ།

དགེ་རྒན་གྱིས་དམིགས་ཡུལ་ངེས་ཅན་ཐོག་དྲི་གཞི་དང་དོགས་གནད་འདོན་པ་དེར་སློབ་མ་ཚོས་ཧུར་བརྩོན་དང་ཁ་ཕྱོགས་ཡོད་པའི་སྒོ་ནས་བསམ་གཞིགས་དང་ལན་འདེབས་བྱེད་པའི་བྱེད་སྒོ་ཞིག་ལ་ཟེར་བ་ཡིན། རྒྱ་ཡིག་གི་མིང་། 提问 ཕྱི་ཡིག་གི་མིང་། ask a question རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་ཁྲིད། རིགས། སྐད་ཡིག ཚན་པ། དམའ་འབྲིང་། རྣམ་གྲངས། རྣམ་གྲངས། འགྲེལ་བ། དཔེ་མཚོན། ངེས་ཤེས་རང་བཞིན་གྱི་དྲི་བ། དྲི་བ་དེ་རིགས་ནི་སློབ་མས་བློར་འཛིན་བྱས་པའི་ཤེས་བྱ་ཁག་ཇི་མ་ཇི་བཞིན་དུ་ལན་འདེབས་བྱ་དགོས་པ་ལས་བསམ་གཞིགས་གཏིང་ཟབ་བྱ་དགོས་པ་ཞིག་ཡིན།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

རང་སྦྱོང་ནུས་པ།

སློབ་འབྲིང་སློབ་མར་སྐད་ཡིག་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པར་མཛུབ་ཁྲིད་བྱ་རྒྱུ་ནི་དོན་དངོས་ཐོག་སློབ་མར་མིའི་རིགས་ཀྱི་ཤེས་བྱའི་བང་མཛོད་ཀྱི་ལྡེ་མིག་སྤྲད་པ་ཞིག་དང་། སློབ་འབྲིང་སློབ་མར་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐབས་ཤེས་ཁོང་དུ་ཆུད་པ་བྱེད་པའི་བརྒྱུད་རིམ་ནི་དོན་དངོས་ཐོག་སློབ་བུ་རང་གིས་རང་རྐྱ་འཕེར་བའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དང་རང་ཉིད་ཀྱི་སློབ་སྦྱོང་ནུས་པ་སྦྱོང་བའི་བརྒྱུད་རིམ་ཡིན། ལས་དོན་དེ་ཡག་པོ་ཞིག་བསྒྲུབ་དགོས་ན་སློབ་འབྲིང་སློབ་མས་ངེས་པར་དུ་སྐད་ཡིག་རང་སྦྱོང་བྱེད་པའི་གྲུབ་ཆ་གང་ཡིན་རྟོགས་དགོས། རྒྱ་ཡིག་གི་མིང་། 自学能力 རིག་ཚན། སློབ་གསོ་རིག་པ། ཁོངས། རང་སྦྱོང་། རིགས། སྐད་ཡིག ཚན་པ། མཐོ་འབྲིང་། གྲུབ་ཆ།

རིགས་དབྱེ།   སློབ་གསོ།མཐོ་འབྲིང་སློབ་གསོ།

མཇུག་བསྡུ་བའི་ནུས་རྩལ།

སློབ་ཐུན་གཅིག་མཇུག་སྒྲིལ་ལ་ཉེ་བའི་སྐབས་དགེ་རྒན་གྱིས་སློབ་མ་ཚང་མ་སྒྲིག་འཛུགས་བྱས་ནས་སློབ་ཐུན་འདིའི་ནང་འཆད་ཟིན་པའི་སློབ་ཚན་དེའི་སྒྲིག་གཞིའམ་གཙོ་གནད་ནང་དོན་ཁག་ལ་ཐོག་མའི་ཕྱོགས་བསྡོམས་བྱེད་པའམ། སློབ་ཚན་དེའི་སྒྲིག་གཞི་དང་། གཙོ་དོན། རྩོམ་རྩལ་གྱི་ཁྱད་ཆོས་སོགས་ལ་ཕྱོགས་བསྡོམས་རགས་པ་བྱས་ཏེ། སྦྱངས་ཟིན་པའི་ཤེས་བྱ་ཁག་སྲ་བརྟན་དང་བེད་སྤྱོད་གཏོང་རྒྱུར་རམ་འདེགས་དང་། ནུས་པ་གསོ་སྐྱོང་བྱས་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་སེམས་ཤུགས་འདོན་སྤེལ་བྱེད་ཐུབ་པའི་ཆེད་དུ་ཡིན་པས་ན་དེ་ལྟ་བུའི་ནུས་རྩལ་ལ་མཇུག་བསྡུ་བའི་ནུས་རྩལ་ཞེས་ཟེར།

རིགས་དབྱེ།   སློབ་གསོ།མཐོ་འབྲིང་སློབ་གསོ།

ཞག་སྡོད་ལམ་ལུགས་ཀྱི་མི་རིགས་སློབ་ཆུང་།

མི་རིགས་ས་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་ཆུང་ལ་ཞག་སྡོད་སློབ་ཆུང་དང་ཕྱེད་ཞག་སྡོད་སློབ་ཆུང་གཉིས་ཡོད། ཞག་སྡོད་སློབ་ཆུང་གི་སློབ་མའི་སྡོད་ས་དང་ཟ་ཁང་ཚང་མ་སློབ་གྲྭར་ཡོད་ལ། སློབ་མའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཆེ་བར་མ་ཟད་ས་གནས་ཀྱང་རྫོང་མཁར་དང་གྲོང་རྡལ་ནས་འཛུགས་དགོས་ལ། ཕྱེད་ཞག་སྡོད་སློབ་ཆུང་ནི་སློབ་མ་ཚང་མའི་ཞག་སྡོད་དང་ཟ་འཐུང་ཡོད་ཚད་སློབ་གྲྭ་ནས་ཐག་གཅོད་མི་བྱེད་ལ། སློབ་མའི་བསྡུ་ལེན་བལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་ལ། སློབ་གྲྭའི་ས་གནས་ནི་ཞིང་དང་སྡེ་བ་ནས་འཛུགས་དགོས་ལ། སློབ་མ་སྐོར་ཅིག་གཅིག་བསྡུས་སྒོས་སློབ་གྲྭར་ཟ་མ་དང་ཞག་སྡོད་བྱེད་དགོས།

རིགས་དབྱེ།   སློབ་གསོ།སློབ་ཆུང་གི་སློབ་གསོ།

རྩོམ་འབྲིའི་ནུས་པ།

རྩོམ་འབྲི་ནི་དེང་རབས་སྤྱི་ཚོགས་ནང་མེད་དུ་མི་རུང་ཞིང་། ཆ་འཕྲིན་གཏོང་སྤྲོད་དང་། བསམ་བློ་བརྗེ་རེས་སྐབས་རྩོམ་འབྲི་དགོས་པ་མ་ཟད། སློབ་སྦྱོང་དང་ཚན་རིག་ཞིབ་འཇུག ཉམས་མྱོང་སྤེལ་རེས་དང་ཤེས་བྱ་བརྒྱུད་སྤྲོད་སྐབས་ཀྱང་རྩོམ་འབྲི་དགོས་པ་སོགས་གང་ལྟར་རྩོམ་འབྲི་ནི་མེད་དུ་མི་རུང་ཞིང་། རྩོམ་འབྲི་བ་ནི་དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱ་ཡིག་གི་མིང་། 写作技能 ཁྱབ་ཁོངས། སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་ཆེན་སློབ་མ། དམིགས་ཡུལ། སློབ་ཆེན་སྐད་ཡིག་ཆེད་ལས་སློབ་མའི་རྩོམ་འབྲིའི་སྦྱོང་བརྡར་དང་སློབ་ཐོན་དཔྱད་རྩོམ་འབྲི་བའི་ནུས་པ་མཐོར་འདེགས།

རིགས་དབྱེ།   སློབ་གསོ།སློབ་ཆེན་གྱི་སློབ་གསོ།

སྨན་པའི་སློབ་གྲྭ།

གཡུ་ཐོག་ཡོན་ཏན་མགོན་པོས་རང་ཉིད་སྒེར་གྱི་གཉེར་བའི་བསྐོར་བསྐྱོད་སྨན་པའི་སློབ་གྲྭ་བཙུགས་པ་ནི་སྨན་པའི་སློབ་གྲྭ་དང་སྒེར་བཙུགས་སློབ་གྲྭའི་ཐོག་མ་ཡིན། རྒྱ་ཡིག་གི་མིང་། 医学院 ཁྱད་ཆོས། སྒྲིག་འཛུགས་ཡོད་པ་དང་། འགོ་ཁྲིད་ཡོད་པ། ལམ་ལུགས་ཡོད་པ། ཚད་གཞི་ཡོད་པ། རང་བཞིན། སྒེར་གྱིས་གཉེར་བ་དང་ཚུགས་ཡུལ་གཏན་འཇགས་མེད་པ། ངོ་སྤྲོད། སློབ་གྲྭ་དེ་ནི་སྒྲིག་འཛུགས་ཡོད་པ་དང་། འགོ་ཁྲིད་ཡོད་པ། ལམ་ལུགས་ཡོད་པ། ཚད་གཞི་ཡོད་པ་བཅས་ཀྱི་སློབ་གྲྭ་ཡིན་པ་དང་།

རིགས་དབྱེ།   སློབ་གསོ།དགོན་སྡེའི་སློབ་གསོ།