ཡོངས་འཛིན་རིག་མཛོད། >སློབ་གསོ། >སློབ་གསོ་སྡེ་ཁག

ལས་རིགས་ལག་རྩལ་སློབ་གྲྭ།

ལས་རིགས་ལག་རྩལ་སློབ་གྲྭ་ནི་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡན་ལག་ཅིག་ཡིན་ཞིང་། དེ་ནི་ལས་རིགས་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཆུ་ཚད་མཐོ་རུ་གཏོང་བ་གཙོ་བོར་འཛིན་པའི་སློབ་གྲྭ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གཉེར་བྱེད་སྟངས་ཀྱི་ཐོན་རྫས་ཡིན། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ནས་ཚོང་རའི་ལས་ཞུགས་འགྲན་རྩོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་བ་དང་། ལག་རྩལ་དཔྱད་ཞིབ་བྱས་པ་བརྒྱུད་དེ་ཚད་ལྡན་དུ་གྱུར་ཚེ་རྒྱལ་ཁབ་ཀྱིས་ཁས་ལེན་པའི་ལས་རིགས་ཐོབ་ཐང་དཔང་ཡིག་དང་འབྲིང་རིམ་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཐོབ་ཐང་གནང་བ་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོའི་ལས་དོན་དང་སྐད་དང་ཡི་གེའི་བྱ་བ་གཙོ་བོ་གཉེར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཅིག་ཡིན། སློབ་གསོ་པུའུ་ཡིས་ཐད་ཀར་དུ་སློབ་གསོའི་ཕྱོགས་ཀྱི་ཚོགས་པ་དང་རྩ་འཛུགས་བཅོ་ལྔ་ལྷག་ལ་དོ་དམ་བྱེད་པ་ཡིན། སྤྱི་ལོ1985ལོ་ནས་སྤྱི་ལོ1998ལོར་སློབ་གསོ་པུའུ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་ཟེར། སློབ་གསོ་པུའུ་ནི་སྤྱིར་བཏང་གི་སྲིད་འཛིན་དོ་དམ་སྡེ་ཁག་དང་གཅིག་མཚུངས་མིན་ཏེ། དེ་ནི་སྲིད་འཛིན་དོ་དམ་སྡེ་ཁག་ཡིན་པར་མ་ཟད་རྒྱལ་ཁབ་ཀྱིས་གསར་འཛུགས་བྱས་པའི་སློབ་གླིང་བདག་གཉེར་བྱེད་པའི་སྡེ་ཁག་ཀྱང་ཡིན།

རིགས་དབྱེ།  

སློབ་གྲྭ།

སློབ་གྲྭ་ནི་འཆར་གཞི་ཡོད་པ་དང་རྩ་འཛུགས་ཡོད་པའི་སྒོ་ནས་བརྒྱུད་རིམ་ངེས་ཅན་གྱི་སློབ་གསོ་སྤེལ་བའི་རྩ་འཛུགས་སྡེ་ཁག་ཅིག་ཡིན་ལ། ཀྲུང་ཧྭ་རྒྱལ་དམངས་སྲིད་གཞུང་གི་སྐབས་སུ་བྱུང་བ་ཡིན། སློབ་གྲྭའི་སློབ་གསོ་ནི་ལས་འགན་ཆེད་གཉེར་གྱི་མི་སྣ་དང་ཆེད་གཉེར་ལས་ཁུངས་ཀྱིས་འགན་ཁུར་ནས་དམིགས་ཡུལ་ཡོད་པ་དང་གོ་རིམ་ལྡན་པ། རྩ་འཛུགས་ཡོད་པ་བཅས་ཀྱི་སྒོ་ནས། སློབ་གསོ་མྱོང་མཁན་གྱི་ལུས་སེམས་བདེ་ཐང་དམིགས་ཡུལ་གཙོ་བོར་བཟུང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡིན། སྤྱིར་བཏང་དུ་སློབ་གྲྭའི་སློབ་གསོ་ལ་དམའ་རིམ་སློབ་གསོ་དང་འབྲིང་རིམ་སློབ་གསོ། མཐོ་རིམ་སློབ་གསོ་བཅས་གསུམ་འདུ་བ་དང་། སློབ་གྲྭ་ནི་གཙོ་བོ་རིགས་བཞི་རུ་དབྱེ་ཞིང་། དེ་དག་ནི་བྱིས་གཉོར་ཁང་དང་སློབ་ཆུང་། དམའ་འབྲིང་། སློབ་འབྲིང་། སློབ་ཆེན་བཅས་བཞི་ཡིན།

རིགས་དབྱེ།  

སློབ་གསོའི་བྱེད་ཕྱོགས།

ཏང་དང་སྲིད་གཞུང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་གྱི་འོག་ཏུ་སློབ་གསོ་བྱ་བ་དང་ལས་དོན་འཕེལ་རྒྱས་འབྱུང་བའི་ཆེད་དུ་བཏོན་པའི་སློབ་གསོའི་སྤྱིའི་དམིགས་འབེན་མངོན་པར་བྱེད་པའི་རྩ་བའི་ལམ་ཕྱོགས་ཡིན། དེ་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ལ་སྲིད་གཞུང་གི་སློབ་གསོའི་སྲིད་ཇུས་ཀྱི་སྤྱིའི་ཕྱོགས་བསྡོམ་ཞིག་ཡིན་པ་མ་ཟད། སློབ་གསོའི་བྱ་བ་མཛུབ་སྟོན་བྱེད་པའི་རྩ་བའི་བསམ་བློ་དང་ལག་ལེན་གྱི་གཞི་རྩའང་ཡིན་ཏེ། སློབ་གསོའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པར་མཛུབ་སྟོན་གྱི་ནུས་པ་ཆེས་ཆེན་པོ་ཐོན་ལ། སློབ་གསོའི་རྩ་བའི་ངོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་སྟོན་པ་དང་། སློབ་གསོའི་དམིགས་ཡུལ་གཏན་འབེབས་བྱེད་པ། ཤེས་ལྡན་པ་སྐྱེད་སྲིང་བྱེད་པར་རྒྱུ་སྤུས་ཀྱི་ཚད་གཞི་དང་རེ་བ་འདོན་པ། སློབ་གསོའི་དམིགས་ཡུལ་ལག་བསྟར་བྱེད་པའི་རྩ་དོན་དང་ཐབས་ལམ་གཏན་འབེབས་བྱེད་པ་ཡིན།

རིགས་དབྱེ།  

སློབ་ཁྲིད་ནང་དོན།

རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དགེ་རྒན་གྱིས་ཅི་ཞིག་ཁྲིད་པ་དང་སློབ་མས་ཅི་ཞིག་སློབ་པའི་ཤེས་བྱ་དང་། ནུས་རྩལ། དེ་མིན་དེ་དག་འདུས་པའི་བསམ་བློ། བརྩེ་དུང་། ཀུན་སྤྱོད་སོགས་ཡིན་ལ། རིགས་དང་རིམ་པ་སོ་སོའི་སློབ་གྲྭས་ཁྲིད་དགོས་པའི་བསླབ་ཚན་སོ་སོ་དང་དེ་དག་གི་ཤེས་བྱའི་བརྒྱུད་རིམ་ཡང་ཡིན་པ་དང་། སློབ་གསོའི་དམིགས་ཡུལ་དང་གསོ་སྐྱོང་གི་དམིགས་པ་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་ཞིང་། སློབ་གྲྭས་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་བའི་གཞི་འཛིན་སའང་ཡིན།

རིགས་དབྱེ།  

སློབ་གྲྭའི་སློབ་གསོ།

སློབ་གྲྭའི་སློབ་གསོ་ནི་དགེ་རྒན་ལ་བརྟེན་ནས་སློབ་གསོ་མྱོང་མཁན་ལ་དམིགས་ཡུལ་ཡོད་པའི་སློབ་སྦྱོང་གི་དམིགས་འབེན་དང་སྒྲིག་གཞི་ཡོད་པ། འཆར་གཞི་ཡོད་པ་བཅས་ཀྱིས་ཤུགས་རྐྱེན་ཐེབས་པའི་བྱ་གཞག་ཡིན། ལྷག་པར་དུ་བྱིས་པ་གསོ་མྱོང་མཁན་ལ་ཐུན་མོང་གི་བྱ་བའི་འགུལ་སྐྱོད་ཁྲོད་འཚོ་བ་དང་སློབ་སྦྱོང་བྱེད་པ་ཡིན།

རིགས་དབྱེ།  

དགེ་རྒན་ཚད་ལྡན།

དགེ་རྒན་ཚད་ལྡན་ཞིག་ཡིན་མིན་ཐད་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་འདི་ལྟར་བཤད་ཡོད་དེ། ཀུན་སྤྱོད་མི་གཙང་བ་དང་ཐོས་པ་ཉུང་བ། གཞུང་ལུགས་ལ་མི་མཁས་པ། སློབ་མ་ལ་ཕན་སེམས་མེད་པ། ང་རྒྱལ་ཆེ་བ། དུས་སུ་མི་འདོམས་པ། ཡང་ཡང་འཆད་པར་སུན་སྣང་ཅན། སློབ་མའི་རྒྱུད་ཚོད་དང་མཐུན་པར་འཆད་མི་མཁས་པ་བཅས་འཆད་མཁན་གྱི་སྐྱོན་བརྒྱད་ཅན་གྱི་དགེ་རྒན་ནི་ངོ་མ་བྱིས་པའི་མདུན་ལམ་བརླག་མཁན་ཤ་སྟག་ཡིན་ལ། དེ་ལས་ཀྱང་གཙོ་བོ་སློབ་མའི་རྒྱུད་ཚོད་དང་མཐུན་པར་འཆད་མཁས་མིན་ནི་དགེ་རྒན་གྱི་ཚད་གཞི་གལ་ཆེན་ཞིག་ཡིན་པས། གལ་ཏེ་སློབ་མའི་རྒྱུད་ཚོད་དང་མཐུན་པར་འཆད་མི་མཁས་ཚེ་དགེ་རྒན་དེ་ཐོས་པ་ཇི་འདྲ་ཆེ་ཡང་ཁྱི་ལ་བལ་ཡོད་པ་ལྟར་སློབ་མར་ཕན་ཐོགས་དཀའ་བས། འཆད་ལ་མཁས་མིན་ནི་དགེ་རྒན་བཟང་ངན་གྱི་ཚད་གཞི་ཧ་ཅང་གལ་ཆེ་བ་ཞིག་རེད། གོང་གི་དགེ་རྒན་གྱི་སྐྱོན་བརྒྱད་པོ་དེ་ལས་ལྡོག་ན་དགེ་རྒན་གྱི་ཡོན་ཏན་བརྒྱད་ཡིན་པས། རང་ཉིད་ལ་ཡོན་ཏན་བརྒྱད་པོ་དེ་དག་ཚང་མིན་དང་གལ་ཏེ་མི་ཚང་ན་ཇི་ལྟར་ཚང་བའི་ཐབས་ལ་འབད་པ། ཡོན་ཏན་དེ་དག་ཚང་བའི་དགེ་རྒན་ལ་སློབ་སྦྱོང་བྱེད་རྒྱུ་བཅས་ནི་དགེ་རྒན་རང་ཉིད་འཐུས་ཚང་དང་གོང་འཕེལ་དུ་འགྲོ་བའི་མན་ངག་ཧ་ཅང་གལ་ཆེ་བ་ཞིག་རེད།

རིགས་དབྱེ།  

བསམ་བྱུང་གི་སློབ་གསོ་བྱེད་ཐབས།

བསམ་བྱུང་གི་སློབ་གསོ་བྱེད་ཐབས་འདི་ནི་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པའི་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད(研究性教学) བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། མི་ཆེས་མང་པོ་ཞིག་གིས་བསམ་བྱུང་སློབ་གསོ་བྱེད་ཐབས་དེ་མཐོ་འབྲིང་ཡན་ཆད་ཀྱི་བྱ་བ་ཞིག་ཡིན་པར་འདོད་དེ། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་དུ་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་དེ་སྣང་མེད་དུ་འཇོག་བཞིན་ཡོད།

རིགས་དབྱེ།  

སྒོམ་བྱུང་གི་སློབ་གསོ་བྱེད་ཐབས།

སྒོམ་བྱུང་གི་སློབ་གསོ་བྱེད་ཐབས་ནི་ཐོས་བྱུང་དང་བསམ་བྱུང་གི་སློབ་གསོ་བྱེད་ཐབས་ལ་བརྟེན་ནས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་ཅིང་ངེས་པ་རྙེད་པའི་དོན་དེ་ཉིད་རིགས་པས་དཔྱད་པ་དང་འཇོག་པ་ཅི་རིགས་ཀྱི་སྒོ་ནས་ཡང་ཡང་འདྲིས་པའམ་གོམས་པར་བྱེད་པའི་སློབ་གསོ་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་རེད།

རིགས་དབྱེ།  

ལུས་ཀྱི་ཀུན་སྤྱོད་སློབ་གསོ།

ལུས་ཀྱི་ཀུན་སྤྱོད་ནི་ངག་དང་ཡིད་ཀྱི་ཀུན་སྤྱོད་དང་མི་འདྲ་བར་མངོན་གསལ་ཆེ་བ་དང་། འཇིག་རྟེན་མི་ཆོས་དང་སློབ་གྲྭའི་སྒྲིག་ལམ་སོགས་དང་ཐད་ཀར་འབྲེལ་བ་ཡོད་པས། ཐོག་མར་སློབ་མའི་ལུས་ཀྱི་ཀུན་སྤྱོད་ངན་པ་རྣམས་བཀག་འགོག་དང་ཡོ་བསྲང་བྱེད་པ་དང་། ཀུན་སྤྱོད་ལེགས་པོ་རྣམས་སྐྱེད་སྲིང་དང་དར་སྤེལ་བྱ་དགོས། དེ་ཡང་སློབ་མའི་ལུས་ཀྱི་ཀུན་སྤྱོད་ལ་རྣམ་གྲངས་ཤིན་ཏུ་མང་ན་ཡང་། མདོར་བསྡུས་ན་དགག་པའི་ཀུན་སྤྱོད་དང་སྒྲུབ་པའི་ཀུན་སྤྱོད་གཉིས་འདུ།

རིགས་དབྱེ།  

ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་གསོ།

སྤྱིར་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་ལ་བརྟེན་ནས་རིམ་བཞིན་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་གསུམ་སྐྱེད་སྲིང་བྱེད་ཐུབ་པར་མ་ཟད། ཤེས་རབ་དེ་དག་ཐོབ་པའི་གོ་རིམ་གྱི་ཁྲོད་ནས་མིའི་ཤེས་བྱའི་སྤུས་ཚད་དང་། རྩལ་ནུས་ཀྱི་སྤུས་ཚད། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་སྐྱེད་སྲིང་བྱེད་ཐུབ་པ་ལ། སློབ་གསོ་བྱེད་ཐབས་དེ་དག་ཀྱང་ཐོག་མར་ཐོས་པ་དང་། དེ་ལ་བརྟེན་ནས་བསམ་པ། བསམ་པ་ལ་བརྟེན་ནས་སྒོམ་པའི་སློབ་གསོ་བྱེད་ཐབས་བེད་སྤྱོད་བྱེད་དགོས་ཏེ། དཔེར་ན། བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ལྟ་བུར་མཚོན་ན། ཐོག་མར་ཐོས་པ་ལ་བརྟེན་ནས་བསམ་བློ་ཀུན་སྤྱོད་ཕྱོགས་ཀྱི་ཤེས་བྱ་བློ་ལ་ངེས་དགོས།

རིགས་དབྱེ།  

ངག་གི་ཀུན་སྤྱོད་སློབ་གསོ།

སྤྱིར་ངག་གི་ཀུན་སྤྱོད་ནི་ཡིད་ཀྱི་ཀུན་སྤྱོད་དང་མི་འདྲ་བར་ཐད་ཀར་ཕ་རོལ་བོ་ལ་དགའ་སྤྲོ་དང་སྡུག་བསྔལ་སོགས་སྐྱེད་པར་བྱེད་ཅིང་། རང་གི་མི་ཚེའི་མདུན་ལམ་དང་སློབ་གྲོགས་ཕན་ཚུན་བར་གྱི་མཛའ་བརྩེ་དང་མཐུན་སྒྲིལ་སོགས་ལ་འབྲེལ་བ་དམ་པོ་ཡོད་པའི་ཀུན་སྤྱོད་རིགས་ཤིག་ཡིན་ལ། འདིའི་ཕྱོགས་ཀྱི་ཀུན་སྤྱོད་ལེགས་པོ་རྣམས་སྐྱེད་སྲིང་དང་དར་སྤེལ། ཀུན་སྤྱོད་མ་རབས་རྣམས་སྔོན་འགོག་དང་བཅོས་སྒྱུར་བྱེད་པའི་སློབ་གསོའི་ཐབས་ལམ་ཞིག་ལ་ངག་གི་ཀུན་སྤྱོད་སློབ་གསོ་ཟེར།

རིགས་དབྱེ།  

ཡིད་ཀྱི་ཀུན་སྤྱོད་སློབ་གསོ།

ཡིད་ཀྱི་ཀུན་སྤྱོད་ནི་བསམ་པའི་ཀུན་སྤྱོད་ཡིན་ལ། བསམ་པའི་ཀུན་སྤྱོད་ཀྱིས་ཐད་ཀར་ལུས་ཀྱི་ཀུན་སྤྱོད་དང་ངག་གི་ཀུན་སྤྱོད་གཉིས་ལ་ཁ་ལོ་སྒྱུར་ཞིང་། དེ་གཉིས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པས་ཧ་ཅང་གལ་ཆེ། དེར་མ་ཟད་བསམ་པའི་ཀུན་སྤྱོད་ནི་རང་གི་མི་ཚེ་མདུན་ལམ་དང་འབྲེལ་བ་ཆེན་པོ་ཡོད་དེ། རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་༎ བསམ་པ་ངན་ན་ས་དང་ལམ་ཡང་ངན༎ ཐམས་ཅད་བསམ་པ་དག་ལ་རག་ལས་པས༎ རྟག་པར་བསམ་པ་བཟང་ལ་འབད་པར་བྱ༎ ཞེས་གསུངས་པ་ལྟར། གལ་ཏེ་བསམ་པ་བཟང་བོ་ཞིག་ཡོད་ན་དེ་ལ་མི་ཚེའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་ལ། གལ་ཏེ་བསམ་པ་ངན་པ་ཞིག་ཡིན་ན། དེའི་མི་ཚེའི་མདུན་ལམ་ཡང་ཀྱག་ཀྱོག་དང་ཉེན་ཁ་ཆེ་ལ། འཇིགས་སྐྲག་གིས་ཁེངས་པ་ཞིག་ཡིན།

རིགས་དབྱེ།  

དེང་རབས་མཚན་ཉིད་ཅན་གྱི་སློབ་ཆེན།

དེང་རབས་མཚན་ཉིད་ཅན་གྱི་སློབ་ཆེན་དེ་ནུབ་གླིང་ནས་ཐོག་མར་བྱུང་བ་ཡིན་ལ། དེ་བྱུང་ནས་ད་ལྟའི་བར་ལོ་ངོ800ལྷག་ཕྱིན། སློབ་ཆེན་གྱི་དབྱིན་ཡིག་སྐད་དོད(Universitys)ནི་ཐོག་མའི་དུས་སུ“སློབ་ཚོགས”ཞེས་པའི་དོན་ཡིན་ལ། ཕྱིས་སུ་སློབ་ཆེན་གྱི་དོན་ཁོ་ན་ཅན་དུ་གྱུར། འདིའི་སློབ་ཚོགས་ཞེས་པ་རིག་གཞུང་སྡེ་ཚན་ག་གེ་མོ་ཞིག་ལ་གོ་དགོས་པ་ཡིན་ཞིང་། རིག་གཞུང་ལྟ་བུ་ཐུན་མིན་ཅན་དང་དྲང་བདེན་ཅན། ཚུགས་ཐུབ་ཅན། རང་དབང་ཅན་སོགས་དྲིལ་སྒྲོག་དང་འཆད་ཉན། ཞིབ་འཇུག་བཅས་བྱེད་སའི་ཚོགས་པའི་མིང་ལ་བྱ། དོན་འདིའི་ངོས་ཐད་ནས་བརྗོད་ན། སློབ་ཆེན་གྱི་ཐོག་མའི་བརྡ་དོན་ལའང་རིག་གཞུང་རང་དབང་གི་དོན་ཞིག་ཡོད་པ་རྟོགས་སླ།

རིགས་དབྱེ།  

ནུབ་གླིང་སློབ་གསོའི་བཅོས་སྒྱུར།

ནུབ་གླིང་སློབ་གསོའི་བཅོས་སྒྱུར་ནི་དམིགས་ཡུལ་ཡོད་པའི་སྒོ་ནས་རིག་གཞུང་བྱ་བར་བཅོས་སྒྱུར་བྱེད་པའི་རྣམ་པ་ཞིག་ལ་ཟེར་ཞིང་། གཙོ་བོ་སློབ་ཆེན་གྱི་རྩ་འཛུགས་རྣམ་པ་དང་བྱ་བའི་རྣམ་པའི་སྟེང་ཡོད་ཅིང་། བྱ་བའི་རྣམ་པའི་ཁྲོད་སྤྱི་ཚོགས་དང་ཕན་ཚུན་བསྟུན་པའི་འབྲེལ་བ་ཚུད་ཡོད། འདི་ལྟར་བྱེད་པའི་རྒྱུ་མཚན་ནི། ཤེས་བྱ་གསར་བ་དང་བསམ་བློ་གསར་བ་འབྱུང་བའི་ཆེད་དུ་ཡིན་པ་སྟེ། མི་རྣམས་ཀྱི་རིག་སྟོབས་གསར་སྐྲུན་ནུས་པ་བླ་ལྷག་གིས་འདོན་པ་དེའོ༎

རིགས་དབྱེ།  

དགེ་རྒན་གྱི་དབང་ཆ།

དགེ་རྒན་གྱི་དབང་ཆ་ལ་དགེ་རྒན་གྱི་བཅའ་ཁྲིམས་ཁེ་དབང་ཡང་ཟེར་ཞིང་། དེ་ནི་དགེ་རྒན་གྱིས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་ཁེ་ཕན་ག་གེ་མོ་ཞིག་སྟེ། དབང་ཆ་ལོངས་སྤྱད་དེ་གཞན་ལ་བྱ་སྤྱོད་ཚད་ལྡན་ཞིག་སྤེལ་རྒྱུའི་རེ་བ་འདོན་པའི་ཐོབ་ཐང་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་བཤད་ན་དགེ་རྒན་གྱིས་བཅའ་ཁྲིམས་ཚད་གཞི་གཏན་འབེབས་དང་མི་གཤིས་གསོ་སྐྱོང་བྱེད་པར་འགན་འཁུར་དགོས།

རིགས་དབྱེ།  

སློབ་གསོ་བསྒྲུབ་པའི་ཆ་རྐྱེན།

སློབ་གསོ་བསྒྲུབ་པའི་ཆ་རྐྱེན་ནི་དངོས་པོའི་ཆ་རྐྱེན་ལ་བལྟས་ཏེ་བཤད་ཅིང་། དེ་ནི་སློབ་ཆེན་སློབ་གསོ་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་མེད་ཐབས་མེད་ཀྱི་རྨང་གཞིའི་ཆ་ནས་བཤད་པ་ཡིན།

རིགས་དབྱེ།  

དཔེ་ཆ་འོས་སྦྱོར།

དཔེ་ཆ་འོས་སྦྱོར་ཞེས་པ་ནི་དགེ་རྒན་གྱིས་དུས་རྒྱུན་གྱི་སློབ་ཁྲིད་ལས་གཞན་ཀུན་སྤྱོད་དང་འབྲེལ་བའི་དཔེ་ཆ་མཚམས་སྦྱོར་བྱེད་པ་ལ་ཟེར་ཞིང་། སྤྱིར་དགེ་རྒན་ཚད་ལྡན་ཞིག་ལ་མཚོན་ནས་བཤད་ན་གཙང་མཁས་གཞན་ལ་ཕན་པར་འདོད་པ་ཞིག་ཡིན་དགོས།

རིགས་དབྱེ།  

སློབ་གྲྭའི་འགན་འཁུར།

སློབ་གྲྭའི་འགན་འཁུར་ནི་སྤྱིར་བཏང་གི་ལས་དོན་དང་མི་འདྲ་བར་དེས་སྤྱི་ཚོགས་ཡོངས་ལ་འགན་འཁུར་དགོས་པར་མ་ཟད། མི་རིགས་སྤྱི་དང་ཁྱད་པར་དུ་གསར་དུ་འཚར་ལོངས་འབྱུང་བཞིན་པའི་མི་རབས་རེ་རེའི་དཔུང་ཁག་ཧྲིལ་བོར་འགན་ཁུར་དགོས་དགོས་པས་ན། དེར་འགན་ལེན་བྱེད་མཁན་གྱི་སློབ་གཙོ་དེའང་སྤྱི་ཚོགས་དང་མི་རིགས་ཀྱི་ལས་དོན་ལ་ཁ་མིན་དོན་གྱིས་ཁག་ཁུར་བྱེད་མཁན་ཞིག་ཡིན་དགོས་ཤིང་། མིག་རྒྱང་རིང་ལ་མི་རིགས་ཀྱི་ལས་དོན་ལ་བློ་དཀར་ཞིང་གཞུང་སེམས་དྲང་བ་ཞིག་ཡིན་པ་དེའོ༎

རིགས་དབྱེ།  

སློབ་སྒྲུབ་དོ་དམ།

སློབ་གྲྭའི་དོ་དམ་ནི་སློབ་གྲྭ་སྤྱིའི་ལས་དོན་ཧྲིལ་བོ་ལེགས་འགྲུབ་འབྱུང་བའི་རྩ་བའི་སྔོན་འགྲོ་ལྟ་བུ་ཡིན་པས་སློབ་གྲྭའི་དོ་དམ་དེ་ཡག་པོ་ཞིག་འཁྱོངས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། སློབ་གྲྭའི་དོ་དམ་ལ་སྒྲིག་ལམ་གྱི་དོ་དམ་དང་། སློབ་ཁྲིད་ཀྱི་དོ་དམ། དགེ་བཟོ་བའི་དོ་དམ། སློབ་མའི་དོ་དམ། དཔལ་འབྱོར་གྱི་དོ་དམ། སྤྱི་དངོས་ཀྱི་དོ་དམ་བཅས་ཡོད། སློབ་གཙོ་ནི་སློབ་གྲྭའི་དོ་དམ་སྤྱིའི་བཀོད་འདོམས་པ་ཡིན་པས་སློབ་གཙོར་དོ་དམ་གྱི་ནུས་བ་ཡོད་དགོས་པར་མ་ཟད། དོ་དམ་བྱེད་པའི་ཐབས་མཁས་པ་ཞིག་ཀྱང་ཡིན་དགོས།

རིགས་དབྱེ།  

སློབ་གསོའི་འགན་འཁྲི།

སློབ་གསོའི་འགན་འཁྲི་ནི་སློབ་གསོ་སྤྱི་སྙོམ་ཡོང་བར་ཁག་ཐེག་བྱེད་དགོས་པ་དེ་ཡིན། དེའང་སྨྱན་མང་གཟུགས་དང་དྲ་རྒྱ་སོགས་དེང་རབས་རང་བཞིན་གྱི་གསར་བྱུང་གི་ཐོན་ཁུངས་གང་ལེགས་ཀྱིས་གསར་སྤེལ་དང་བེད་སྤྱོད་བྱ་དགོས་པ་མ་ཟད། སློབ་མ་རེ་རེའི་དཔལ་འབྱོར་ཐོབ་ཐང་དང་དབང་བོའི་ཆ་རྐྱེན་སོགས་ལ་ཕྱོགས་རེ་བའི་ལྟ་ཚུལ་མི་འཛིན་པར་སློབ་གསོའི་གོ་སྐབས་འདྲ་མཉམ་ཡོང་བར་བྱས་ཏེ་གཞི་རིམ་སློབ་མ་སློབ་གྲྭར་ཞུགས་ཚད་དམའ་བ། སློབ་བྱོན་གྱི་ཚད་མཐོ་བའི་དམའ་བ་གཉིས་དང་མཐོ་བ་གཅིག་གི་སྣང་ཚུལ་དག་ཐེར་བྱེད་དགོས། རྣམ་འགྱུར་དེ་ལྟ་བུ་ཚུགས་པར་བྱས་ན་སློབ་མའི་མི་ཚེ་གང་བོར་ཕན་འབྲས་མངོན་སྲིད་པས། སློབ་མའི་རང་བརྩིའི་བསམ་པར་བརྩི་འཇོག་དང་། སློབ་མ་རང་སྟེང་གི་ནུས་པ་དང་ཁྱད་ཆོས་ཡོན་ཏན་འདོན་སྤེལ་གང་ལེགས་བྱས་ནས། རང་འགུལ་གྱིས་བྱ་དངོས་ལ་དབྱེ་ཞིབ་དང་། བརྡར་ཤ་གཅོད་པ་བཅས་ཀྱི་གཏན་ཚིགས་ཀྱི་རིག་པ་ངེས་པར་བྱས་ཏེ་རང་རྐྱ་འཕེལ་བའི་བསམ་གཞིག་གི་ནུས་པ་ཆགས་པར་བྱ་དགོས། དེ་ལྟར་བྱས་ཚེ་འགན་བབས་སློབ་གསོའི་སྤྱིའི་རིག་ལམ་དང་བསླབ་ཚན་ཚད་གཞིའི་དམིགས་ཚད་ལས་བཏོན་པའི་ཤེས་བྱ་དང་ནུས་པ། བརྒྱུད་རིམ་དང་ཐབས་ཤེས་ཚོར་འདུ་འཛིན་སྟངས་དང་རིན་ཐང་གི་ལྟ་བའི་གཞི་རྩའི་བླང་བྱ་དང་མཐུན་པས། སློབ་མར་ཆུང་དུས་ནས་མི་གཤིས་ཚད་ལྡན་ཞིག་མཛེས་དཔྱོད་ཀྱི་ལྟ་བ་སྤྱི་མཚན་ཞིག་གྲུབ་པར་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ།

རིགས་དབྱེ།  

སྨྱན་མང་གཟུགས་ཆས།

སྨྱན་མང་གཟུགས་ཆས་ནི་རྩིས་འཁོར་རམ་འདེགས་སློབ་ཁྲིད་ལག་རྩལ་ལ་ཟེར་ཞིང་། སློབ་ཁྲིད་སྐབས་སུ་སློབ་མས་རྟོགས་དཀའ་བ་དང་། རྙོག་འཛིང་ཅན། མངོན་སུམ་གྱི་མཐོང་རྒྱུ་མེད་པའི་སློབ་ཁྲིད་ཀྱི་ནང་དོན་དེ་དགེ་རྒན་གྱི་ངག་ཐོག་གི་སྐད་ཆ་དང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་བརྗོད་དཀའ་བའི་གནད་དོན་དང་མིག་དབང་གིས་འཛིན་དཀའ་བའི་འགུལ་སྣང་གི་སློབ་ཁྲིད་ནང་དོན་དེ་ཡི་གེ་དང་རིས་དབྱིབས། སྒྲ་འགུལ་རིས་དང་བརྙན་རིས་སོགས་སྨྱན་མང་གཟུགས་ཀྱི་རྒྱུ་ཆ་རྣམས་གཞི་གཅིག་ཏུ་བསྡུས་པའི་སློབ་ཁྲིད་ཀྱི་མཉེན་ཆས་ཤིག་ལ་ཟེར།

རིགས་དབྱེ།  

སློབ་ཚན་འཛུགས་སྐྲུན།

སློབ་ཚན་འཛུགས་སྐྲུན་ནི་སློབ་ཚན་གསར་སྤེལ་བྱ་རྒྱུ་དེ་ཡིན་ཞིང་། རིག་གནས་དང་བསམ་བློའི་ཁྱེར་སོ་དང་མཐུན་པའི་ས་གནས་སློབ་ཚན་གསར་སྤེལ་བྱ་རྒྱུ་དང་སློབ་ཚན་གྱི་ནང་དོན་གདམ་གསེས་དང་རྣམ་པ་གང་ཅིའི་ཐད་ནས་ཁྱད་ཆོས་ཡོད་པའི་འཁྲིད་ཐབས་གསར་བ་ཞིག་དར་སྤེལ་གཏོང་དགོས།

རིགས་དབྱེ།  

མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གསོའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་།

དོན་ཚན་འདིར་རི་མོ་མང་པོ་མེད་པས་འབྲེལ་ཡོད་ཀྱི་ནང་དོན་ཁ་གསབ་བྱས་ནས་ཚིག་སྔར་ལས་ཆ་ཚང་བ་དང་། ད་དུང་མྱུར་དུ་རིམ་པ་འཕར་ཐུབ་པས་མྱུར་དུ་རྩོམ་སྒྲིག་བྱེད་པ་དང་། མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་ཀྱི་སློབ་གསོ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་ལས་རིགས་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གསོའི་ཐད་སྔར་བྱུང་མྱོང་མེད་པའི་སློབ་གྲྭ་དང་སློབ་གྲྭའི་གྲངས་འབོར་དང་སློབ་གྲྭར་ཡོད་པའི་སློབ་མའི་གྲངས་འབོར་རྒྱུན་མཐུད་མགྱོགས་མྱུར་ངང་འཕར་བ་དང་དེའི་གཞི་ཁྱོན་གྱིས་མཐོ་རིམ་སློབ་གསོ་དཀྱུས་མའི་ཕྱེད་ཀ་ཙམ་བཟུང་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། སློབ་གསོ་པུའུ་ཡིས་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གསོའི་ཆེད་ལས་རིགས་ཀྱི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་གཏན་འབེབས་བྱས།

རིགས་དབྱེ།  

སྐད་ཡིག་སློབ་གསོ།

སྐད་ཡིག་སློབ་གསོའི་ཆེད་ལས་ནི“སྐད་ཡིག”དང“སློབ་གསོ”ཡི་ཕྱོགས་བསྡུས་ཡིན་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གལ་ཆེན་ཞིག་ཀྱང་ཡིན། རྒྱའི་སྐད་ཡིག་རྩོམ་རིག་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། རྨང་གཞིའི་ཤེས་བྱ། གཞི་རྩའི་རྩལ་ནུས། གཞི་རྩའི་བྱང་ཚད་བཅས་ལྡན་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས།

རིགས་དབྱེ།  

སློབ་གསོའི་ཆ་འཕྲིན་ལག་རྩལ།

《སློབ་གསོའི་ཆ་འཕྲིན་ལག་རྩལ》དུས་དེབ་ཐོག་དེང་རབས་སློབ་གསོའི་ལག་རྩལ་གྱི་རིགས་པའི་གཞུང་ལུགས་དང་། རྩལ་ནུས། སློབ་གསོའི་ཆ་འཕྲིན་བཅས་ཕྱོགས་ཡོངས་ནས་སྤེལ་གཏོང་བྱས་པ་དེ་ནི་དགེ་རྒན་གྱི་སློབ་ཁྲིད་ལག་ལེན་བྱ་ཡུལ་དང་སློབ་གསོའི་ཆ་འཕྲིན་ལག་རྩལ་སློབ་སྦྱོང་བྱེད་མཁན་གྱི་བྱེད་ཐབས་ཡག་པོ་ཞིག་རེད།

རིགས་དབྱེ།  

ཀྲུང་གོའི་རྣམ་པའི་སློབ་གསོ།

《ཀྲུང་གོའི་རྣམ་པའི་སློབ་གསོ》བརྩམས་སྒྲུང་ཞིག་གི་འཕེལ་རིམ་མུ་འགོད་བརྒྱུད་དེ་ཐོན་པ་ཞིག་ཡིན།

རིགས་དབྱེ།  

སློབ་གསོའི་གྲུབ་ཆ།

སློབ་གསོའི་གྲུབ་ཆ་ནི་སློབ་གསོའི་སྣང་ཚུལ་གྱི་ཆ་ཤས་སོ་སོའི་བར་གྱི་ཕན་ཚུན་འབྲེལ་བ་དང་དེའི་འཁོར་སྐྱོད་བྱེད་སྟངས་ཡིན་ཞིང་། དེའི་ནང་སློབ་གསོའི་བང་རིམ་ནང་རྐྱེན་དང་། སློབ་གསོའི་རྣམ་པའི་གྲུབ་ཆ། སློབ་གསོའི་བྱེད་ནུས་ཀྱི་གྲུབ་ཆ་བཅས་གཞི་རྩའི་རིགས་གསུམ་ཚུད་ཡོད་ཅིང་། ལམ་སྲོལ་དང་དེ་བཞིན་ལམ་སྲོལ་རིགས་ཚང་མའི་ནང་གི་ལམ་སྲོལ་རིགས་གསུམ་ལ་སོ་སོར་ནང་དོན་མི་འདྲ་བ་ཡོད་ལ་ལྡོག་མེད་ཀྱི་འབྲེལ་བའང་ཡོད།

རིགས་དབྱེ།  

ལེ་ཀའོ་སློབ་གསོ།

ལེ་ཀའོ་སློབ་གསོ་ནི་ལེ་ཀའོ་ཚོགས་པའི་ཁོངས་སུ་གཏོགས་པ་དང་། སྤྱི་ལོ1980ལོར་བཙུགས་པ་དང་། འཛམ་གླིང་ཡོངས་ཀྱི་དགེ་རྒན་དང་སློབ་མར་ནང་དོན་ཕུན་སུམ་ཚོགས་པ་དང་སྤྲོ་སྣང་ལྡན་པ། བཀོལ་སྤྱོད་རང་བཞིན་ལྡན་པ་བཅས་ཀྱི་སློབ་སྦྱོང་ཡོ་བྱད་དང་སློབ་ཁྲིད་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད། ལེ་ཀའོ་སློབ་གསོའི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་འདུ་ཤེས་དང་སློབ་ཁྲིད་མཛུབ་ཁྲིད། ཚོ་ཆུང་ལས་བྱ། དགེ་རྒན་གསོ་སྦྱོང་། བདེ་འཇགས་ཁོར་ཡུག་སྲུང་སྐྱོང་གི་སློབ་ཆས། སྤྲོ་སྣང་རང་བཞིན་གྱི་འགྲན་བསྡུར་བྱེད་སྟངས་བཅས་ལས་ཕྲུ་གུ་ཚོར་ལྷན་སྐྱེས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་ཐུབ་པ་དང་ཚོགས་པའི་སྙིང་སྟོབས གནད་དོན་ཐག་གཅོད་ནུས་པ། བབ་བསྟུན་ནུས་པ། མཚོན་བྱེད་ནུས་པ། སྤྱི་ཚོགས་འབྲེལ་བའི་ནུས་པ་སོགས་གསོ་སྐྱོང་བྱས་ཏེ་ཁོང་ཚོར་དུས་རབས21པར་འཕྲད་པའི་འགྲན་སློང་གསར་པར་འཚབ་འཚུབ་མེད་པར་ཁ་གཏད་བྱེད་ཐུབ།

རིགས་དབྱེ།  

བསླབ་ཚན་རགས་མོའི་སློབ་གསོ།

“བསླབ་ཚན་ཆུང་ངུ”ཞེས་པ་ནི་བརྙན་ཐུང་གཞི་རྟེན་གཙོ་བོར་བྱས་ནས་དགེ་རྒན་གྱིས་སློབ་ཁང་དུ་སློབ་གསོ་སློབ་ཁྲིད་བྱེད་པའི་སྙིང་བཅུད་ཟིན་ཐོ་འགོད་པ་ལ་ཟེར། བསླབ་ཚན་གྱི་ལྟེ་བའི་གྲུབ་ཆའི་ནང་དོན་ནི་སློབ་ཁྲིད་ཀྱི་བརྙན་ལམ་ཡིན་པ་དང་ཆབས་ཅིག་སློབ་ཁྲིད་ཀྱི་བརྗོད་བྱ་གཙོ་བོ་དང་འབྲེལ་བ་ཡོད་པའི་སློབ་ཁྲིད་ཇུས་འགོད་དང་། སློབ་ཁྲིད་ཀྱི་ལྷུ་ལག སློབ་ཁྲིད་བསམ་གཞིགས། སྦྱོང་བརྡར་ཚོད་ལྟ་བཅས་དང་དེ་བཞིན་སློབ་མའི་ཚུར་ལན་འདེབས་ཚུལ་དང་དགེ་རྒན་གྱི་རམ་འདེགས་རང་བཞིན་གྱི་སློབ་ཁྲིད་ཀྱང་ཚུད་ཡོད་པ་རེད།

རིགས་དབྱེ།  

སློབ་གསོ་སྡེ་ཁག  བརྡ་འགྲེལ 71 ཡོད།