ཡོངས་འཛིན་རིག་མཛོད། >སློབ་གསོ། >དགེ་རྒན་སློབ་གསོ།

དགེ་རྒན།

དགེ་རྒན་ཞེས་པའི་མིང་བརྡ་དེར་གོ་དོན་རིགས་གཉིས་མཆིས་ཤིང་། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན། དགེ་རྒན་ནི་ཤེས་བྱ་དང་ཉམས་མྱོང་སློབ་ཁྲིད་ཀྱི་མི་སྣ་ཡོངས་ལ་གོ་བ་དང་། སྒྲ་དོག་འཇུག་གི་སྒོ་ནས་བཤད་ན། དགེ་རྒན་ནི་ཆེད་ལས་ཀྱི་སློབ་གསོ་དང་སྦྱོང་བརྡར་ཐོབ་པའི་མི་སྣ་ལ་གོ་བར་མ་ཟད། སློབ་གསོའི་གོ་རིམ་ཁྲོད་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་འགན་འཁུར་མཁན་གྱི་མི་སྣ་ལ་གོ་བ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ནི། རང་ཉིད་ཀྱི་སྒོ་གསུམ་ཉེ་སྤྱོད་ལས་ལྡོག་ཅིང་། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ་དང་། རང་ཉིད་ལས་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་ཞེས་ཐོགས་པར་གསུངས།

རིགས་དབྱེ།  

འཛིན་གྲྭའི་ཀྲུའུ་རིན།

འཛིན་གྲྭ་ཐུན་མོང་གི་རྩ་འཛུགས་པ་སློབ་གསོ་བ་ཡིན་ལ། སློབ་མ་རྣམས་ཕྱོགས་ཡོངས་ནས་ཡར་སྐྱེད་འོང་བར་བྱེད་པའི་མཛུབ་སྟོན་པ། འཛིན་གྲྭ་དེའི་བསླབ་ཚན་སོ་སོའི་དགེ་རྒན་ཕན་ཚུན་སྦྲེལ་བྱེད་ཀྱི་སྒྲོག་ཐག ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་གསུམ་བར་སྤྲེལ་བར་བྱེད་པའི་ཟམ་པ། སློབ་གྲྭའི་འགོ་ཁྲིད་ཀྱིས་སློབ་ཁྲིད་དང་སློབ་གསོའི་འཆར་གཞི་ལག་བསྟར་བྱེད་པའི་རོགས་རམ་པ་གལ་ཆེན་དང་ནུས་ཤུགས་འདོན་མཁན་གཙོ་བོ་ཡིན།

རིགས་དབྱེ།  

སློབ་ཁྲིད་ཀྱི་ཐབས་ཤེས།

སློབ་ཁྲིད་ཀྱི་དམིགས་ཡུལ་དང་ལས་འགན་ལེགས་གྲུབ་བྱ་ཕྱིར་དགེ་རྒན་གྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སློབ་ཐབས་སྤྱོད་དགོས། ཚན་རིག་དང་མཐུན་པའི་སློབ་ཐབས་སྤྱོད་དགོས་ན་ངེས་པར་དུ་སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་ཕན་ཚུན་གཞོགས་འདེགས་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས། རྩ་དོན་དེ་གཏན་འཁེལ་བྱེད་པར་ཕྱོགས་གཉིས་ཀྱི་རང་བཞིན་དང་སྣ་ཚོགས་ཀྱི་རང་བཞིན། ཚོད་འཛིན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

རིགས་དབྱེ།  

ཁྲིད་སྲོལ།

སློབ་གསོ་ལས་ཁུངས་ཀྱི་སློབ་ཁྲིད་བསམ་བློ་དང་རྣམ་འགྱུར། བྱེད་ཐབས་སོགས་ཀྱི་ཐད་ནས་དུས་ཡུན་རིང་བོར་གྲུབ་པའི་གཏན་འཇགས་ཀྱི་སློབ་གསོའི་སློབ་ཁྲིད་ཀྱི་ཁྲིད་སྲོལ་ཡིན། གཙོ་བོ་སློབ་གྲྭར་དམིགས་ནས་བཤད་པ་དང་མཚམས་ལན་རེར་སློབ་གསོ་བྱེད་མཁན་ཁོ་ནར་དམིགས་ནས་བཤད་པའང་ཡོད། ཁྲིད་སྲོལ་ནི་སློབ་གསོ་བྱེད་མཁན་གྱི་ཀུན་སྤྱོད་དང་འཇོན་ཐང་གི་གཅིག་གྱུར་རང་བཞིན་མངོན་ཐབས་ཡིན་ལ། སློབ་གསོ་བྱེད་མཁན་གྱི་སྤུས་ཚད་ཀྱི་སྙིང་བོ་ཡང་ཡིན། དགེ་རྒན་དཔུང་ཁག་གི་ཀུན་སྤྱོད་དང་། རིག་གནས། སྤྱོད་ཚུལ། སྤུས་ཚད། ཆབ་སྲིད་ལངས་ཕྱོགས་བཅས་ཀྱི་ཕྱོགས་བསྡུས་ཀྱི་མངོན་ཐབས་ཀྱང་ཡིན།

རིགས་དབྱེ།  

སློབ་ཁྲིད་དོན་རྐྱེན།

དགེ་རྒན་དང་སློབ་ཁྲིད་དོ་དམ་མི་སྣའི་ལས་ཤོར་རམ་སློབ་ཁྲིད་བྱ་བའི་སྲོལ་ཡིག་དང་འགལ་བ་ལས། རྒྱུན་ལྡན་གྱི་སློབ་ཁྲིད་གོ་རིམ་ལ་ཤུགས་རྐྱེན་ཐེབས་པ་དང་། སློབ་ཁྲིད་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་པའི་བྱེད་ཐབས་སོགས་སློབ་ཁྲིད་དམ་སློབ་ཁྲིད་དོ་དམ་ཁྲོད་བྱུང་བའི་ནོར་འཁྲུལ་ལམ་ནོར་འཛོལ་ལ་གོ་བ་ཡིན། དེ་ལ་ཚབས་ཆེ་བའི་སློབ་ཁྲིད་དོན་རྐྱེན་དང་སྤྱིར་བཏང་གི་སློབ་ཁྲིད་དོན་རྐྱེན་གཉིས་ཡོད།

རིགས་དབྱེ།  

ཀྲུང་གོའི་སློབ་གསོའི་སློབ་ཚོགས།

ཀྲུང་གོའི་སློབ་གསོའི་སློབ་ཚོགས་ཀྱི་སློབ་གསོ་རིག་པ་དེ་སྤྱི་ལོ1979ལོའི་ཟླ4ཚེས13ཉིན་བཙུགས་པ་དང་དེ་ནི་ཀྲུང་གོའི་སློབ་གསོའི་སློབ་ཚོགས་ཁྲོད་ཐོག་མར་བཙུགས་པའི་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་རིག་གཞུང་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

ཚའོ་ཧྥེང་ཆི།

ཚའོ་ཧྥེང་ཆི། ཕོ རྒྱ་རིགས། སྤྱི་ལོ1945ལོའི་ཟླ7པའི་ཚེས12ཉིན་ཅི་ལིན་ཞིང་ཆེན་ཧྥུ་ཡུས་རྫོང(ད་ལྟ་སུང་ཡོན་གྲོང་ཁྱེར)དུ་སྐྱེས། ཀྲུང་གུང་ཏང་ཡོན་ཡིན། ད་ལྟ་པེ་ཅིན་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན། པེ་ཅིན་སློབ་ཆེན་དངུལ་རྩ་དང་དངུལ་འཛིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། སློབ་གསོ་པུའུ་དང་སྤྱི་ཚོགས་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་དངུལ་རྩའི་སློབ་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་མ་འཇོག་སློབ་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། པེ་ཅིང་གྲོང་ཁྱེར་དངུལ་རྩའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི།

དགེ་རྒན་གྱི་ཀུན་སྤྱོད་ནི་ཤེས་རིག་གི་བྱང་ཚད་མེད་པའི་དགེ་རྒན་དང་ཀུན་སྤྱོད་ཀྱི་བྱང་ཚད་མེད་པའི་དགེ་རྒན་གཉིས་གང་ཞིག་གི་གནོད་འཚབ་ཆེ་བ་དེ་ང་ཚོས་བློ་ཡིས་དཔྱད་པ་ཙམ་གྱིས་རྟོགས་པར་འགྱུར་བ་ཡིན། དེར་བརྟེན་སློབ་གྲྭ་ནི་སློབ་མར་ཤེས་རིག་དང་ཀུན་སྤྱོད་སོགས་ཆ་ཚང་བའི་སློབ་གསོ་བཏང་ཡུལ་ཞིག་ཡིན་ལ། དགེ་རྒན་ཡང་ཤེས་རིག་དང་ཀུན་སྤྱོད་གཉིས་ལྡན་ཞིག་ཡིན་དགོས།

རིགས་དབྱེ།  

དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི།

དགེ་རྒན་གྱི་ཀུན་སྤྱོད་ནི་ཤེས་རིག་གི་བྱང་ཚད་མེད་པའི་དགེ་རྒན་དང་ཀུན་སྤྱོད་ཀྱི་བྱང་ཚད་མེད་པའི་དགེ་རྒན་གཉིས་གང་ཞིག་གི་གནོད་འཚབ་ཆེ་བ་དེ་ང་ཚོས་བློ་ཡིས་དཔྱད་པ་ཙམ་གྱིས་རྟོགས་པར་འགྱུར་བ་ཡིན། དེར་བརྟེན་སློབ་གྲྭ་ནི་སློབ་མར་ཤེས་རིག་དང་ཀུན་སྤྱོད་སོགས་ཆ་ཚང་བའི་སློབ་གསོ་བཏང་ཡུལ་ཞིག་ཡིན་ལ། དགེ་རྒན་ཡང་ཤེས་རིག་དང་ཀུན་སྤྱོད་གཉིས་ལྡན་ཞིག་ཡིན་དགོས།

རིགས་དབྱེ།  

དགེ་རྒན་དཔང་ཡིག

དགེ་རྒན་དཔང་ཡིག་ནི་སློབ་གསོའི་ལས་རིགས་ལས་གཉེར་དགེ་རྒན་བྱས་ཆོག་པར་གནང་བའི་དཔང་ཡིག་ཅིག་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་སུ་གཅིག་གྱུར་གྱི་རྒྱུགས་གཞི་ལ་ཞུགས་ནས་ཡིག་ཚད་ལོན་རྗེས་སུ་དགེ་རྒན་གྱི་དཔང་ཡིག་ལ་རེ་འདུན་ཞུས་ཆོག་པ་ཞིག་ཡིན།

རིགས་དབྱེ།  

དགེ་རྒན་སློབ་གསོ།  བརྡ་འགྲེལ 10 ཡོད།