སྤྱིར་བཏང་དུ་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་ཕ་མའམ་རྒན་པ་དག་གིས་བུ་ཕྲུག་ཚོར་སློབ་གསོ་གཏོང་བར་ཟེར་ཞིང་། སྒྲ་ཡངས་འཇུག་གི་གོ་དོན་ནི་བྱིས་པ་བཙས་ནས་ནར་སོན་པའི་བར་དུ་མྱོང་བའི་ཁྱིམ་ཚང་གི་སློབ་གསོ་ལ་ཟེར་བ་དང་། སྒྲ་དོག་འཇུག་གི་གོ་དོན་ནི་སློབ་ལོ་མ་རན་པའི་བྱིས་པར་སྤེལ་བའི་ཁྱིམ་ཚང་གི་སློབ་གསོ་ལ་ཟེར། སྤྱིར་བཏང་དུ་ཁྱིམ་ཚང་གི་སློབ་གསོའི་གནད་འགག་ནི་བྱིས་པ་བཙས་པ་ནས་ལོ་བཅོ་ལྔ་ཙམ་གྱི་བར་གྱི་སློབ་གསོ་དེ་ཡིན་ལ། བོད་ལུགས་ཀྱིས་བུ་ཕྲུག་དགོན་པར་ཆོས་ཞུགས་མ་བྱས་གོང་ཕ་མའི་སར་ཁྱིམ་གྱི་འཚོ་བ་སྐྱེལ་དགོས་པས་དེ་སྐབས་ཕ་མའི་ཐེབས་པའི་སློབ་གསོ་ཡིན། རྒྱ་ཡིག་གི་མིང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
གསར་སྐྱེས་བྱིས་པ་ནི་མངལ་ལས་སྐྱེས་ཏེ་ལྟེ་ཐག་བཅད་པ་ནས་ཉིན་ཉེར་བརྒྱད་ཀྱི་དུས་ལ་ཟེར་བ་དང་། དུས་ཡུན་རིང་པོར་འཚར་ལོངས་དང་ནད་རིགས་ཕྱོགས་ལ་ཧ་ཅང་མངོན་གསལ་གྱི་ཁྱད་ཆོས་རང་བཞིན་ལྡན་པས། ནད་འབྱུང་ཚད་མཐོ་བ་དང་ཤི་ཚད་ཀྱང་མཐོ་བ་ཡིན། དེའི་རྐྱེན་དམར་འབྱར་དུས་ཀྱི་ཆེས་ཁྱད་པར་ཅན་གྱི་དུས་ཤིག་ཡིན། དུས་སྐབས་འདིར་བྱིས་པ་ཨ་མའི་མངལ་ལས་ཁ་བྲལ་ཏེ་ཁེར་ཚུགས་ཀྱི་འཚོ་སྡོད་རྣམ་པར་གྱུར་ལ། གནས་ཡོད་པའི་ཕྱི་ནང་གི་ཁོར་ཡུག་ལ་ཡང་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མོད། འོན་ཀྱང་མཐུན་པའི་ནུས་ཤུགས་ཆ་ཚང་མིན་པར་མ་ཟད། བྱིས་པ་བཙའ་དུས་གོ་རིམ་གྱི་གནོད་པ་དང་རེད་པའི་རྣམ་པ་གནས་ཡོད་ལ། ལྷན་སྐྱེས་ཀྱི་ཡ་མ་གཟུགས་ཀྱི་རྣམ་པ་ཡང་འདིའི་སྐབས་སུ་མངོན་པ་ཡིན། རྒྱ་ཡིག་གི་མིང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
གཞུང་ལུགས་གསར་པ་མི་ཤེས་པའི་མི་དང་ལྷག་ཏུ་བྱིས་པར། ཚན་རིག་གི་ཤེས་བྱ་ཞིབ་བཤེར་བྱེད་པའི་ནུས་པ་མེད་པའི་སྐབས་སུ། ཆེས་སྟབས་བདེའི་ངང་ནས་མཇུག་འབྲས་ཡིད་ལ་འཛིན་དུ་བཅུག་སྟེ་ཚན་རིག་ཤེས་བྱ་བཀོལ་དུ་འཇུག་པ་ལས་ར་སྤྲོད་ཀྱི་གོ་རིམ་མེད་པའི་སློབ་གསོ་བྱེད་ཐབས་ལ་བློ་འབྱེད་སློབ་གསོ་ཟེར། བློ་འབྱེད་སློབ་གསོའི་རྒྱུན་སྤྱོད་བཤད་ཐབས་ནི་བློ་འབྱེད་བྱ་ཡུལ་གྱི་ཤེས་ཟིན་པའི་རྒྱུན་ཤེས་ལ་བརྟེན་ནས་གནས་ལུགས་བཤད་པ་ལས་ཚན་རིག་གི་བདེན་སྤྲོད་བྱེད་པའི་གོ་རིམ་མིན། རྒྱ་ཡིག་གི་མིང་། 启蒙教育 དབྱིན་ཡིག་གི་མིང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བློ་འབྱེད་གཏམ་རྒྱུད་འདི་གཉིས་ཀྱི་ཁྱད་ཆོས་གཙོ་བོ་ནི་མཚོན་བྱེད་ཀྱི་དཔེ་གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པར་བརྟེན་ཏེ། མཚོན་བྱ་མིའི་རྒྱུད་ན་གཉུག་མར་གནས་པའི་དགེ་སྡིག་གི་བསམ་བློ་དང་འཇིག་རྟེན་གྱི་ཆོས་ཉིད་རེ་གོ་བདེ་ཞིང་ཁ་གསལ་བའི་སྒོ་ནས་ངོ་སྤྲོད་གནང་བཞིན་ཡོད་པར་མ་ཟད། དེ་དག་གིས་ཀློག་པ་པོར་གྱུར་པའི་བྱིས་པ་གཙོ་བྱས་པ་དག་ལ་འདང་རྒྱག་ཏུ་འཇུག་ཅིང་། ངོ་མཚར་བའི་གཏམ་རྒྱུད་ཀྱི་གསེབ་ནས་རང་གི་སེམས་གཏིང་དུ་འཛུལ་ངེས་པའི་གནས་ལུགས་སམ་ཆོས་ཉིད་དག་ངང་ངམ་ཤུགས་ཀྱིས་བརྡོལ་བཞིན་ཡོད་པས་བློ་འབྱེད་ཀྱི་སློབ་གསོའི་རང་བཞིན་ཤིན་ཏུ་གསལ་ལོ།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
དེང་སྐབས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་གང་དང་གང་ཡིན་རུང་བྱིས་པ་རྣམས་ཀྱི་ཀུན་སྤྱོད་སློབ་གསོའི་ཐད་ཧ་ཅང་གཙིགས་ཆེན་བྱེད་བཞིན་པ་དང་། སྤྱི་ཚོགས་ཧྲིལ་པོའི་ཀུན་སྤྱོད་སྤུས་ཚད་ཀྱི་རེ་བ་ཡང་རིམ་གྱིས་ཇེ་མཐོར་སོང་ཡོད་པས་བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་དུ་ཀུན་སྤྱོད་འཛུགས་སྐྲུན་ཐད་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་རེད། སེམས་ཁམས་རིག་པའི་ཆེད་མཁས་པ་ཚོས་ནར་སོན་པའི་གོ་རིམ་ནི་མི་ལ་ཀུན་སྤྱོད་དང་མི་གཤིས་ཆགས་པའི་གོ་རིམ་ཞིག་རེད་ཅེས་པ་འདིས་གཙོ་བོ་མིའི་ཀུན་སྤྱོད་ནི་བྱིས་པའི་དུས་ནས་སྐྱེད་སྲིང་བྱས་ཏེ་སྤྱི་ཚོགས་ཀྱི་བསམ་བློའི་རྨང་ལེགས་པོ་ཞིག་འདིང་རྒྱུ་དང་། རང་གཤིས་ངན་ལང་དུ་མི་གཏོང་བའི་ཕྱོགས་ལ་ཁག་ཐེག་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་སློབ་གསོའི་ཐབས་ལམ་ཞིག་བསྟན་ཡོད།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པའི་གམ་དུ་མི་གཞན་ལ་ཁ་བརྡ་བྱེད་དུས་ཀྱང་སྐད་ཆ་དག་མོར་བཤད་རྒྱུ་སོགས་ཧ་ཅང་གལ་ཆེ་ལ། ཕ་མས་ནམ་རྒྱུན་བྱིས་པའི་སྐད་ཆའི་སློབ་གསོ་གཙོར་བཟུང་སྟེ། བྱིས་པ་ལ་སྐད་ཆ་མང་པོ་བསླབ་རྒྱུ་ནི་གལ་ཆེན་པོ་ཞིག་རེད། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། བྱིས་པ། ངོ་སྤྲོད། བྱིས་པའི་གམ་དུ་མི་གཞན་ལ་ཁ་བརྡ་བྱེད་དུས་ཀྱང་སྐད་ཆ་དག་མོར་བཤད་རྒྱུ་སོགས་ཧ་ཅང་གལ་ཆེ་ལ། ཕ་མས་ནམ་རྒྱུན་བྱིས་པའི་སྐད་ཆའི་སློབ་གསོ་གཙོར་བཟུང་སྟེ། བྱིས་པ་ལ་སྐད་ཆ་མང་པོ་བསླབ་རྒྱུ་ནི་གལ་ཆེན་པོ་ཞིག་རེད། ཁྱིམ་ཚང་སློབ་གསོའི་ཚད་གཞི་མི་འདྲ་བ་དང་ཕ་མས་རང་གི་བྱིས་པའི་སྐད་ཆའི་སློབ་གསོ་གཙིགས་ཆེན་བྱས་མ་བྱས་ལ་ཁྱད་པར་ཆེན་པོ་ཡོད་དེ། དཔེར་ན། བྱིས་པ་ལ་ལས་ལོ་གསུམ་ལ་སོན་མ་ཐག་ནས་སྐད་ཆ་མང་པོ་བཤད་ཐུབ་
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
མེང་ཐའེ་སུའོ་ལིའི་སློབ་གསོ་ནི་དབྱི་ཐ་ལིའི་བུད་མེད་སློབ་གསོ་མཁས་ཅན་མཱ་ལི་ཡ་མེང་ཐའེ་སུའོ་ལིའི་མིང་ཐོག་ནས་བཏགས་པའི་སློབ་གསོའི་ཐབས་ལམ་ཤིག་ཡིན་ལ 《ཕྲུ་གུའི་ཁྱིམ་དུ་སྤྱོད་པའི་ཚན་རིག་གི་སློབ་གསོའི་ཐབས་ལམ》ཞེས་པའི་དཔེ་དེབ་ལས་དྲངས་པ་ཡིན་ལ། སྤྱི་ལོ1909ལོར་མེང་ཐའེ་སུའོ་ལི་ཡིས《ཕྲུ་གུའི་ཁྱིམ་དུ་སྤྱོད་པའི་ཚན་རིག་གི་སློབ་གསོའི་ཐབས་ལམ》ཞེས་པའི་དཔེ་ཆ་ཞིག་བརྩམས་ཤིང་། སྤྱི་ལོ1912ལོར་བརྩམས་ཆོས་དེ་ཉིད་ཨ་མེ་རི་ཁར་པར་སྐྲུན་བྱས་པ་དང་། དུས་མཚུངས་སུ་མགྱོགས་མྱུར་ངང་ཡིག་རིགས20ལྷག་ཏུ་བསྒྱུར་ནས་འཛམ་གླིང་གི་ས་ཆ་སོ་སོར་དར་ཁྱབ་བྱུང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པ་སྐྱེས་པ་ནས་ལོ་གཅིག་གི་སྔོན་གྱི་དུས་སྐབས་ལ་དམར་འབྱར་ཟེར་ལ། སྐྱེས་པ་ནས་འཚར་ལོངས་བྱུང་བ་ཆེས་མགྱོགས་པའི་དུས་སྐབས་ཡིན་དང་། མི་ཚེའི་སྟེང་འཚར་ལོངས་ཆེས་དར་འཕེལ་འབྱུང་བའི་དུས་རིམ་དང་ཡང་ཆེས་མཐའ་འཇུག་གི་དུས་སྐབས་ཀྱང་ཡིན། རྒྱ་ཡིག་གི་མིང་། 婴儿期 ཕྱི་ཡིག་གི་མིང་། Infancy རིག་ཚན། སེམས་ཁམས་རིག་པ། བཀོད་ཡུལ། འཕེལ་རྒྱས་སེམས་ཁམས་རིག་པ། ཁོངས། བྱིས་པའི་སློབ་གསོ། ངོ་སྤྲོད། སྐྱེས་པ་ནས་ལོ་གཅིག་གི་སྔོན་གྱི་དུས་སྐབས་ལ་གོ་བ་དང་། ལོ་གཅིག་ནས་ལོ་གསུམ་བར་ལ་དམར་འབྱར་དུས་སྐབས་ཟེར།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པར་ལྷན་སྐྱེས་ཉིད་ནས་རང་གཤིས་ཀྱི་ཁྱད་ཆོས་ལྡན་པ་དང་། རང་ཅག་མི་རྒན་དག་ལ་རྒྱུན་ལྡན་དུ་སྣང་བ་དེ་ཁོ་ཚོས་མཚར་མཚར་དུ་འཛིན་པ་མང་། བྱ་དངོས་གང་ལའང་ཐོག་མར་ལྟ་འདོད་པ། ཉན་འདོད་པ། རེག་འདོད་པ་དེ་འདྲ་རེད། རང་ཅག་གིས་རྒྱུ་མཚན་མེད་པར་བཙན་གྱིས་བྱིས་པའི་རང་གཤིས་ཀྱི་ཁྱད་ཆོས་དག་ལས་བྱུང་བའི་བྱ་བྱེད་དེ་དག་བཀག་འགོག་བྱ་མི་རིགས་སོ། ། ཁོངས་གཏོགས། སློབ་གསོ། རིགས། བྱིས་པའི་སློབ་གསོ། སྐད་རིགས། བོད་ཡིག ཁྱད་མཚར་གྱི་ཁྱད་ཆོས། བྱིས་པར་ལྷན་སྐྱེས་ཉིད་ནས་མཚར་འཛིན་གྱི་ཁྱད་ཆོས་ལྡན་པ་དང་། རང་ཅག་མི་རྒན་དག་ལ་རྒྱུན་ལྡན་དུ་སྣང་བ་དེ་ཁོ་ཚོས་མཚར་མཚར་དུ་འཛིན་པ་མང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
དེབ་འདི་ནི་ཉེ་ཆར་མཐོང་དཀོན་པའི་ཁྱིམ་ཚང་སློབ་གསོའི་ཕུལ་དུ་བྱུང་བའི་དེབ་ཅིག་དང་། མ་དཔེ་ནི་བྲིན་ཆེ་ཤོས་ཀྱི་ལག་བྲིས་ཅིག་ཀྱང་ཡིན་པ་འདི་ནི་སློབ་གསོ་ཆེད་མཁས་པ་དབྱིས་ཅན་ལིའི་བུ་སྐྱོང་ཉམས་མྱོང་གི་ཟིན་ཏིག་ཅིག་གོ། རྒྱ་ཡིག་གི་མིང་། 好妈妈胜过好老师 རིགས། སློབ་གསོ་རིག་པ། དེབ་ཀྱི་ཁྱད་ཆོས། དང་པོ། དེབ་འདིས་ཐོག་དང་པོར་ཁྱིམ་ཚང་སློབ་གསོའི་རྩ་དོན་གསར་བ་གསར་རྐྱང་བཏོན་འདུག་ལ། ཕ་མས་བྱིས་པར་སློབ་གསོ་གཏོང་སྐབས་ཀྱང་རྒྱབ་བརྟེན་བྱ་འོས་པའི་ཁྱད་ཆོས་བཅས་ཡོད།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
མ་ཁོག་སློབ་གསོ་ཟེར་བ་ནི་ཧ་ཅང་གལ་འགངས་ཆེ་ལ། ཧ་ཅང་གཟབ་དགོས་པའི་གནད་དོན་དམ་པ་ཞིག་ཡིན། སྤྱིར་བཏང་ཁྱོ་ཤུག་གཉིས་ཀས་ཆེས་ཐོག་མའི་ཕྲུ་གུ་གསོ་འདོད་ཀྱི་སྔོན་འགྲོའི་གྲ་སྒྲིག་ལ་ཟེར་ཞིང་། བུད་མེད་གང་དེའི་མངལ་དུ་ཕྲུ་གུ་ཆགས་པའི་སྔོན་ལ། སྨན་ཁང་ཚད་ལྡན་དུ་སོང་ནས་བུད་མེད་དེའི་ལུས་པོའི་འཕྲོད་བསྟེན་ལ་བརྟག་དཔྱད་ཡག་པོ་ཞིག་བྱེད་དགོས། 1243 胎教 རིགས། སློབ་གསོ་རིག་པ། དབྱེ་བ། མ་ཁོག་སློབ་གསོ། མངལ་འཛིན་དུས། སིབ་ནད་ཀྱི་རིགས་ཕོག་མྱོང་ཡོད་མེད་ལ་མཉམ་འཇོག་བྱེད་དགོས་པ་ཧ་ཅང་གལ་ཆེན་ཞིག་ཡིན། སིབ་ནད་དེ་བྱིས་པ་ཆུང་ཆུང་ལ་ཕོག་སླ་བའི་ནད་ཅིག་ཡིན་པས། གལ་ཏེ་བུད་མེད་མངལ་ལྡན་ཞིག་རྒྱུན་དུ་བྱིས་པ་ཆུང་ཆུང་ལ་ཐུག་འདྲིས་བྱེད་པ་དང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
ཁྱོ་གའི་འོས་འགན་ཟེར་བ་ནི་སྐྱེས་པ་དེའི་ཉིན་མཚན་དུས་དྲུག་ཏུ་སེམས་ཞིབ་མོའི་སྒོ་ནས་རང་གི་ཆུང་མའི་ལུས་ཁམས་དང་སེམས་ཁམས་ལ་བསྟུན་ནས་ཁྱིམ་ལས་སོགས་གཙོར་བྱས་པའི་ཁྱིམ་ཚང་ནང་གི་བྱ་བ་ཐམས་ཅད་ཀྱི་འགན་ཡོངས་སུ་རྫོགས་པ་འཁུར་དགོས་པ་ལ་ཟེར། ངོ་བོ། ཁྱིམ་ཚང་སློབ་གསོ། དམིགས་ཡུལ། རོགས་རམ། གསལ་བཤད། མི་མང་པོ་ཞིག་གིས་མ་ཁོག་སློབ་གསོ་ཟེར་བ་དེ་མངལ་ལྡན་སྐྱེས་མ་ཁོ་ན་ལ་རག་ལས་ཤིང་མོས་བསྒྲུབ་དགོས་པའི་བྱ་བ་ཁོ་ན་ཞིག་ཡིན་པར་རློམ་བཞིན་ཡོད་མོད། དོན་ངོ་མར་མ་ཁོག་སློབ་གསོ་དེ་ཁྱོ་ག་ལའང་བརྒྱ་ཆ་དྲུག་ཅུའི་འགན་ཡོད་ཅིང་། སྐབས་དེར་ཁྱོ་གས་ཇི་ལྟར་བྱས་ནས་ཆུང་མའི་ཁོག་གི་ཕྲུ་གུར་སློབ་གསོ་དང་རམ་འདེགས་བྱེད་ཟེར་ན།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
འདིར་སྦྲུམ་བུས་ཨ་མ་ཡི་བསམ་ཚུལ་མཐའ་དག་དང་ལེན་བྱེད་པའི་སྐོར་དང་མངལ་གནས་སློབ་གསོ་ལེགས་པར་སྐྱོང་བའི་ཐབས་ལམ་བཅས་བཤད་ཡོད། རིགས་དབྱེ། མངལ་གནས་སློབ་གསོ། ཁྱད་ཆོས། ལག་ལེན་རྣམ་བཤད། ངོ་སྤྲོད། འདིར་སྦྲུམ་བུས་ཨ་མ་ཡི་བསམ་ཚུལ་མཐའ་དག་དང་ལེན་བྱེད་པའི་སྐོར་དང་མངལ་གནས་སློབ་གསོ་ལེགས་པར་སྐྱོང་བའི་ཐབས་ལམ་བཅས་བཤད་ཡོད། ནང་དོན་དངོས། སྔོན་གྱི་དུས་སུ་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཟླ་བ་གསུམ་ལོན་པའི་སྦྲུམ་བུས་སྐད་ཆ་ཅི་ཡང་གོ་མི་ཐུབ་པས། ཨ་མས་བཤད་པའི་སྐད་ཆ་ལ་རྩ་བ་ནས་གོ་བ་ལེན་མི་ཤེས་པར་འདོད། དེ་ལྟ་ནའང་སྦྲུམ་བུ་ལ་འདུ་ཤེས་མེད་(无意识)ཅེས་པ་དང་ལྡན་ཞིང་། འདུ་ཤེས་མེད་ཅེས་པ་ནི་འདུ་ཤེས་དང་མི་ལྡན་པའི་བག་ལ་ཉལ་བའི་ནུས་པ་སྟོབས་དང་ལྡན་པ་ཞིག་ཡིན་ལ།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་གཉོར་ཁང་ནི་སློབ་སྔོན་སློབ་གསོའི་སྡེ་ཁག་ཅིག་ཡིན་ཞིང་། བྱིས་པ་རྣམས་གཅིག་བསྡུས་ཀྱིས་གསོ་སྐྱོང་དང་སློབ་གསོ་གཏོང་བ་ཡིན་ལ། རྒྱུན་དུ་ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་དག་བྱིས་གཉོར་ཁང་དུ་སྐྱེལ་བ་ཡིན། བྱིས་གཉོར་ཁང་ནི་བྱིས་པ་རྣམས་ཀྱི་དགའ་དགའ་སྐྱིད་སྐྱིད་བྱེད་སའི་གནས་ཤིག་ཡིན་ལ། དེས་བྱིས་པ་རྣམས་བདེ་ཐང་དགའ་སྤྲོའི་ངང་བྱིས་དུས་ཀྱི་འཚོ་བ་སྐྱིད་པོ་ཞིག་རོལ་བར་རོགས་བྱེད་པ་ཡིན། རྒྱ་ཡིག་གི་མིང་། 幼儿园 ཕྱི་ཡིག་གི་མིང་། Kindergarten ངོ་སྤྲོད། བྱིས་གཉོར་ཁང་ནི་སློབ་སྔོན་སློབ་གསོའི་སྡེ་ཁག་ཅིག་ཡིན་ཞིང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
ཁྱུང་མཆུ་གྲོང་རྡལ་གྱི་བྱིས་པ་ཁང་ནི་སྔར་གྱི་ལྷ་རྒྱལ་གླིང་གི་བྱིས་པ་ཁང་ཞེས་པ་དེ་ཡིན། སྤྱི་ལོ1953ལོར་ཁུལ་སྲིད་གཞུང་དེ་ལྷ་རྒྱལ་གླིང་དུ་གནས་སྤོས་ཏེ་དེར་བྱིས་པ་ཁང་བཙུགས་པའི་འཆར་གཞི་བཀོད། སྤྱི་ལོ1954ལོར་སློབ་ཚན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས། ཁུལ་རིམ་ལས་ཁུངས་ལས་བྱེད་མི་སྣའི་བུ་ཕྲུག་གི་སློབ་ལོ་མ་ལོན་གོང་གི་གྲ་སྒྲིག་སློབ་གསོའི་འགན་ཁུར་བ་དང་། སྤྱི་ལོ1960ལོའི་ཟླ6པར་ལྷ་རྒྱལ་གླིང་ནས་ཧུང་ཡོན་རྫོང་མཁར་གྱི་ཧུ་ར་མར་གནས་སྤོས་ཏེ་མིང་ལ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་བྱིས་པ་ཁང་ཞེས་བཏགས།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པ་ཞེས་པ་སྤྱི་ལོ1991ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས23པའི་ཐོག་ཀྲུང་གོའི《བྱིས་པའི་ཁེ་དབང་སྤྱི་ཆིངས》ནང་ཞུགས་རྒྱུའི་ཆོག་མཆན་འགོད་རྒྱུ་ཐག་བཅད་པ་དང་། སྤྱི་ཆིངས་ནང་བྱིས་པ་ཞེས་པ་ནི་ལོ18མན་ཡིན་དགོས་པར་གཏན་འཁེལ་བྱས་ཡོད། 1243 3423 རྒྱ་ཡིག་གི་མིང་། 儿童 ཕྱི་ཡིག་གི་མིང་། children ལོ་ཚད། ལོ18མན་གྱི་མི། ངོ་སྤྲོད། སྤྱི་ཚོགས་དང་ཀྲུང་གོའི་བཅའ་ཁྲིམས་ཀྱི་གཏན་འབེབས་ནི་གཤམ་གསལ་ལྟར།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པའི་མ་འོངས་པའི་མདུན་ལམ་ཅི་འདྲ་ཞིག་ཡོང་བར་བྱིས་སྐྱོང་ཁང་གི་སློབ་གསོ་ལ་འབྲེལ་བ་ཤིན་ཏུ་ཆེ་ཞིང་། ཁྱད་པར་བྱིས་སྐྱོང་ཁང་གི་ཁོར་ཡུག་དང་། བསླབ་གཞི། དགེ་རྒན་རྣམས་ཀྱི་ལུས་ངག་གི་སྤྱོད་ལམ་སོགས་ལ་ཐད་ཀར་འབྲེལ་བ་ཡོད་པས། བྱིས་སྐྱོང་ཁང་གི་སློབ་གསོ་ནི་ཆེས་རྨང་གཞིར་གྱུར་པའི་གལ་ཆེ་བའི་སློབ་གསོ་ཞིག་ཡིན་ནོ། ། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། བོད་ཀྱི་བྱིས་པ། བྱིས་པའི་སློབ་གསོའི་གནད་དོན། སྤྱི་ཚོགས་འགྱུར་བ་དང་བསྟུན་ནས་བོད་ཀྱི་སློབ་གསོའི་ལམ་ལུགས་ཀྱང་འགྱུར་བཞིན་ཡོད་ཅིང་བོད་ཀྱི་བྱིས་པའི་སློབ་གསོའང་དེ་ལས་མ་འདས།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པའི་བདེ་ཐང་ནི་བྱིས་པའི་མི་ཚེ་བརྒྱུད་རིམ་ནང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས། ང་ཚོས་བྱིས་པ་རྣམས་ཀྱི་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་། དུས་རྒྱུན་དུ་བྱིས་པའི་བདེ་ཐང་ལ་དོ་ཁུར་བྱས་ཏེ་བྱིས་པར་གནོན་ཤུགས་མི་སྤྲོད་པ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་འཚར་ལོངས་འབྱུང་དུ་འཇུག་དགོས། རྒྱ་ཡིག་གི་མིང་། 儿童健康教育 སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། བྱིས་པ། ངོ་སྤྲོད། བདེ་ཐང་སློབ་གསོ་ནི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་དོན་དག་གལ་ཆེན་པོ་ཞིག་ཡིན། བདེ་ཐང་མེད་པའི་མི་ཞིག་གིས་འཚོ་བ་ཡང་རོལ་དཀའ་བ་ཞིག་རེད། དེ་བས་ང་ཚོས་བྱིས་པ་རྣམས་ཀྱི་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་དུས་རྒྱུན་བྱིས་པ་རྣམས་ཀྱི་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་བྱིས་པ་ཞེས་པ་ནི་ལོ6ནས15བར་གྱི་ལོ་ཆུང་བྱིས་པ་ལ་ཟེར། རྒྱ་ཡིག་གི་མིང་། 适龄儿童 ཕྱི་ཡིག་གི་མིང་། school-age children དོན་འགྲེལ། ལོ6ནས15བར་གྱི་ལོ་ཆུང་བྱིས་པ། དུས་རིམ། འོས་འགན་སློབ་གསོའི་དུས་རིམ། ནང་དོན། སློབ་ལོ་རན་པའི་བྱིས་པ་ཞེས་པ་ནི་སློབ་གྲྭར་ཞུགས་པའི་ལོ་ཚད་དང་འཚམ་པའི་སློབ་གསོ་དང་ལེན་བྱེད་པའི་བྱིས་པར་ཟེར། སྤྱི་ལོ2006ལོའི་ཟླ6པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བའི《འོས་འགན་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལྟར། ལོ་དྲུག་
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
འགན་བབས་སློབ་གསོ་ཁྱབ་བརྡལ་གྱི་སློབ་གྲྭར་ཞུགས་ཆོག་པའི་ལོ་ཚད་ལ་ཐོན་པའི་བྱིས་པར་གོ་དགོས་པ་སྟེ། ལ་ལས་ལོ6དང7ནས་ལོ11དང12བར་གྱི་སློབ་ཆུང་གི་སློབ་མའི་དུས་སྐབས་ལ་སློབ་ལོ་རན་པའི་བྱིས་པ་ཟེར། རྒྱ་ཡིག་གི་མིང་། 学龄儿童 ཁྱབ་ཁོངས། ལོ6-7ནས11-12བར་གྱི་བྱིས་པ། འགྲེལ་བ། བྱིས་པ་སློབ་གྲྭར་ཞུགས་དགོས་པའི་ལོ་ཚད། ངོ་སྤྲོད། ནམ་ཞུགས་དགོས་པའི་ཚད་ནི་རྒྱལ་ཁབ་སོ་སོ་ཡང་མི་འདྲ། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་བཞིན་པའི་རྒྱལ་ཁབ་དག་ལ་མཚོན་ན་འགན་བབས་སློབ་གསོའི་ལོ་ཚད་ཀྱི་སློབ་ལོ་ལ་བརྩི་སྲུང་བྱ་དགོས།
རིགས་དབྱེ། སློབ་གསོ།• བྱིས་པའི་སློབ་གསོ།
བྱིས་པའི་སློབ་གསོ། བརྡ་འགྲེལ 20 ཡོད། |