སློབ་གསོ་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་གསོ་རིག་པ།
སློབ་གསོ་རིག་པ་ནི་སློབ་གསོའི་སྣང་ཚུལ་དང་དེ་དག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་ཞིང། མིའི་རིགས་ཀྱི་འཚོ་བའི་ཁྲོད་རྒྱུན་འབྱམས་སུ་སོང་འདུག སློབ་གསོའི་སྣང་ཚུལ་དང་། སློབ་གསོའི་གནད་དོན་ལ་ཞིབ་འཇུག་བྱས་པར་བརྟེན་ནས་སློབ་གསོའི་སྤྱིར་བཏང་གི་ཆོས་ཉིད་གསེད་བཀྲོལ་བྱེད་པ་ཡིན། དུས་རབས19བའི་དུས་དཀྱིལ་གྱི་ཚུན་ལ། མར་ཁེ་སི་རིང་ལུགས་བྱུང་བ་དང་། ཉེ་རབས་ཀྱི་སེམས་ཁམས་རིག་པ་དང་ལུས་ཁམས་རིག་པའི་འཕེལ་རྒྱས་བཅས་ཀྱིས་ཚན་རིག་ཅན་གྱི་སློབ་གསོར་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་གི་རྨང་བཏིངས་པ་རེད། དེང་རབས་ཀྱི་ཐོན་སྐྱེད་དང་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་། སློབ་གསོའི་ལག་ལེན་གྱི་རྒྱ་ཁྱབ་རང་བཞིན་དང་སྣ་འཛོམས་རང་བཞིན་གྱིས་སློབ་གསོ་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། སློབ་གསོ་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མིའི་རིགས་ཀྱི་སློབ་གསོའི་སྣང་ཚུལ་དང་གནད་དོན་གཉིས་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教育学
ཕྱི་ཡིག་གི་མིང་།
pedagogy
ཞིབ་འཇུག་བྱ་ཡུལ།
སློབ་གསོའི་སྣང་ཚུལ་དང་སློབ་གསོའི་གནད་དོན།
ཁོངས་གཏོགས།
སྤྱི་ཚོགས་ཚན་རིག
ཚབ་མཚོན་མི་སྣ།
ཧེར་པཱ་ཐི།ཁོའོ་མེ་ནེའུ་སེ། ཀྲའོ་ཨུན་ལོ་ཁུ།
བརྩམས་ཆོས་གཙོ་བོ།
《ཕལ་བའི་སློབ་གསོ་རིག་པ》《སློབ་གསོའི་རྣམ་བཤད་ཆེན་མོ》
1 ​མིང་གི་བྱུང་བ།

འབྱུང་ཁུངས་སྟེང་བལྟས་ན། དབྱིན་ཇིའི་རྒྱལ་ཁབ་ཀྱི“pedagogy”དང་། ཧྥ་རན་སེའི་རྒྱལ་ཁབ་ཀྱི“pedagogy” འཇར་མན་རྒྱལ་ཁབ་ཀྱི“pedagogik”བཅས་ཀེ་རི་སེའི“pedagogue”ཞེས་པའི་མིང་འདི་ནས་བྱུང་བ་ཡིན་ཞིང་། བྱིས་པའི་བདག་སྐྱོང་དང་སློབ་གསོའི་ཐབས་ལམ་ཞེས་པའི་དོན་ཡིན། དུས་རབས19པའི་དུས་མཇུག་ཏུ་དབྱིན་ཇིའི་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་སྔ་རྗེས་སུ“education”དང“pedagogy”ཞེས་པ་གཉིས་སྤྱད། ཀྲུང་གོར“教育学”ཞེས་པའི་འགྱུར་མིང་དེ་ནི་ཉི་ཧོང་ཡིག་ནས་ཕལ་ཆེར་དུས་རབས20པའི་དུས་མགོར་བསྒྱུར་བ་ཡིན།

2 བརྩམས་ཆོས།

དབྱིན་ཇིའི་མཁས་པ་བྷེ་ཁུན(Francis Bacon)གྱི《ཚན་རིག་གི་རིན་ཐང་དང་འཕེལ་རྒྱས་གླེང་བ》(1623ལོ)ཞེས་པའི་དཔྱད་རྩོམ་ཁྲོད་ཐེངས་དང་པོར་སློབ་གསོ་རིག་པ་དེ་རང་རྐྱ་ཐུབ་པའི་ཚན་རིག་ཅིག་ཡིན་པའི་ལྟ་བ་བཏོན།wKgMEFbtINSAZT-_AADTllPVMvY990.jpg.jpg

ཅེ་ཁེའི་སློབ་གསོ་རིག་པ་བ་ཁོའོ་མེ་ནེའུ་སེ(Jan Amos Komensky)ཡིས་ཉེ་རབས་ཀྱི་སློབ་གསོ་རིག་པའི་བརྩམས་ཆོས་ཐོག་མ་སྟེ《སློབ་གསོའི་རྣམ་བཤད་ཆེན་མོ》(Great Didactic Of Comenius)(1632ལོ)བརྩམས་ཤིང་། འདིའི་ཁྲོད་སློབ་གསོའི་དམིགས་ཡུལ་དང་ལས་འགན། སློབ་གསོའི་དགོས་པ་དང་སློབ་ཁྲིད་བྱེད་སྟངས་སོགས་ལ་འགྲེལ་བཤད་ཅུང་ཟད་བྱས་ཡོད།

དབྱིན་ཇིའི་མཚན་ཉིད་རིག་པ་བ་ཀྲའོ་ཨུན་ལོ་ཁུ(John Locke)ཡིས《སློབ་གསོ་གླེང་བ》(Some Thoughts Concerning Education) (1693ལོ)ཞེས་པ་བརྩམས་ནས། “མི་དྲག་སློབ་གསོ”ཡི་གཞུང་ལུགས་ཆ་ཚང་བོར་བཏོན།

ཧྥ་རན་སེའི་བསམ་བློ་རིག་པ་བ་རུའུ་སའོ(Jean-Jacques Rousseau)ཡི《ཨེ་མེའོ》(emile or on education)ཞེས་པའི་ཁྲོད་འབྱོར་ལྡན་གྲལ་རིམ་གྱི་སློབ་གསོའི་བསམ་བློ་གཏིང་ཟབ་སྒོས་བརྗོད་ཡོད།

འཇར་མན་གྱི་མཚན་ཉིད་རིག་པ་བ་ཁན་ཐི(Immanuel Kant)ཡི《ཁན་ཐིས་སློབ་གསོ་གླེང་བ》(1803ལོ)ཞེས་པའི་བརྩམས་ཆོས་ཁྲོད་སློབ་གསོའི་ཐབས་ལམ་ནི་ངེས་པར་དུ་ཚན་རིག་ཅིག་ཏུ་འགྱུར་དགོས་ཞེས་པ་དང་སློབ་གསོའི་ཚོད་ལྟ་ཞེས་པའི་ལྟ་བ་གསལ་བོར་བཏོན།

སུའེ་ཙེར་གྱི་སློབ་གསོ་རིག་པ་བ་ཕའེ་སི་ཐི་ལའོ་ཚེ (Johann Heinrich Pestalozzi) ཡི《ལིན་ཧ་ཏུ་དང་ཀུ་ཏུའུ་ཏུ》(1781~1787ལོ)ཞེས་པའི་ཁྲོད་མིའི་རིགས་ཀྱི་སློབ་གསོ་དེ་སེམས་ཁམས་རིག་པར་བསྒྱུར་བ་ཞེས་པའི་ལྟ་བ་བཏོན།

དེང་རབས་སློབ་གསོ་རིག་པའི་ཡབ་ཆེན་ནམ་ཡང་ན་ཚན་རིག་སློབ་གསོ་རིག་པའི་རྨང་འདིང་པ་པོ་ཞེས་འབོད་པའི་འཇར་མན་གྱི་སེམས་ཁམས་རིག་པ་བ་དང་སློབ་གསོ་རིག་པ་བ་ཧེར་པཱ་ཐི(Johann Friedrich Herbart)ཡི《ཕལ་བའི་སློབ་གསོ་རིག་པ》(1806ལོ)ཞེས་པའི་དཔེ་དེབ་ནང་དུ། སློབ་གསོའི་དམིགས་ཡུལ་ནི་མི་ཆོས་རིག་པ་རྨང་གཞིར་བྱེད་པ་དང་། བྱེད་ཐབས་ནི་སེམས་ཁམས་རིག་པ་གཙོ་བོར་བྱེད་དགོས་པར་གསུངས་པར་མ་ཟད། སློབ་གསོའི་དམིགས་ཡུལ་དང་སློབ་ཁྲིད། ཀུན་སྤྱོད་སློབ་གསོའི་གནད་དོན་ཡང་གླེང་སློང་བྱས་ཡོད་ཅིང་། ཡོངས་གྲགས་སུ་དེ་ནི་དེང་རབས་ཀྱི་སློབ་གསོ་རིག་པའི་བརྩམས་ཆོས་དང་པོ་རྩི་བཞིན་ཡོད། དུས་རབས་བཅུ་དགུ་བའི་ནང་དེ་རང་རྐྱ་ཐུབ་པའི་རིགས་སྒོ་ཞིག་ཏུ་གྲུབ་པ་རེད།

3 རིགས་དབྱེ།

དམའ་འབྲིང་མཐོ་གསུམ་གྱི་སློབ་གསོ་རིག་པ་དང་བཟོ་ཞིང་ལས་ཞོར་གྱི་སེམས་ཁམས་རིག་པ། དམིགས་བསལ་བྱིས་པའི་སློབ་གསོ་རིག་པ་དང་འབྱུང་འགྱུར་སློབ་གསོ་རིག་པ་སོགས་རྣམ་གྲངས་མང་པོར་དབྱེ་ཡོད་པ་རེད།

4 རིག་ཚན་གྱི་རྨང་གཞི།

ཚན་རིག་གི་རྨང་གཞི།

དུས་རབས19པའི་དུས་དཀྱིལ་གྱི་རྗེས་སུ། མར་ཁེ་སི་རིང་ལུགས་བྱུང་བ་ཡིས་སློབ་གསོ་རིག་པའི་ཚན་རིག་ཅན་ལ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་གི་རྨང་བཏིངས་པ་རེད། དེང་རབས་ཀྱི་ཐོན་སྐྱེད་དང་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་། སློབ་གསོའི་ལག་ལེན་གྱི་རྒྱ་ཁྱབ་རང་བཞིན་དང་སྣ་འཛོམས་རང་བཞིན་གྱིས་སློབ་གསོ་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རིག་ཚན་གང་རུང་ཞིག་གི་ཚུགས་ཐུབ་རང་བཞིན་ནི་ཐོག་མར་དེའི་དམིགས་བསལ་གྱི་ཞིབ་འཇུག་བྱ་ཡུལ་ལ་རག་ལས་ཤིང་། སློབ་གསོ་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མིའི་རིགས་ཀྱི་སློབ་གསོའི་སྣང་ཚུལ་དང་གནད་དོན། དེ་མིན་སློབ་གསོའི་སྤྱིར་བཏང་གི་ཆོས་ཉིད་བཅས་ཡིན་པ་རེད།

སྤྱི་ཚོགས་ཀྱི་རྨང་གཞི།

སློབ་གསོ་དེ་མིའི་རིགས་ཀྱི་འཚོ་བའི་ཁྲོད་རྒྱ་ཁྱབ་ཏུ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ། དམིགས་ཡུལ་ཡོད་པའི་སྒོ་ནས་སྤྱི་ཚོགས་ཀྱི་མི་སྐྱེད་སྲིང་བྱེད་པའི་བྱ་འགུལ་ཞིག་ཡིན། སློབ་གསོའི་བྱ་འགུལ་ལེགས་པོར་སྤེལ་ཆེད། ངེས་པར་དུ་དེར་ཞིབ་འཇུག་བྱེད་དགོས་པར་མ་ཟད། ཡུན་རིང་གསོག་འཇོག་བྱས་པར་བརྒྱུད་ནས་སློབ་གསོ་རིག་པའི་དམིགས་བསལ་གྱི་ཞིབ་འཇུག་བྱ་ཡུལ་དུ་གྱུར་བ་ཡིན། སྒོས་སུ་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དེང་རབས་སྤྱི་ཚོགས་ལག་ལེན་གྱི་འཕེལ་རྒྱས་ཀྱིས་སློབ་གསོ་རིག་པའི་ཞིབ་འཇུག་ལ་བླང་བྱ་སྔར་ལས་ལྷག་པ་དང་གསར་བ་བཏོན་པ་རེད།

5 གྲུབ་མཐའ་གཙོ་བོ།

དུས་རབས20པ་ནི་སློབ་གསོ་རིག་པ་འཁྲུག་ཆ་ཆེ་བ་དང་འཕེལ་རྒྱས་བྱུང་བའི་དུས་རབས་ཤིག་ཡིན་ཏེ། སྐབས་དེར་གྲུབ་མཐའ་མང་དུ་བྱུང་ལ། ཕན་ཚུན་ལ་མཐའ་དཔྱོད་དང་དཔེ་ལྟ་སར་བཟུང་ནས་རྙིང་དོར་གསར་འདོན་བྱས།

དུས་རབས20པའི་སློབ་གསོ་རིག་པའི་གྲུབ་མཐའ་གཙོ་བོ་སྟེ།

ཚོད་ལྟའི་སློབ་གསོའི་རིགས།

དུས་རབས19བའི་དུས་མཇུག་ནས་དུས་རབས20པའི་དུས་འགོའི་བར་དུ་ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་ཁག་ཏུ་བྱུང་བའི་རང་བྱུང་ཚན་རིག་གི་ཚོད་ལྟའི་ཐབས་ལམ་གྱིས་བྱིས་པའི་འཚར་ལོངས་དང་། དེ་དང་སློབ་གསོའི་བར་གྱི་འབྲེལ་བ་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཏེ། དེའི་ཚབ་མཚོན་མི་སྣར་འཇར་མན་གྱི་མའེ་ཡི་མན(E.Meumann)དང་ལ་ཡེ(Wilhelm August Lay)ཞེས་པ་གཉིས་ཡིན་ལ། མའེ་ཡི་མན་གྱི་བརྩམས་ཆོས་ལ《ཚོད་ལྟའི་སློབ་གསོ་རིག་པའི་འཇུག་སྒོ》(1907ལོ)དང《ཚོད་ལྟའི་སློབ་གསོ་རིག་པའི་རྩ་གནད》(1914ལོ)གཉིས་ཡོད། ལ་ཡེའི་བརྩམས་ཆོས་ལ《ཚོད་ལྟའི་སློབ་གསོ་རིག་པ》(1908ལོ)ཞེས་པ་དེ་ཡིན།

རིག་གནས་སློབ་གསོའི་རིགས།

འདི་ལ་བསམ་པའི་ཚན་རིག་གི་སློབ་གསོ་རིག་པ་ཞེས་ཀྱང་ཟེར་ལ། དུས་རབས19པའི་དུས་མཇུག་ཏུ་འཇར་མན་དུ་བྱུང་བའི་སློབ་གསོ་རིག་པའི་གཞུང་ལུགས་ཤིག་ཡིན། ཚབ་མཚོན་མི་སྣར་ཏེའོ་ཐའེ(Wilhelm Dilthey)དང་། སི་ཕི་རོན་ཀེར (Eduard Spranger) ། ལེ་ཐུ་སོགས་ཡོད་ལ། ཏེའོ་ཐའེ་ཡི་བརྩམས་ཆོས་ལ《ཡོངས་ཁྱབ་དང་འོས་འཚམ་གྱི་སློབ་གསོ་རིག་པའི་སྐོར་གྱི་སྲིད་པ》(1888ལོ)ཞེས་པ་དང་། ཕི་རོན་ཀེར《སློབ་གསོ་དང་རིག་གནས》།(1919ལོ) 《ལས་རིགས་ཀྱི་སྐྱེད་སྲིད་དང་སྤྱིར་བཏང་གི་སྐྱེད་སྲིང》(1947ལོ)བཅས་སོ། །

དངོས་སྤྱོད་རིང་ལུགས།

དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་འགོར་ཨ་རིར་དར་བའི་སློབ་གསོའི་བསམ་བློ་ཞིག་ཡིན་ཞིང་། ཚབ་མཚོན་མི་སྣར་ཨ་རིའི་ཏེའོ་ཡེ(John Dewey)དང་ཁུ་པོ་ཆུའུ་སོགས་ཡོད། ཏེའོ་ཡེའི་བརྩམས་ཆོས་ལ《ང་ཡི་སློབ་གསོའི་དམ་ཚིག》(1897ལོ)དང《དམངས་གཙོ་རིང་ལུགས་དང་སློབ་གསོ》(1916ལོ)གཉིས་དང་། ཁུ་པོ་ཆུའུ་ཡི《འཆར་འགོད་ཀྱི་ཁྲིད་ཐབས》(1918ལོ)སོགས་ཡོད།

ལམ་ལུགས་སློབ་གསོའི་རིགས།

དུས་རབས20པའི་ལོ་རབས60པར་ཧྥ་རན་སེ་ནས་དར་བའི་སློབ་གསོའི་གཞུང་ལུགས་ཤིག་ཡིན་ཞིང་། དེའི་ཚབ་མཚོན་མི་སྣརF•ཝུའུ་ལེ་དང་། A•ཝ་སི་ཁའེ། M•ལུའོ་པུའུ་ལོ་སོགས་ཡོད་ལ།  ཝ་སི་ཁའེ་དང་ཝུའུ་ལེ་ཡི《ལམ་ལུགས་སློབ་གསོ་རིག་པར་ཁ་ཕྱོགས་པ》(1966ལོ)དང་། 《མཉམ་ལས་འཛིན་གྲྭ་ནས་ལམ་ལུགས་སློབ་གསོ་རིག་པ》(1970ལོ)། ལུའོ་པུའུ་ལོ་ཡི《ལམ་ལུགས་སློབ་གསོ་རིག་པ》(1966ལོ)སོགས་ཡོད།

མར་ཁེ་སིའི་སློབ་གསོའི་རིགས།

འདི་ལ་ནང་དོན་གཉིས་སུ་འདུ་བ་སྟེ། གཅིག་ནི་མར་ཁེ་སི་དང་ཨེན་ཀི་སི། དེ་མིན་མར་ཁེ་སིའི་རིང་ལུགས་ཀྱི་རྩོམ་པ་པོ་བཅས་ཀྱི་སློབ་གསོའི་གནད་དོན་གྱི་གཞུང་ལུགས་ཡིན་པ་དང་། ཡང་གཅིག་ནི་སུའུ་ལེན་དང་ཀྲུང་གོའི་སློབ་གསོ་རིག་པ་བ་རྣམས་ཀྱིས་མར་ལེ་རིང་ལུགས་ཀྱི་རྩ་བའི་རིགས་པར་གཞི་བཅོལ་དང་བཀོད་སྤྱོད་བྱས་ནས་དེང་རབས་སློབ་གསོའི་གནད་དོན་ལ་ཞིབ་འཇུག་བྱས་པའི་འབྲས་བུ་དེ་ཡིན།

མཐའ་དཔྱོད་སློབ་གསོའི་རིགས།

འདི་ནི་དུས་རབས20པའི་ལོ་རབས70པའི་རྗེས་སུ་དར་བའི་སློབ་གསོའི་བསམ་བློ་ཞིག་ཡིན་པར་མ་ཟད། དེང་དུས་སུ་ནུབ་ཕྱོགས་ཀྱི་སློབ་གསོའི་གཞུང་ལུགས་ཀྱི་ཁོངས་སུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་པའི་སློབ་གསོའི་བསམ་བློ་ཞིག་ཀྱང་ཡིན། འདིའི་ཚབ་མཚོན་མི་སྣར་ཨ་རིའི་པའོ་ཨེར་སི་དང་ཁིན་ཏེ་སི། ཨ་ཕུའུ་ཨེར། ཅི་ལུའུ། ཧྥ་རན་སིའི་པུའུ་ཨུ་ཏི་ཨེར་སོགས་ཡོད་ཅིང་། པའོ་ཨེར་སི་དང་ཁིན་ཏེ་སིའི་བརྩམས་ཆོས《མ་རྩ་རིང་ལུགས་ཀྱི་ཨ་རིའི་སློབ་གྲྭའི་སློབ་གསོ》(1976ལོ)དང་། པུའུ་ཨུ་ཏི་ཨེར་གྱི《སློབ་གསོ་དང་། སྤྱི་ཚོགས། རིག་གནས་ཀྱི་ཡང་བསྐྱར་ཐོན་སྐྱེད》(1979ལོ)། ཨ་ཕུའུ་ཨེར་གྱི《སློབ་གསོའི་ཁྲོད་ཀྱི་རིག་གནས་དང་དཔལ་འབྱོར་གྱི་ཡང་བསྐྱར་ཐོན་སྐྱེད》(1982ལོ)། ཅི་ལུའུ་ཡི《སློབ་གསོའི་ཁྲོད་ཀྱི་གཞུང་ལུགས་དང་བཀག་འགོག》(1983ལོ)སོགས་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པ།

ཀྲུང་གོར་དུས་རབས20པའི་ལོ་རབས60བའི་དུས་མཇུག་ཏུ“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གསོ་རིག་པ”ཞེས་པ་བཏོན་ནས། སློབ་གསོ་རིག་པ་ཡུལ་བབས་ཅན་དུ་བསྒྱུར་བར་ནུས་ཤུགས་བཏོན་པ་རེད།

6 གཞི་རྩའི་གནད་དོན།

ཞིབ་འཇུག་བྱ་ཡུལ།

སློབ་གསོ་རིག་པའི་ཞིབ་འཇུག་བྱ་ཡུལ་གྱི་སྐོར་ལ་ལྟ་བ་སྣ་ཚོགས་ཡོད་ཀྱང་། དེ་དག་ཁ་མི་གསལ་ཞིང་ལྟར་སྣང་ཙམ་དུ་ཆགས། མདོར་ན་སློབ་གསོ་རིག་པའི་ཞིབ་འཇུག་བྱ་ཡུལ་ནི“སློབ་གསོའི་དོན་དངོས”རྨང་གཞི་བྱས་པ་ཞིག་ཡིན་འོས་ཤིང་། སློབ་གསོའི་རིན་ཐང་ལྟ་བའི་སྣེ་ཁྲིད་འོག་གྲུབ་པའི“སློབ་གསོའི་གནད་དོན”གྱི་དམིགས་ཡུལ་ནི་སློབ་གསོའི་བྱ་འགུལ་གྱི་ཆོས་ཉིད་རང་བཞིན་གྱི་འབྲེལ་བར་འཚོལ་ཞིབ་དང་གསེད་བཀྲོལ་བྱས་ནས། སློབ་གསོའི་ལག་ལེན་ལ་ཞབས་ཞུ་བསྒྲུབ་པ་ཡིན།

ཞིབ་འཇུག་ཐབས་ལམ་སྨྲ་བ།

སློབ་གསོའི་བྱ་འགུལ་ནི་རྙོག་དྲ་ཆེས་ཆེ་བའི་སྤྱི་ཚོགས་ཀྱི་ལག་ལེན་བྱ་འགུལ་ཁག་ཅིག་ཡིན་ཞིང་། སློབ་གསོའི་གནད་དོན་ཡང་ཧ་ཅང་རྙོག་དྲ་ཆེ་བའི་སྤྱི་ཚོགས་ཀྱི་གནད་དོན་ཁག་ཅིག་ཡིན་པས། སློབ་གསོ་རིག་པའི་ཞིབ་འཇུག་ཁྲོད་རྙོག་དྲ་ཆེ་བའི་ཐབས་ལམ་སྨྲ་བའི་གནད་དོན་ཁག་ཅིག་ཡོད་པ་སྟེ། གཙོ་བོར་སློབ་གསོ་རིག་པའི་ཞིབ་འཇུག་ཁྲོད་ཀྱི་དོན་དངོས་དང་རིན་ཐང་། གཏན་ཚིགས་དང་ལོ་རྒྱུས། སྣ་གཅིག་དང་སྣ་མང་སོགས་ཀྱི་གནད་དོན་ལ་འབྲེལ་ཡོད་པ་རེད།

ཚན་རིག་རང་བཞིན།

ཁན་ཐི་དང་ཧེར་པཱ་ཐི་གཉིས་ཀྱིས་ཐེངས་དང་པོར་སློབ་གསོ་རིག་པའི་ཚན་རིག་རང་བཞིན་གྱི་གནད་དོན་བཏོན་ཐོག རྗེས་དཔག་རིང་ལུགས་ཀྱི་སློབ་གསོའི་ཚན་རིག་ལྟ་བ་དར་སྤེལ་དུ་བཏང་བ་རེད།

ཡུལ་བབས་ཅན།

ཉེ་རབས་ཀྱི་སྔོན་དུ་མིའི་རིགས་ཀྱི་སློབ་གསོའི་བསམ་བློར་འབྱུང་ཁུངས་དང་ཁུངས་སྣེ་མང་པའི་ཁྱད་ཆོས་ལྡན་ཞིང་། མི་རིགས་མི་གཅིག་པར་ཐུན་མོང་མ་ཡིན་པའི་སློབ་གསོའི་རིག་གནས་ཀྱི་སྲོལ་རྒྱུན་ཆགས་ཡོད་པ་རེད།

རང་རྒྱལ་དང་རང་མི་རིགས་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ཆེད། དར་རྒྱས་མི་ཆེ་བའི་རྒྱལ་ཁབ་བམ་ཡང་ན་ས་ཁུལ་མང་པོས་སྔ་རྗེས་སུ་སློབ་གསོ་རིག་པའི་ཡུལ་བབས་ཅན་གྱི་བླང་བྱ་བཏོན་པ་སྟེ།

ཧེར་པཱ་ཐིས་ཐེངས་དང་པོར“ཡོངས་ཁྱབ་དང་འོས་འཚམ་གྱི་སློབ་གསོ་རིག་པ”ཡི་ཕུགས་རེ་བསྐྲུན་དགོས་ཚུལ་བཏོན།

ཏེའོ་ཐའེ་ཡིས་ཁོའི་ཕུགས་རེ་དེར་མཐའ་དཔྱོད་བྱས་ནས། སློབ་གསོའི་དམིགས་འབེན་གྱི“ལོ་རྒྱུས་རང་བཞིན”གྱི་གནད་དོན་བཏོན་པ་རེད།

ཝུའུ་ཧྲུན་སི་ཅེ་ཡིས་དངོས་གནས་ཀྱི་རྒྱུ་ཆ་མང་པོ་བཀོད་ནས་སློབ་གསོ་དང་སློབ་གསོའི་གཞུང་ལུགས་ཀྱི“མི་རིགས་རང་བཞིན”གསལ་བཤད་བྱས་པ་རེད།

ཀྲུང་གོར་དུས་རབས20པའི་ལོ་རབས60བའི་དུས་མཇུག་ཏུ“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གསོ་རིག་པ”ཞེས་པ་བཏོན་ནས། སློབ་གསོ་རིག་པ་ཡུལ་བབས་ཅན་དུ་བསྒྱུར་བར་ནུས་ཤུགས་བཏོན་པ་རེད།

ལག་ལེན།

གནད་དོན་འདི་ནི་སློབ་གསོ་རིག་པའི་རིག་གཞུང་རང་བཞིན་དང་ལག་ལེན་རང་བཞིན་གྱི་འབྲེལ་བ་ཡིན་ཞིང་། གཞུང་ལུགས་སྟེང་བཤད་ན། གཉི་ཀ་གཅིག་གྱུར་ཡིན་ཏེ། གཅིག་ནས་རིག་གཞུང་རང་བཞིན་མེད་ན་གཞུང་ལུགས་འཐུས་ཚང་དང་གསལ་བོ་མིན་ལ། སློབ་གསོ་རིག་པས་ལག་ལེན་ལ་མཛུབ་སྟོན་བྱེད་པའི་ནུས་པ་འདོན་མི་ཐུབ། ཡང་གཅིག་ནས། ལག་ལེན་དང་ཁ་བྲལ་ན་ལག་ལེན་ལ་མཛུབ་སྟོན་མི་ཐུབ་པའི་སློབ་གསོའི་གཞུང་ལུགས་ནི་ཁུངས་མེད་ཀྱི་གོ་དོན་རྟོག་དཔྱོད་དང་དོན་དངོས་དབྱེ་ཞིབ་ཙམ་དུ་ཆགས་པ་ལས། དོན་ཐོག་ཏུ་འཁྱོལ་བའི་རིག་གཞུང་ཞིག་མ་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-23

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།