མི་རིགས་ས་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་ཆུང་ལ་ཞག་སྡོད་སློབ་ཆུང་དང་ཕྱེད་ཞག་སྡོད་སློབ་ཆུང་གཉིས་ཡོད། ཞག་སྡོད་སློབ་ཆུང་གི་སློབ་མའི་སྡོད་ས་དང་ཟ་ཁང་ཚང་མ་སློབ་གྲྭར་ཡོད་ལ། སློབ་མའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཆེ་བར་མ་ཟད་ས་གནས་ཀྱང་རྫོང་མཁར་དང་གྲོང་རྡལ་ནས་འཛུགས་དགོས་ལ། ཕྱེད་ཞག་སྡོད་སློབ་ཆུང་ནི་སློབ་མ་ཚང་མའི་ཞག་སྡོད་དང་ཟ་འཐུང་ཡོད་ཚད་སློབ་གྲྭ་ནས་ཐག་གཅོད་མི་བྱེད་ལ། སློབ་མའི་བསྡུ་ལེན་བལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་ལ། སློབ་གྲྭའི་ས་གནས་ནི་ཞིང་དང་སྡེ་བ་ནས་འཛུགས་དགོས་ལ། སློབ་མ་སྐོར་ཅིག་གཅིག་བསྡུས་སྒོས་སློབ་གྲྭར་ཟ་མ་དང་ཞག་སྡོད་བྱེད་དགོས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སྤྱིར་བཏང་དུ་སློབ་ཆུང་དུ་སློབ་གྲྭར་ཡོད་པའི་ལོ6ནས12བར་གྱི་སློབ་མ་ལ་གོ་དགོས་ལ། ལན་རེར་ཕྱོགས་ག་གེ་མོའི་ཐོག་མར་འཇུག་མཁན་གྱི་མི་ལ་ཡང་གོ་བ་ཡིན། རྒྱ་ཡིག་གི་མིང་། 小学生 ཕྱི་ཡིག་གི་མིང་། pupil འགྲེལ་བ། སློབ་ཆུང་དུ་ཡོད་པའི་སློབ་མ། ལོ་ཚད། ལོ6-12བར་ཡིན། གོ་དོན། གཅིག ལོ་ཆུང་བའི་སློབ་མ། གཉིས། སློབ་ཆུང་དུ་སློབ་ཁྲིད་ལ་ཞུགས་ཡོད་པའི་སློབ་མ། ཆ་ཚང་སློབ་ཆུང་། ལོ་དྲུག་ལམ་ལུགས། སྤྱིར་བཏང་དུ་སློབ་ཆུང་སློབ་གསོ་ལོ་དྲུག་ཡིན་ལ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སྤྱི་ཚོགས་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་གློག་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་ལ་གཟབ་གཟབ་མ་བྱས་ན་མིའི་ཚེ་སྲོག་དང་རྒྱུ་རྫས་ལ་ཉེན་ཁ་ཆེན་པོ་འབྱུང་བ་ཡིན། སྤྱི་ཚོགས་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་གློག་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་ལ་གཟབ་གཟབ་མ་བྱས་ན་མིའི་ཚེ་སྲོག་དང་རྒྱུ་རྫས་ལ་ཉེན་ཁ་ཆེན་པོ་འབྱུང་བ་ཡིན།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཚ་རུ་མ་ཡུལ་ཚོའི་སློབ་ཆུང་ནི་སྤྱི་ལོ2001ལོའི་ཟླ11པར་བཙུགས་པ་དང་། དེ་ནི་ཧུང་ཡོན་རྫོང་ཁོངས་ཀྱི་ནུབ་ལྷོ་རྒྱུད་དུ་གནས་ཡོད། ཆེས་དབེན་པ་དང་། ཆེས་དབུལ་ཤོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེས་རྗེས་ལུས་ཡིན་པའི་ཡུལ་ཚོ་ཞིག་ཡིན། འབར་ཁམས་དང་། རྔ་བ། ཧུང་ཡོན་རྫོང་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་སི་ཁྲོན་ནུབ་བྱང་ས་མཐོའི་དཔེ་མཚོན་ལྡན་པའི་འབྲོག་ལས་རྐྱང་པའི་ཡུལ་ཚོ་ཞིག་རེད། ཡུལ་ཚོ་ཡོངས་ལ་དུད་ཚང355དང་མི་གྲངས2499ཡོད། ཁོངས་སུ་སྲིད་འཛིན་གྲོང་ཚོ་གསུམ་ཡོད་པ་དང་།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་སློབ་ཆུང་ནི་སྤྱི་ལོ1959ལོའི་ལོ་མཇུག་ཏུ་བཙུགས་པ་དང་། སྔ་ཕྱིར་སྦྲ་གུར་སློབ་ཆུང་དང་། རྟ་ཐོག་གི་སྐོར་བསྐྱོད་སློབ་གྲྭ་སོགས་ལོ་ངོ50ལྷག་ཙམ་བརྒྱུད་དེ་ད་ལྟའི་གཞི་ཁྱོན་དང་རྣམ་པ་རིམ་བཞིན་ཆགས་པ་རེད། རྒྱ་ཡིག་གི་མིང་། 瓦切镇小学 ཕྱི་ཡིག་གི་མིང་། Primary School of Sbrachen Village བཙུགས་ལོ། སྤྱི་ལོ1959ལོར་བཙུགས། རིགས་དབྱེ། གཞུང་འཛུགས་སློབ་ཆུང་། གནས་ཡུལ། སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་ནུབ་བྱང་ཕྱོགས་སུ་ཆགས་ཡོད།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཧུང་ཡོན་རྫོང་ཧྲེན་ཀྲེན་ཧྥུའུ་ཐེན་རེ་བའི་སློབ་ཆུང་ནི་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་ཞིག་ཡིན་ལ། སློབ་གྲྭའི་ས་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6.05ཡོད་པ་དང་། སློབ་གྲྭར་སློབ་མ667ཡོད། རྒྱ་ཡིག་གི་མིང་། 红原县深圳福田希望小学 བཙུགས་ལོ། སྤྱི་ལོ1995ལོའི་ཟླ8པ། རིགས་དབྱེ། བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་། གནས་ཡུལ། སི་ཁྲོན་ཞིང་ཆེན་གྱི་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ། གཙོ་གཉེར་སྡེ་ཁག ཧུང་ཡོན་རྫོང་སློབ་གསོ་ཅུས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཧྥེང་དབྱི་སློབ་ཆུང་ནི་སྔར་གྱི་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བཙུགས་པའི་ཅིའུ་ཧྥེང་སློབ་གྲྭ་དེ་ཡིན་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་མའོ་རྫོང་ཧྥེང་དབྱི་སློབ་ཆུང་དུ་བསྒྱུར། རྒྱ་ཡིག་གི་མིང་། 凤仪小学 ཕྱི་ཡིག་གི་མིང་། Primary School of Feng Yi བཙུགས་ལོ། ཆིང་རྒྱལ་རབས་ཀྱི་དུས་མཇུག རིགས་དབྱེ། རྒྱལ་གཉེར་སློབ་ཆུང་། གནས་ཡུལ། སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་ཧྥེང་དབྱི་གྲོང་རྡལ། གཙོ་གཉེར་སྡེ་ཁག
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཙན་ལྷ་རྫོང་ཏ་ཡུང་སློབ་ཆུང་ནི་སྤྱི་ལོ1991ལོར་བཙུགས་པ་དང་བཙན་ལྷ་རྫོང་གི་ཤར་རྒྱུད་དུ་ཆགས་ཡོད། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཡན་ཟིན། རྫོང་གྲོང་དང་བར་ཐག་སྤྱི་ལེ36 ཡོད་པ་དང་། མིག་སྔར་དགེ་རྒན27དང་སློབ་མ586ཡོད། བོད་ཡིག་གི་མིང་། ཏ་ཡུང་སློབ་ཆུང་། རྒྱ་ཡིག་གི་མིང་། 达维小学 གནས་ཡུལ། བཙན་ལྷ་རྫོང་གི་ཏ་ཡུང་ཡུལ་ཚོ་དུ་གནས། རྒྱ་ཁྱོན། རྨིད་གྲུ་བཞི་མ1220 མི་གྲངས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཙན་ལྷ་རྫོང་པ་ཅེ་སློབ་ཆུང་ནི་སྤྱི་ལོ1989ལོར་བཙུགས་པ་དང་བཙན་ལྷ་རྫོང་གི་བྱང་རྒྱུད་དུ་གནས་ཡོད། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4500ཡན་ཟིན། རྫོང་གྲོང་དང་བར་ཐག་སྤྱི་ལེ24ཡོད་པ་དང་། མིག་སྔར་དགེ་རྒན་མི27ཡོད་ཅིང་སློབ་མ365 ཡོད་པ་དང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་སྨི800ཡོད། བོད་ཡིག་གི་མིང་། པ་ཅེ་སློབ་ཆུང་། རྒྱ་ཡིག་གི་མིང་། 八角小学 གནས་ཡུལ། བཙན་ལྷ་རྫོང་གི་པ་ཅེ་ཡུལ་ཚོ་དུ་གནས། རྒྱ་ཁྱོན།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
མེ་ཞིན་སློབ་ཆུང་ནི་སྤྱི་ལོ1951ལོའི་ཟླ6པར་བཙན་ལྷ་རྫོང་གིས་སྒོ་བྱང་བཀལ་ནས་བཙུགས་ཤིང་། སློབ་གྲྭའི་གནས་ཡུལ་ནི་མེ་ཞིན་གྲོང་རྡལ་གྱི་ནུབ་སྲང་ཆེན་མོ་ཡིན། སློབ་གྲྭ་བཙུགས་པ་ནས་ད་བར་དུ་ལོ66འགོར་ཡོད། བོད་ཡིག་གི་མིང་། མེ་ཞིན་སློབ་ཆུང་། རྒྱ་ཡིག་གི་མིང་། 美兴小学 གནས་ཡུལ། བཙན་ལྷ་རྫོང་མེ་ཞིན་ཀྲེན་དུ་གནས། མི་གྲངས། དགེ་རྒན་དང་ལས་བཟོ་བ75ཡོད། བཙུགས་ལོ། སྤྱི་ལོ1951 སློབ་རིགས། སློབ་ཆུང་། ངོ་སྤྲོད་རགས་བསྡུས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
བཙན་ལྷ་རྫོང་གི་ཟུར་ཡུལ་སློབ་ཆུང་ནི་སྤྱི་ལོ1956ལོར་ཟུར་ཡུལ་ཡུལ་ཚོ་མུའུ་ཡ་གྲོང་ཚོའི་དགོན་པའི་ནང་དུ་བཙུགས་ཤིང་། སྤྱི་ལོ1976ལོར་ཟུར་ཡུལ་གྲོང་ཚོ་རུ་གནས་སྤོས་པ་རེད། བོད་ཡིག་གི་མིང་། ཟུར་ཡུལ་སློབ་ཆུང་། རྒྱ་ཡིག་གི་མིང་། 日尔小学 གནས་ཡུལ། བཙན་ལྷ་རྫོང་གི་བཞི་ཟུར་ཡུལ་ཚོ་དུ་གནས། རྒྱ་ཁྱོན། རྨིད་གྲྭ་བཞི་མ1724.5 མི་གྲངས། དགེ་རྒན་དང་ལས་བཟོ་བ22ཡོད། བཙུགས་ལོ། སྤྱི་ལོ1956 ལོར། སློབ་རིགས། སློབ་ཆུང་། ངོ་སྤྲོད་རགས་བསྡུས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
དབང་ཞི་སློབ་ཆུང་ནི་སྤྱི་ལོ1951ལོར་བཙུགས་ཤིང་། སློབ་གྲྭའི་གནས་ཡུལ་ནི་དབང་ཞི་ཡུལ་ཚོ<官寨村> ཀོན་ཀྲའི་གྲོང་ཚོའི་ཤར་རྒྱུད་ཡིན། རྫོང་མཁར་དང་བར་ཐག་སྤྱི་ལེ18ཡོད་པ་དང་། སློབ་གྲྭར་མིག་སྔར་དགེ་རྒན་དང་ལས་བཟོ་མི་གྲངས19དང་། སློབ་མ156དང་འཛིན་གྲྭ་དྲུག་ཡོད། རྔ་ཁུལ་ནས་གདེང་འཇོག་ཡག་ཤོས་ཀྱི་སློབ་གྲྭ་ཞིག་ཡིན། བོད་ཡིག་གི་མིང་། དབང་ཞི་སློབ་ཆུང་། རྒྱ་ཡིག་གི་མིང་། 沃日小学 གནས་ཡུལ། བཙན་ལྷ་རྫོང་དབང་ཞི་ཡུལ་ཚོ་དུ་གནས། མི་གྲངས། དགེ་རྒན་དང་ལས་བཟོ་བ19ཡོད། བཙུགས་ལོ། སྤྱི་ལོ1951
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་གི་སེང་གེ་སློབ་ཆུང་ནི་སྤྱི་ལོ1992ལོར་བཙུགས་ཤིང་། རྫོང་དང་བར་ཐག་སྤྱི་ལེ20དང་། མིག་སྔར་དགེ་རྒན17དང་སློབ་མ250བཅས་ཡོད། བོད་ཡིག་གི་མིང་། སེང་གེ་སློབ་ཆུང་། རྒྱ་ཡིག་གི་མིང་། 新格小学 གནས་ཡུལ། བཙན་ལྷ་རྫོང་གི་སེང་གེ་ཡུལ་ཚོ་དུ་གནས། རྒྱ་ཁྱོན། རྨིད་གྲུ་བཞི་མ1999 མི་གྲངས། དགེ་རྒན་དང་ལས་བཟོ་བ17ཡོད། བཙུགས་ལོ། སྤྱི་ལོ1992ལོར། སློབ་རིགས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཧྲ་ལུང་སློབ་ཆུང་ནི་སྤྱི་ལོ1974ལོའི་ཟླ3པའི་ཚེས1ཉིན་བཙུགས་ཤིང་། སློབ་གྲྭ་བཅུགས་ནས་ད་ལྟའི་བར་ལོ43འགོར་ཡོད། བོད་ཡིག་གི་མིང་། ཧྲ་ལུང་སློབ་ཆུང་། རྒྱ་ཡིག་གི་མིང་། 沙龙小学 གནས་ཡུལ། བཙན་ལྷ་རྫོང་གི་ལའོ་ཡིང་ཡུལ་ཚོ་མ་ཁྲང་གྲོང་སྡེ་དུ་གནས། བཙུགས་ལོ། སྤྱི་ལོ1974ལོར། སློབ་རིགས། སློབ་ཆུང་། ངོ་སྤྲོད་རགས་བསྡུས། ཧྲ་ལུང་སློབ་ཆུང་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཧྲ་ལུང་ཡུལ་ཚོ་རུ་ཡོད་ཅིང་། སྤྱི་ལོ1974ལོའི་ཟླ3པའི་ཚེས1ཉིན་བཙུགས་ཤིང་།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་གྲྭ་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ཤེས་ཡོན་སྣུམ་ལམ་གྱི་བྱང་ཕྱོགས་སུ་ཆགས་ཡོད། རྒྱ་ཡིག་གི་མིང་། 天峻县第二民族小学 བཙུགས་ལོ། སྤྱི་ལོ2004ལོའི་ཟླ9པ། རིགས་དབྱེ། གཞུང་བཙུགས་སློབ་གྲྭ། སློབ་གཙོ། ཐུབ་བསྟན་ཚེ་རིང་། གནས་ཡུལ། ཐེམ་ཆེན་རྫོང་། གཙོ་གཉེར་སྡེ་ཁག ཐེམ་ཆེན་རྫོང་སློབ་གསོ་ཅུའུ། ཁོངས་གཏོགས་ས་ཁུལ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་། སློབ་གྲྭ་ངོ་སྤྲོད། རང་རེའི་ཐེམ་ཆེན་རྫོང་གི་ན་ཆུང་བྱིས་པ་ཚོའི་མ་འོངས་པའི་མདུན་ལམ་ལ་རེ་བ་གསར་བ་དང་འཕོ་འགྱུར་གསར་བ་འབྱུང་བ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་ཆུང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོའི་ཁོངས་སུ་ཡོད། རྒྱ་ཡིག་གི་མིང་། 织合玛寄宿学校 བཙུགས་ལོ། སྤྱི་ལོ1962ལོ། རིགས་དབྱེ། གཞུང་བཙུགས་སློབ་གྲྭ། སློབ་གཙོ། ཀླུ་བྱམས་ཚེ་རིང་། གནས་ཡུལ། ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོ། གཙོ་གཉེར་སྡེ་ཁག ཐེམ་ཆེན་རྫོང་སློབ་གསོ་ཅུའུ། སློབ་གྲྭ་ངོ་སྤྲོད། སྤྱི་ལོ1962ལོར་བཙུགས་ཤིང་། དང་ཐོག་གི་སྦྲ་གུར་སློབ་གྲྭ་ནས་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར། སློབ་གྲྭའི་དགེ་སློབ་སོགས་ཀྱི་མི་རིབས་དུ་མའི་འབད་འབུངས་ལ་བརྟེན་ནས་ད་ཡོད་ཀྱི་སློབ་གྲྭའི་རྣམ་པ་འདི་གྲུབ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
རང་རེ་གངས་ཅན་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་བ་རིང་ཞིང་ཕུན་སུམ་ཚོགས་པས། སློབ་བུ་རྣམས་ཀྱིས་ཧུར་ཐག་གིས་སྦྱོང་དགོས་པའི་ཤེས་བྱའི་གནས་ཤིག་ཡིན་པ་མ་ཟད། དེས་སློབ་བུ་རྣམས་ཀྱི་ཕྱོགས་བསྡུས་ཀྱི་ནུས་རྩལ་ཞིག་མཚོན་གྱི་ཡོད། དེ་བས་སློབ་ཆུང་ནས་བཟུང་དབུ་ལེགས་པོ་བཙུགས་ཏེ་སྨྱུ་གུ་གཞོག་སྟངས་དང་། སྨྱུ་གུ་འཛིན་སྟངས། སྨྱུ་ཁ་ལེན་སྟངས་བཅས་ལ་མཛུབ་སྟོན་དང་། རང་སྦྱོང་གནད་དུ་ཐིངས་པ་ཞིག་བྱེད་དུ་འཇུག་ནས། རང་འགུལ་གྱིས་ཡིག་གཟུགས་སྦྱོང་བརྡར་གྱི་ནུས་པ་གོང་དུ་སྤེལ་དགོས། བོད་ཡིག་གི་མིང་། སློབ་ཆུང་གི་བོད་ཡིག་ཡིག་གཟུགས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་ཁང་གི་སྒྲིག་ལམ་ནི་སློབ་ཕྲུག་གི་སློབ་སྦྱོང་ཡག་པོ་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ། སློབ་ཁྲིད་བདེ་བླག་ཡོང་རྒྱུ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་འགག་རྩའི་དོན་སྙིང་ལྡན། ཡིན་ནའང་སློབ་གྲྭ་དང་འཛིན་གྲྭ་མི་ཉུང་བ་ཞིག་ཏུ་སློབ་ཕྲུག་གིས་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད་ཅིང་། གནས་ཚུལ་དེས་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཐད་ཀར་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད། དེར་བརྟེན་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་ཁག་སྔོན་འགོག་དང་ཉུང་དུ་གཏོང་ཕྱིར་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱེད་དགོས། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
དམིགས་བསལ་སློབ་གྲྭའི་དགེ་རྒན་ནི་དགེ་རྒན་གཞན་དང་མི་འདྲ་བ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། དམིགས་བསལ་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཁ་ཕྱོགས་ས་ནི་འོན་ལྐུགས་ཀྱི་བྱིས་པ་ཁོ་ན་ཡིན་པས། ཁོང་ཚོ་ནི་ལག་པས་ཤོད་པ་དང་མིག་གིས་ཉན་པའི་སློབ་བུའི་ཚོགས་སུ་གྱུར་ཡོད། དེར་བརྟེན་སློབ་བུ་དེ་དག་ལ་སློབ་ཁྲིད་བྱེད་སྐབས་གཞན་དང་མི་འདྲ་བའི་སློབ་ཁྲིད་ཀྱི་ནུས་རྩལ་ཞིག་དགོས་པ་ནི་སྨོས་ཅི་ལ་དགོས། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། འོན་དིག་སློབ་མ། བསླབ་གཞི། སྐད་ཡིད། ལག་བརྡའི་ནུས་རྩལ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཁྱད་འཕགས་འཛིན་གྲྭ་ཞེས་པ་སློབ་སྦྱོང་གི་དམིགས་ཡུལ་གསལ་ཞིང་། ཁ་དོན་ཚིག་ལ་གནས་པ། ཕུགས་ཀྱི་འདུན་མ་མི་ནོར་བ། བཟང་བོའི་སྲོལ་འཛིན་པ། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ། མཐུན་ཞིང་འཆམ་པའི་འཛིན་གྲྭ་ཞིག་ལ་གོ། ། རྒྱ་ཡིག་གི་མིང་། 班级特色 སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ངོ་སྤྲོད། འཚོ་བའི་སློབ་གསོར་མཐོང་ཆེན་དང་། གསོ་སྐྱོང་འགན་འཁུར། རང་གཅུན། ཁ་དན་ཚིག་གནས་སོགས་རང་གིས་རང་ལ་དོ་དམ་བྱེད་པའི་ནུས་པ། མི་སྒེར་གྱི་འཕྲོད་བསྟེན་དང་ཁོར་ཡུག་འཕྲོད་བསྟེན་ནན་བཤད་བྱེད་པ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སྐད་ཆ་ནི་མིའི་རིགས་ཀྱི་འཚོ་བའི་ནང་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཆེས་མེད་དུ་མི་རུང་བའི་ལག་ཆ་དེ་རེད། རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། ཡུལ་ཕྱོགས་མི་འདྲ་བ། ཐ་ན་སློབ་གྲྭ་མི་འདྲ་བ་སོགས་ཇི་ལྟ་བུ་ཞིག་ཡིན་ནའང་། སྐད་ཆ་བཀོལ་ནས་རིག་གནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས། ལྟ་བ་ཁྱབ་བསྒྲགས་སོགས་བྱེད་པ་ནི་རྒྱུན་ལྡན་དུ་གྱུར་ཡོད། སྐད་ཆ་ལའང་ཤོད་སྟངས་མི་འདྲ་བ། བཤད་ཡུལ་མི་འདྲ་བ་ལ་སོགས་པའི་རྐྱེན་གྱིས་ནུས་པའང་མི་གཅིག་པ་ཐོན་གྱི་འདུག སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
བོད་སྐད་ཡིག་གི་སློབ་གཞིའི་ནང་གཙོ་བོ་ནི་སློབ་གཞི་དང་། སྐད་ཡིག་ཁག་གི་ཁ་གསབ་སློབ་གཞི། སྐད་ཡིག་གི་སྦྱང་དེབ། སྐད་ཡིག་སློབ་ཁྲིད་ལ་མཁོ་བའི་རི་མོ་དང་། བརྙན་ཕབ། གློག་བརྙན། སྒྲ་ཕབ་སྤྱིན་ཤོག་ལ་སོགས་ཚུད་ཡོད་མོད། འོན་ཀྱང་རང་རེ་བོད་སྐད་ཡིག་གི་སློབ་གཞི་མཚོན་ན་དེའི་ནང་ནས་ཆ་ཤས་ཙམ་ལས། མང་པོ་ཞིག་ནི་བོད་སྐད་ཡིག་སློབ་གསོར་མགོ་ཁྲིད་དོ་དམ་གནང་མཁན་དང་བོད་སྐད་ཡིག་གི་སློབ་གཞི་རྩོམ་སྒྲིག་པ། བོད་སྐད་ཡིག་སློབ་ཁྲིད་གནང་མཁན། བོད་སྐད་ཡིག་གི་སློབ་གཞི་དང་སློབ་ཁྲིད་ལ་དོ་འཁུར་མཁན་ཚང་མས་འབད་འབུངས་བྱ་དགོས་པའི་གནད་དུ་མཐོང་ལ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་ཁྲིད་ཚད་ལྡན་ཞིག་བྱེད་དགོས་ན་སློབ་ཁྲིད་འཆར་འགོད་ནི་སྔོན་འགྲོའི་མཐུན་རྐྱེན་ཡིན་པས། སྐར་མ་ཞེ་ལྔའི་སློབ་ཁྲིད་ཇི་ལྟར་བཀོད་སྒྲིག་འཚམ་པོ་ཞིག་བྱེད་མཁན་ཡིན་མིན་ནི་སློབ་ཁྲིད་སྔོན་གྱི་འཆར་འགོད་ལ་རག་ལས་ཤིང་། སློབ་མའི་ལུས་སེམས་ཀྱི་ཆོས་ཉིད་ལྟར་ཉུང་བཤད་མང་སྦྱོང་དང་། གནད་ས་འབུར་ཐོན། སློབ་སྦྱོང་ལ་སྤྲོ་སྣང་དང་རང་འགུལ། ཁྱད་པར་དུ་འདྲ་མཉམ་གྱི་ཁོར་ཡུག་བཅས་བསྐྲུན་དགོས། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། ཆུང་འབྲིང་སློབ་མ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
མི་རྣམས་ཀྱིས་ཆེས་ཐོག་མའི་སློབ་གསོ་མྱོང་ས་དང་རྨང་གཞི་སློབ་གསོ་གཙོ་བོ་ཡིན་པའི་སློབ་གྲྭ་ལ་ཟེར་ཞིང་། སྤྱིར་བཏང་ལོ6ནས12བར་ནི་སློབ་ལོ་རན་པའི་བྱིས་པ་ཡིན་ལ། དུས་ཡུན་ལོ6ཡིན། རྒྱ་ཡིག་གི་མིང་། 小学 ཕྱི་ཡིག་གི་མིང་། Primary school རིམ་པ། ལོ་རིམ1-6 ཁོངས་གཏོགས། འོས་འགན་སློབ་གསོ། སྒྲིག་གཞིའི་མིང་། སློབ་གྲྭ། ཁྱད་ཆོས། སློབ་གསོའི་འཆར་གཞི་དང་རྩ་འཛུགས་ཡོད་པའི་གནས། ངོ་སྤྲོད། དེང་རབས་སློབ་གསོའི་རྨང་འདིང་མཁན་ཧོ་ཙི་ཡོན་དང་ཆིའུ་ཧྥེང་ཅ་སོགས་ཀྱིས་དུས་རབས་བཅུ་དགུའི་མཇུག་དང་དུས་རབས་ཉི་ཤུའི་དུས་མགོར།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་གྲོགས་ཚོ་ནམ་རྒྱུན་དུ་བདེ་སྐྱིད་དང་དྲོད་ཁོལ་གྱིས་ཁེངས་པའི་ཁྱིམ་ཚང་ནང་འཚོ་བ་རོལ་གྱིན་ཡོད་ལ། ཕ་མ་དང་ཁྱིམ་བདག་གིས་སེམས་ཁུར་དང་གཅེས་སྐྱོང་ཐོབ་ཡོད་པས། བསམ་ཚོད་ལ་ཉེན་ཁ་མེད་པར་འདོད་མོད། འོན་ཀྱང་། ཁྱིམ་ཚང་ནང་གི་དོན་དག་མང་པོ་ཞིག་ལ་ངེས་པར་དུ་མཉམ་འཇོག་དང་སེམས་ཁུར་བྱེད་དགོས་ཏེ། གལ་ཏེ་མཉམ་འཇོག་མ་བྱས་ན་ཉེན་ཁ་འབྱུང་སླ་ལ་དོན་རྐྱེན་འབྱུང་བར་ཉེན་ཁ་ཡང་ཡོད། ཁྱིམ་ཚང་གི་འཚོ་བའི་ཁྲོད་དུའང་བདེ་འཇགས་ཀྱི་གནད་དོན་མང་པོ་ཞིག་ཡོད། རྒྱ་ཡིག་གི་མིང་། 自护自救 བྱ་ཡུལ། སྤྱི་ཚོགས་ཡོངས། གལ་ཆེའི་རང་བཞིན། གཙོ་གནད་ཆེ་བ། ཁོངས། བདེ་འཇགས་ཤེས་བྱ། དུས། དུས་རྒྱུན། འཚིག་རྨས་འབྱུང་བར་དོགས་ཟོན། 1 ཐབ་ཀའི་ཐོག་གི་ཚ་དེམ་དང་སྣུམ་ཟངས་ལེན་པའི་སྐབས་སུ། ལག་ཤུབས་གྱོན་དགོས་པ་ཏེ། ཐད་ཀར་འཚིག་རྨས་བྱུང་བར་དོགས་ཟོན་བྱ་དགོས་ལ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཟས་རིགས་བདེ་འཇགས་ནི་དུག་མེད་པ་དང་གནོད་པ་མེད་པ། འཚོ་བཅུད་ཚད་ལྡན་ཡིན་པར་མིའི་བདེ་ཐང་ལ་ཉེ་རིང་གང་དུ་ཡང་གནོད་པ་ཅི་ཡང་མེད་པའི་ཟས་རིགས་ལ་གོ་བ་ཡིན་ལ། ཟས་རིགས་བདེ་འཇགས་དེ་ཡང་ཆེད་དུ་བཟའ་བཏུང་ལས་སྣོན་དང་གསོག་འཇོག ཉོ་འཚོང་སོགས་གོ་རིམ་གྱི་ཁྲོད་ཀྱི་ཟས་རིགས་འཕྲོད་བསྟེན་དང་བཟའ་སྤྱོད་བདེ་འཇགས་བྱས་ཏེ། ནད་རིགས་འབྱུང་བར་སྔོན་འགོག་བྱེད་དགོས། ལོ་ཆུང་བྱིས་པ་ནི་འཇིག་རྟེན་གྱི་རིག་རིག་ལ་མཚར་བ་དང་ལག་ཏུ་ཡོང་ཡོང་ཁ་ནང་དུ་འཇུག་པའི་གོམས་གཤིས་ཡོད་པས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་གསོ་པུའུ་དང་། སྤྱི་བདེ་པུའུ། ཐོན་ཀྲུང་དབྱང་། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་ན་གཞོན་ལས་ཚོགས་ཨུ་ཡོན་ལྷན་ཁང་བཅས་སྡེ་ཁག་ལྔ་ཡིས་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ཏེ། སྤྱི་ཟླ3པའི་ཚེས28ཉིན་ཏེ་ཟླ་གསུམ་པའི་ཆེས་མཐའ་མཇུག་གི་གཟའ་ཟླ་བ་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་ལ། གཙོ་ཚིག་ནི་བདེ་འཇགས་འདུ་ཤེས་སྲ་བརྟན།། ཉེན་འགོག་ནུས་པ་མཐོར་འདེགས།། བྱས་པ་དེ་ཡིན། 1996ལོར་སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ཏེ་མི་རེ་རེ་ནས་ཆུང་འབྲིང་སློབ་གྲྭའི་བདེ་འཇགས་ལ་སེམས་ཁུར་བྱ་དགོས་པར་བྱས། རྒྱ་ཡིག་གི་མིང་། 安全教育日
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སྐར་བརྒྱའི་ལམ་ལུགས་ནི་སྐར་གྲངས་ཡོངས་ལ་སྐར་མ100ཡི་རྒྱུགས་ལེན་དང་། སྤྱིར་བཏང་དུ་སློབ་ཆུང་ལ་སྐར་བརྒྱའི་ལམ་ལུགས་བཀོལ་སྤྱོད་བྱེད་པ་ཡིན། 2013ལོའི་ཟླ8པའི་ཚེས22ཉིན། སློབ་གསོ་པུའུ་ཡིས《སློབ་ཆུང་སློབ་མའི་འགན་འཁྲི་དོན་ཚན་བཅུ་འཕྲི་བའི་གཏན་འཁེལ》གྱི་བསམ་འཆར་བསྡུ་ལེན་ཡིག་ཆ་ལས་ཁྱབ་བསྒྲགས་ཀྱི་ནང་ཕྱོགས་ཡོངས་ནས་སྐར་བརྒྱའི་ལམ་ལུགས་མེད་པར་བཟོ་དགོས་པའི་གཏན་འཁེལ་བྱས་ཡོད། རྒྱ་ཡིག་གི་མིང་། 百分制 རྒྱུགས་འབྲས་རིམ་པ། རིམ་པ་ལྔའི་གནས་ཚུལ། སྐར་གྲངས90ཡན་ནི་ཕུལ་བྱུང་དང་། སྐར་གྲངས80ཡན་ནི་ལེགས་པ་དང་། སྐར་གྲངས70ཡན་ནི་འབྲིང་གྲས། སྐར་གྲངས60ཡན་ནི་ཚད་གཞི་ལོངས་པ། དེའི་མན་ནི་ཚད་གཞི་མི་ལོངས་པ་ཡིན། རིམ་པ་བཞིའི་གནས་ཚུལ།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
བཟང་གསུམ་སློབ་མ་ནི་ཀྲུང་གོ་སློབ་གྲྭའི་ཕུལ་བྱུང་སློབ་མར་འདེམས་པའི་གཟེངས་རྟགས་ཡིན། བཟང་གསུམ་ནི་བསམ་བློའི་ཀུན་སྤྱོད་བཟང་བ། སློབ་སྦྱོང་ལ་བཟང་བ། ལུས་ཕུང་བཟང་བ། བཟང་གསུམ་སློབ་མ་འདེམས་པའི་དུས་ནི1954ནས་མགོ་བརྩམས་པ་ཡིན་ལ། དེ་ལ་རྩ་བའི་ཚད་འཇལ་གྱི་ཚད་གཞི་དང་འདེམས་པའི་བསྡུར་ཚད་ཀྱང་གཏན་འཁེལ་ཡོད། 2012ལོའི་ཟླ3པར། རྒྱལ་ཡོངས་སྲིད་གྲོས་མིང་རྟགས་བཀོད་དེ་བཟང་གསུམ་སློབ་མ་འདེམས་བསྐོ་བྱ་བ་མཚམས་འཇོག་དགོས་པའི་སྙན་ཞུ་ལས། སློབ་གསོ་པུའུ་ནས་གཅིག་གྱུར་གྱི་གཏན་འཁེལ་མི་བྱེད་ལ་སློབ་གྲྭའི་འདེམས་བསྐོ་ཐག་གཅོད་ལ་ཐེ་གཏོགས་མི་བྱེད།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
ཧུང་ཡོན་རྫོང་མཁར་ཞོལ་སློབ་ཆུང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དུ་གནས་ཡོད་ལ། སློབ་གྲྭའི་ས་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི7.84དང་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3998ཡོད། སྤྱི་ལོ2005ལོའི་བར་སློབ་གྲྭར་སློབ་མ700ཡན་ཆད་ཡོད། རྒྱ་ཡིག་གི་མིང་། 红原县城关小学 བཙུགས་ལོ། སྤྱི་ལོ1992ལོ། གནས་ཡུལ། སི་ཁྲོན་ཞིང་ཆེན་གྱི་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ། གཙོ་གཉེར་སྡེ་ཁག ཧུང་ཡོན་རྫོང་སློབ་གསོ་ཅུས།
རིགས་དབྱེ། སློབ་གསོ།• སློབ་ཆུང་གི་སློབ་གསོ།
སློབ་ཆུང་གི་སློབ་གསོ། བརྡ་འགྲེལ 79 ཡོད། |