སྐར་བརྒྱའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་བརྒྱའི་ལམ་ལུགས།
སྐར་བརྒྱའི་ལམ་ལུགས་ནི་སྐར་གྲངས་ཡོངས་ལ་སྐར་མ100ཡི་རྒྱུགས་ལེན་དང་། སྤྱིར་བཏང་དུ་སློབ་ཆུང་ལ་སྐར་བརྒྱའི་ལམ་ལུགས་བཀོལ་སྤྱོད་བྱེད་པ་ཡིན། 2013ལོའི་ཟླ8པའི་ཚེས22ཉིན། སློབ་གསོ་པུའུ་ཡིས《སློབ་ཆུང་སློབ་མའི་འགན་འཁྲི་དོན་ཚན་བཅུ་འཕྲི་བའི་གཏན་འཁེལ》གྱི་བསམ་འཆར་བསྡུ་ལེན་ཡིག་ཆ་ལས་ཁྱབ་བསྒྲགས་ཀྱི་ནང་ཕྱོགས་ཡོངས་ནས་སྐར་བརྒྱའི་ལམ་ལུགས་མེད་པར་བཟོ་དགོས་པའི་གཏན་འཁེལ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
百分制
1 རྒྱུགས་འབྲས་རིམ་པ།

རིམ་པ་ལྔའི་གནས་ཚུལ། སྐར་གྲངས90ཡན་ནི་ཕུལ་བྱུང་དང་། སྐར་གྲངས80ཡན་ནི་ལེགས་པ་དང་། སྐར་གྲངས70ཡན་ནི་འབྲིང་གྲས། སྐར་གྲངས60ཡན་ནི་ཚད་གཞི་ལོངས་པ། དེའི་མན་ནི་ཚད་གཞི་མི་ལོངས་པ་ཡིན།

རིམ་པ་བཞིའི་གནས་ཚུལ། སྐར་གྲངས85ཡན་ནི་ཕུལ་བྱུང་དང་། སྐར་གྲངས75ཡན་ནི་ལེགས་པ་དང་། སྐར་གྲངས60ཡན་ནི་ཚད་གཞི་ལོངས་པ་དང་། དེའི་མན་ནི་ཚད་གཞི་མི་ལོངས་པ་ཡིན།

2 ​མེད་པར་བཟོ་བ།

2013ལོའི་ཟླ8པའི་ཚེས22ཉིན། སློབ་གསོ་པུའུ་ཡིས《སློབ་ཆུང་སློབ་མའི་འགན་འཁྲི་དོན་ཚན་བཅུ་འཕྲི་བའི་གཏན་འཁེལ》གྱི་བསམ་འཆར་བསྡུ་ལེན་གྱི་ཡིག་ཆ་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན། དེའི་ནང་ཁྱིམ་ནང་ལས་བྱ་བཀོད་སྒྲིག་བྱས་མི་ཆོག་པ་དང་། ལོ་རིམ་དང་པོ་ནས་གསུམ་པའི་བར་དུ་རྣམ་པ་གང་རུང་གི་གཅིག་གྱུར་རྒྱུགས་ལེན་བྱས་མི་ཆོག ཕྱོགས་ཡོངས་ནས་སྐར་བརྒྱའི་ལམ་ལུགས་མེད་པར་གཏོང་བ་སོགས་མིའི་དོ་སྣང་བྱེད་པའི་གཏན་འཁེལ་ཡོད་ལ། དེར་མ་ཟད་སྨྱན་བྱེད་ཀྱིས་དོན་ཚན་བཅུ་བོ་འདི་དག་ལ་དམག་ཁྲིམས་ལྟ་བུའི་དོན་ཚན་བཅུ་ཟེར་གྱིན་ཡོད།

ཕྱོགས་ཡོངས་ནས་སྐར་བརྒྱའི་ལམ་ལུགས་མེད་པར་གཏོང་བ་དང་། ཁྱིམ་ནང་ལས་བྱ་བཀོད་སྒྲིག་མི་བྱེད་པ་ནི། ཕྱོགས་གཅིག་ནས་དཔྱད་འཇོག་མ་ལག་གི་ངོས་ཐད་ནས་ཁུར་བོ་ཇེ་ཡང་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་དངོས་ཡོད་འཁུར་བོ་མེད་པར་བཏང་བ་ཡིན། གནས་ལུགས་ལྟར་བཤད་ན། གསར་དུ་བསྒྲགས་པའི་དོན་ཚན་འདི་གཉིས་ནི་སློབ་ཆུང་སློབ་མའི་ཁུར་བོ་ཇེ་ཡང་དུ་བཏང་བའི་དངོས་ཡོད་ཡིན་མོད། འོན་ཀྱང་ཁྱིམ་བདག་མི་ཉུང་བ་ཞིག་གིས་རྫུན་མ་ཡིན་པར་འདོད། འདིའི་རྫུན་མ་འདོད་ཚུལ་ཡོངས་ཁུངས་གཙོ་བོ་ནི་སློབ་འཕེར་གནོན་ཤུགས་ཀྱི་རྟོགས་སད་ལས་བྱུང་བ་རེད།

རྒྱལ་ཁབ་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་རྨང་གཞིའི་སློབ་གསོའི་ཞིབ་འཇུག་ཁང་གི་ཝང་མིང་ཀྲུའུ་རིན་གྱིས་བསྟན་པ་ལྟར་ན། གནད་དོན་ཐག་གཅོད་བྱེད་ཐབས་ལས་བསླབ་ཚན་ནང་དོན་ཇེ་ཉུང་དང་། སློབ་གསོའི་དཀའ་གནད་ཇེ་དམའ་རུ་གཏོང་བ། ཕྱོགས་བསྡུས་དཔྱད་འཇོག་སྤེལ་བ་མ་ཟད། གྲུབ་འབྲས་ཅུང་ཙམ་ལེགས་པའི་ནུས་པ་ཐོན་དགོས་ན་ད་དུང་ལམ་ལུགས་བཅོས་སྒྱུར་ཁྲོད་ནས་ལམ་ཞིག་བཙལ་དགོས། གཅིག་ནི་ང་ཚོས་ཆུང་འབྲིང་སློབ་གྲྭའི་སློབ་གསོའི་སྤུས་ཚད་ཐད་ནས་དཔྱད་འཇོག་དང་ད་དུང་རྒྱུགས་ལེན་སློབ་མ་བསྡུ་ལེན་སྒྲིག་སྲོལ་གྱི་དཔྱད་འཇོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-17

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།