རང་སྲུང་རང་སྐྱོབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་སྲུང་རང་སྐྱོབ།
སློབ་གྲོགས་ཚོ་ནམ་རྒྱུན་དུ་བདེ་སྐྱིད་དང་དྲོད་ཁོལ་གྱིས་ཁེངས་པའི་ཁྱིམ་ཚང་ནང་འཚོ་བ་རོལ་གྱིན་ཡོད་ལ། ཕ་མ་དང་ཁྱིམ་བདག་གིས་སེམས་ཁུར་དང་གཅེས་སྐྱོང་ཐོབ་ཡོད་པས། བསམ་ཚོད་ལ་ཉེན་ཁ་མེད་པར་འདོད་མོད། འོན་ཀྱང་། ཁྱིམ་ཚང་ནང་གི་དོན་དག་མང་པོ་ཞིག་ལ་ངེས་པར་དུ་མཉམ་འཇོག་དང་སེམས་ཁུར་བྱེད་དགོས་ཏེ། གལ་ཏེ་མཉམ་འཇོག་མ་བྱས་ན་ཉེན་ཁ་འབྱུང་སླ་ལ་དོན་རྐྱེན་འབྱུང་བར་ཉེན་ཁ་ཡང་ཡོད། ཁྱིམ་ཚང་གི་འཚོ་བའི་ཁྲོད་དུའང་བདེ་འཇགས་ཀྱི་གནད་དོན་མང་པོ་ཞིག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自护自救
བྱ་ཡུལ།
སྤྱི་ཚོགས་ཡོངས།
གལ་ཆེའི་རང་བཞིན།
གཙོ་གནད་ཆེ་བ།
ཁོངས།
བདེ་འཇགས་ཤེས་བྱ།
དུས།
དུས་རྒྱུན།
1 འཚིག་རྨས་འབྱུང་བར་དོགས་ཟོན།

1 ཐབ་ཀའི་ཐོག་གི་ཚ་དེམ་དང་སྣུམ་ཟངས་ལེན་པའི་སྐབས་སུ། ལག་ཤུབས་གྱོན་དགོས་པ་ཏེ། ཐད་ཀར་འཚིག་རྨས་བྱུང་བར་དོགས་ཟོན་བྱ་དགོས་ལ། ཚ་དེམ་དང་སྣུམ་ཟངས་ཁོད་ཡངས་སར་འཇོག་དགོས།

2 ཕ་མའི་ཟས་རྔོ་བ་དང་སྣུམ་ཟས་བསྲེག་སྐབས། དེའི་ཉེ་འཁོར་དུ་རྩེད་མོ་བྱེད་པ་དང་སུན་པོ་བཟོ་བ་སོགས་བྱེད་མི་ཉན་ཏེ། སྣུམ་འཐོར་ཏེ་འཚིག་པར་དོགས་ཟོན་བྱེད་དགོས། ལོ་ཆེ་བའི་སློབ་མའི་ཟས་གཡོས་སྦྱོར་སྦྱངས་སྐབས། རྣམ་རིག་གཅིག་ཏུ་བསྒྲིམ་དགོས་པ་དང་། ཆུ་ཐིགས་སྣུམ་ནང་དུ་འཐོར་བར་མཉམ་འཇོག་དགོས།

3 སྣུམ་ནི་འབར་སླ་བའི་རིགས་ཡིན་པས། དྲོད་ཚད་མཐོ་བའི་སྐབས་སུ་འབར་སླ་ལ། ལྷག་ཏུ་ཚལ་རྔོ་སྐབས་མེ་འབར་ན། འཚབ་འཚུབ་མི་བྱེད་པར་ཁ་ལེབ་ཀྱིས་འགེབས་དགོས། སླ་ང་མྱུར་དུ་མེ་ཐབས་ལས་ཕར་འཁྱེར་དགོས་པར་མ་ཟད་མེ་གསོད་དགོས།

4 ཁྱིམ་ནང་གི་གློག་སྐྲ་བཟོ་བྱེད་དང་གློག་དྲོད་ཆས་སོགས་དྲོད་ཚད་མཐོ་བའི་སྐབས་སུ་འཚིག་པར་གཟབ་དགོས།

2 གློག་གི་སླ་ང་བཀོལ་ཐབས།

གློག་གི་སླ་ང་ལས་ཟ་མ་གཡོས་སྦྱོར་བྱས་ན། དུས་ཚོད་ཇེ་ཐུང་དང་ཐོན་ཁུངས་གྲོན་ཆུང་བྱེད་ལ། ཁྱིམ་ཚང་མང་ཆེ་བས་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། སླ་ངའི་ནང་གི་དྲོད་ཚད་མཐོ་ལ་གནོན་ཤུགས་ཆེ་སྟབས། བདེ་འཇགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས།

1 གློག་གི་སླ་ང་མ་བཀོལ་སྔོན་ལ། ཐོག་མར་ཁ་ལེབ་དང་དབུགས་རྒྱུ་སར་འགག་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱེད་དགོས།

2 བཀོལ་སྤྱོད་བྱེད་སྐབས། ཁ་ལེབ་སྟེང་གི་གནོན་ཤུགས་སྒོ་ལ་ཐུག་མི་ཉན་པར་མ་ཟད། དེའི་སྟེང་དུ་དངོས་པོ་ལྗིད་མོ་འཇོག་མི་ཉན་ལ་ལྷག་ཏུ་གང་འདོད་དུ་ཁ་ཕྱེ་མི་ཉན།

3 ཟ་མ་ཁོལ་རྗེས། གང་མགྱོགས་སྒོས་གནོན་ཤུགས་སྒོ་དང་ཁ་ལེབ་ཕྱེ་མི་ཉན་པར། སེམས་རྣལ་མོས་བསྒུགས་ཏེ་ཚ་དབུགས་ཚང་མ་ཕྱིར་ཐོན་རྗེས། ད་གཟོད་གནོན་ཤུགས་སྒོ་དང་ཁ་ལེབ་བླངས་ཆོག

3 གྲི་བཀོལ་ཐབས།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་གཙབ་གྲི་དང་། ཤིང་ཏོག་ཟ་བྱེད་ཀྱི་གྲི། ཁེ་གྲི་སོགས་རིགས་མང་པོ་ལག་ལེན་བྱེད་ཀྱིན་ཡོད་ལ། དེ་དག་བཀོལ་སྤྱོད་བྱེད་སྐབས་ཧ་ཅང་གཟབ་ནན་བྱེད་དགོས།

1 གྲི་རིགས་བཀོལ་སྤྱོད་བྱེད་སྐབས་བློ་རྩེ་གཅིག་སྒྲིམ་བྱེད་དགོས་སྟེ། གྲི་བཟུང་ཏེ་རྣམ་འགྱུར་སྟོན་པ་དང་རྩེད་མོ་བྱེད་པ་སོགས་གཏན་ནས་བྱེད་མི་ཉན།

2 གྲི་རིགས་བཀོལ་སྤྱོད་མི་བྱེད་པའི་སྐབས་སུ། བདེ་འཇགས་ཀྱི་གནས་སུ་བཞག་ཏེ་དོ་དམ་ལེགས་པོ་བྱེད་དགོས།

4 སོལ་རླངས་བཀོལ་ཐབས།

མི་རྣམས་ཀྱིས་དུས་རྒྱུན་དུ་རང་བྱུང་སོལ་རླངས་དང་རྡོ་སྣུམ་གཤེར་རྫས་རླངས། སོལ་རླངས་སོགས་འབར་སླ་བའི་དབུགས་རིགས་ལ་སོལ་རླངས་ཟེར། སོལ་རླངས་ཀྱིས་མིའི་འཚོ་བར་སྟབས་བདེ་མང་བཟོས་མོད། གལ་ཏེ་བཀོལ་སྤྱོད་འོས་འཚམས་མིན་ན་ཉེན་ཁ་འབྱུང་བ་ཡིན། སོལ་རླངས་བཀོལ་ཐབས་ལ་མཉམ་འཇོག་བྱེད་དགོས་ཐབས་ལ།

1 སོལ་རླངས་བཀོལ་ཆས་སོགས་ཀྱི་གསལ་བཤད་ཡི་གེ་ནན་ཏན་སྒོས་ཀློག་དགོས་ལ། གཟབ་ནན་སྒོས་གསལ་བཤད་ཡི་གེ་ལྟར་དུ་ལག་ལེན་དང་བཀོལ་སྤྱོད་བྱེད་དགོས།

2 མི་ལ་བརྟེན་ནས་མེ་བསྒོ་བའི་ཐབས་ཀ་ལས། མེ་ཡིས་དབུགས་ལ་བསྒུགས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

3 རྒྱུན་དུ་སོལ་ཐབས་ལ་དོ་དམ་ལེགས་པོ་བྱས་ཏེ། རླངས་ཤོར་བ་སོགས་བྱུང་ན་མྱུར་དུ་ཞིག་གསོ་བྱེད་དགོས་ཏེ། བཀོལ་སྐྱོད་བྱེད་བཞིན་པའི་གོ་རིམ་ཁྲོད་དུ་དབུགས་ཤོར་ན་མྱུར་དུ་དབུགས་སྒོ་རྒྱག་དགོས།

4 སོལ་ཐབ་བཀོལ་སྤྱོད་བྱེད་བཞིན་པའི་སྐབས་སུ། ཡུན་རིང་བོར་སོལ་ཐབ་དང་ཁ་འབྲལ་མི་ཉན། རླུང་དང་ཆུ་ཁོལ་བ་ལ་བརྟེན་ནས་མེ་བསད་རྗེས་དབུགས་ཤོར་ཏེ་རྗེས་སོར་མེ་སྐྱོན་ཤོར་བར་གཟབ་དགོས།

5 སོལ་ཐབ་བཀོལ་སྤྱོད་བྱེད་སྐབས། ཁང་པའི་ནང་གི་རླུང་རྒྱུ་བ་དང་དབྱང་དབུགས་ཀྱི་འདང་ཚད་ལ་ངེས་པར་དུ་མཉམ་འཇོག་བྱས་ཏེ། སོལ་རླངས་ཀྱི་དུག་ཕོག་པར་གཟབ་དགོས།

5 སོལ་རླངས་ཀྱི་དུག་ཕོག་པར་སྔོན་འགོག་བྱེད་ཐབས།

1 ལྕགས་ཐབ་ལས་མེ་འབུད་སྐབས། ངེས་པར་དུ་དུ་ཁུང་དང་རླུང་འདྲེན་ཆས་འཇོག་དགོས།

2 དུས་གཏན་བྱས་ཏེ་དུ་ཁུང་གཙང་སྦྲ་བྱས་ཏེ་དུ་བ་ཕྱིར་འགྲོ་བར་བཀག་འགོག་མེད་པ་བཟོ་དགོས།

3 དུས་རྒྱུན་དུ་སྒོ་དང་སྒེའུ་ཁུང་ཕྱེ་སྟེ་ཁང་པའི་ནང་གི་མཁའ་དབུགས་བརྗེ་དགོས།

4 སྒོ་ཕྱི་ན་ཡོད་པའི་དུ་ཁུང་ལ་རླུང་འདྲེན་ཆས་སྤྲོད་པའམ་དུ་དཀྱོགས་སྤྲད་དགོས་ལ། རླུང་གིས་སོལ་རླངས་ཕྱིར་ནང་དུ་འདེད་པར་གཟབ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།