བདེ་འཇགས་སློབ་གསོའི་ཉིན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་འཇགས་སློབ་གསོའི་ཉིན་མོ།
སློབ་གསོ་པུའུ་དང་། སྤྱི་བདེ་པུའུ། ཐོན་ཀྲུང་དབྱང་། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་ན་གཞོན་ལས་ཚོགས་ཨུ་ཡོན་ལྷན་ཁང་བཅས་སྡེ་ཁག་ལྔ་ཡིས་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ཏེ། སྤྱི་ཟླ3པའི་ཚེས28ཉིན་ཏེ་ཟླ་གསུམ་པའི་ཆེས་མཐའ་མཇུག་གི་གཟའ་ཟླ་བ་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་ལ། གཙོ་ཚིག་ནི་བདེ་འཇགས་འདུ་ཤེས་སྲ་བརྟན།། ཉེན་འགོག་ནུས་པ་མཐོར་འདེགས།། བྱས་པ་དེ་ཡིན། 1996ལོར་སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ཏེ་མི་རེ་རེ་ནས་ཆུང་འབྲིང་སློབ་གྲྭའི་བདེ་འཇགས་ལ་སེམས་ཁུར་བྱ་དགོས་པར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安全教育日
བྱ་ཡུལ།
སྤྱི་ཚོགས་ཡོངས།
གལ་ཆེའི་རང་བཞིན།
གཙོ་གནད་ཆེ་བ།
ཁོངས།
བདེ་འཇགས་ཤེས་བྱ།
སྤེལ་དུས།
1996ལོ།
དུས་ཚོད།
ཟླ3པའི་ཆེས་མཐའ་མཇུག་གི་གཟའ་ཟླ་བ།
1 ​ངོ་སྤྲོད།

འདི་ལྟ་བུའི་སྒྲིག་སྲོལ་ནི་ཕྱོགས་ཡོངས་ནས་ཆུང་འབྲིང་སློབ་མའི་བདེ་འཇགས་བྱ་བར་སྐུལ་འདེད་བཏང་དེ། ཤི་རྨས་ཐེབས་པའི་དོན་རྐྱེན་ནུས་ཤུགས་གང་ཡོད་སྒོས་ཇེ་ཉུང་དུ་གཏོང་དགོས་ཆེད་ཡིན་ལ། དངོས་ཐོག་ལག་ལེན་སྒོས་ཆུང་འབྲིང་སློབ་མའི་བདེ་འཇགས་སྲུང་སྐྱོབ་བྱ་བ་བསྒྲུབ་ཏེ། བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུད་འདེད་བྱེད་དགོས།

བྱིས་པའི་བདེ་འཇགས་རང་སྲུང་འདུ་ཤེས་དེ་གོམས་གཤིས་བཟང་བོ་ཞིག་ནས་འགོ་རྩོམ་དགོས་ལ་མི་ཚེ་གང་བོར་ཕན་ཐོགས་ཡོད་པ་ཞིག་ཡིན། གོམས་གཤིས་ནི་ཆ་རྐྱེན་ཡོད་པའི་ལྡོག་འཇུག་ཡིན་ལས། དེ་ལ་ཡང་དང་བསྐྱར་དུ་བསམ་བློ་གཏོང་བ་དང་འདེམས་གསེས་གང་ཡང་བྱེད་མི་དགོས་པར་རང་དབང་ལྡན་པའི་སྒོ་ནས་བྱུང་བའི་རྣམ་འགྱུར་ཡིན།

བདེ་འཇགས་དོན་རྐྱེན་ནི་ལོ14མན་གྱི་བྱིས་པའི་ཤི་རྐྱེན་གཙོ་བོ་ཞིག་ཡིན་ལ། སློབ་རའི་བདེ་འཇགས་ལ་ལོ་ཆུང་དང་ན་གཞོན་གྱི་འཚོ་བ་དང་སློབ་སྦྱོང་གི་ཐད་ཐེབས་པའི་ཤུགས་རྐྱེན་སྣ20ལྷག་ཙམ་ཡོད་དེ། ཟས་དུག་ཕོག་པ་དང་ལུས་རྩལ་སྦྱང་ནས་རྨས་ཕོག་པ། དྲ་རྒྱའི་གྲོགས་འདྲིས་བདེ་འཇགས། འགྲིམ་འགྲུལ་དོན་རྐྱེན། མེ་སྐྱོན། ཆུའི་གནོད། དུག་གི་གནོད་པ་སོགས་འདུས་ལ། ཆེད་མཁས་པས་མཛུབ་སྟོན་བྱས་པ་ལྟར་ན། བདེ་འཇགས་སློབ་གསོ་ལས་ཆུང་འབྲིང་སློབ་མའི་རང་སྲུང་ནུས་པ་མཐོར་འདེགས་གཏོང་བའི་བརྒྱུད་ལམ་ཞིག་ཡིན་ལ། དོན་རྐྱེན་དེ་དག་གི་ཁྲོད་ཀྱི80%གནོད་སྐྱོན་ནི་མེད་པར་གཏོང་ཐུབ་ལ། ཕྱོགས་ཡོངས་ནས་ཆུང་འབྲིང་སློབ་མའི་བདེ་འཇགས་བྱ་བར་སྐུལ་འདེད་བཏང་ཏེ། ཤུགས་ཆེན་པོས་ཤི་རྨས་དོན་རྐྱེན་ཚད་མར་འབབ་ཏུ་བཅུག་ཏེ། དངོས་ཐོག་ལག་ལེན་ཁྲོད་ནས་ཆུང་འབྲིང་སློབ་མའི་བདེ་འཇགས་བྱ་བ་བསྒྲུབ་ཏེ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་དུ་འཇུག་དགོས། 1996ལོར། རྒྱལ་ཁབ་སློབ་ཨུ་སོགས་སྡེ་ཁག་བདུན་ནས་མཉམ་འབྲེལ་སྒོས་ཡིག་ཆ་ཁྱབ་བསྒྲགས་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་ཆུང་འབྲིང་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོའི་སྒྲིག་སྲོལ་གཏན་འཁེལ་བྱས། དེའི་རྐྱེན་ལོ་རེའི་ཟླ་གསུམ་པའི་ཆེས་མཐའ་འཇུག་གི་གཟའ་ཟླ་བ་ནི་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་བདེ་འཇགས་སློབ་གསོ་ཉིན་མོར་གཏན་འཁེལ་བྱས་པ་ཡིན།

2 སློབ་གསོའི་ཉིན་མོའི་གཙོ་ཚིག

1996ལོར། སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ཏེ་མི་རེ་རེ་ནས་ཆུང་འབྲིང་སློབ་གྲྭའི་བདེ་འཇགས་ལ་སེམས་ཁུར་བྱ་དགོས།

1997ལོར། འགྲིམ་འགྲུལ་བདེ་འཇགས་སློབ་གསོ།

1998ལོར། དོགས་ཟོན་བྱེད་པ་དང་།  རང་གཞན་ཕན་ཚུན་སྐྱོབ་པ། བདེ་འཇགས་ལ་ཁག་ཐེག

1999ལོར། མེ་གསོད་བདེ་འཇགས་སློབ་གསོ། སློབ་གྲོགས་དང་མཉམ་དུ་སློབ་གྲྭར་འགྲོ་བ་དང་ཕྱིར་ཁྱིམ་དུ་ལོག་པ། གང་ནུས་སྒོས་རང་ཉིད་གཅིག་པུར་སྒོ་ཕྱི་ནས་མི་འདུག་པ།

2000ལོར། ཆུང་འབྲིང་སློབ་མའི་གཅིག་འདུས་ཟ་འཐུང་བདེ་འཇགས་ལ་ཁག་ཐེག་བྱས་ཏེ། སྨན་གྱི་ལྡོག་ནུས་ཐོན་པར་སྔོན་འགོག་བྱེད་དགོས།

2001ལོར། སློབ་རའི་བདེ་འཇགས།

2002ལོར། སློབ་མའི་བཟའ་བཏུང་འཕྲོད་ལ་དོ་སྣང་བྱས་ཏེ། གཞོན་ནུ་དང་ལོ་ཆུང་གི་བདེ་ཐང་ལ་ཁག་ཐེག་བྱེད་དགོས།

2003ལོར། ཆུང་འབྲིང་སློབ་མ་དང་བྱིས་པའི་རང་སྐྱོབ་འདུ་ཤེས་དང་ནུས་པ་ཤུགས་ཆེན་སྒོས་མཐོར་འདེགས་བྱེད་དགོས།

2004ལོར། སློབ་རའི་གནོད་པར་སྔོན་འགོག་བྱས་ཏེ། གཞོན་ནུ་དང་ལོ་ཆུང་གི་རང་སྲུང་ནུས་པ་མཐོར་འདེགས་གཏོང་བ།

2005ལོར། འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་སྲ་བརྟན་བྱས་ཏེ། རང་སྲུང་ནུས་པ་མཐོར་འདེགས་གཏོང་དགོས།

2006ལོར། ཚེ་སྲོག་ལ་གཅེས་སྐྱོང་། བདེ་འཇགས་གཙོ་བོ།

2007ལོར། བདེ་འཇགས་དོ་དམ་སྲ་བརྟན་བྱས་ཏེ། འཆམ་མཐུན་སློབ་ར་མཉམ་བསྐྲུན་བྱེད་དགོས།

2008ལོར། མི་ཆོས་ཨའོ་རྩལ་བསུས་ཏེ། སློབ་རའི་འཆམ་མཐུན་བསྐྲུན།

2009ལོར། གནོད་འགོག་གནོད་སེལ་ཤུགས་སྣོན་བྱས་ཏེ། སློབ་རའི་འཆམ་མཐུན་བསྐྲུན་དགོས།

2010ལོར། ཁ་བཀྲམ་སྦྱོང་བརྡར་ལ་ཤུགས་སྣོན་བྱས་ཏེ། སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

2011ལོར། བདེ་འཇགས་འདུ་ཤེས་སྲ་བརྟན་བཏང་དེ། ཉེན་ཡོལ་ནུས་པ་མཐོར་འདེགས་གཏོང་དགོས།

2012ལོར། བདེ་འཇགས་ཤེས་བྱ་ཁྱབ་སྤེལ་བྱས་ཏེ། ཉེན་ཡོལ་ནུས་པ་མཐོར་འདེགས་གཏོང་དགོས།

2013ལོར། བདེ་འཇགས་ཤེས་བྱ་ཁྱབ་སྤེལ་བྱས་ཏེ། ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

2014ལོར། བདེ་འཇགས་འདུ་ཤེས་སྲ་བརྟན་བཏང་ཏེ། བདེ་འཇགས་བྱང་ཚད་མཐོ་རུ་གཏོང་དགོས།

2015ལོར། ང་བདེ་འཇགས་ཡོད། ང་བདེ་སྐྱིད་ཡོད། ང་ནར་སོན་བཞིན་ཡོད།

2016ལོར། བདེ་འཇགས་འདུ་ཤེས་སྲ་བརྟན་བཏང་ཏེ། བདེ་འཇགས་བྱང་ཚད་མཐོ་རུ་གཏོང་དགོས།

3 བྱིས་པའི་ཐོབ་ཐང་གསལ་འབྱེད་བྱང་བུ།

1 ཐོབ་ཐང་གསལ་འབྱེད་བྱང་བུ་ཆུང་བ།

2 མཛུབ་རུས་བཅུ་བོ་དཔར་དགོས་པ།

3 རྒྱུད་སྤེལ་གསང་གྲངས་ཉར་ཚགས་དམ་པོ་བྱེད་པ།

4 ཁྲག་རིགས་མྱུར་སྐྱོབ་བདེ་འཇགས་ལེན་པ།

3_1 ཝང་ཏ་ཝེ་ཡི་གསལ་འདེབས་བྱས་པ་ལྟར་ན།

1བྱིས་པའི་ཚོན་ལྡན་འདྲ་པར། མཛུབ་རིས་བཅུ། སྐྲ་རྐང་གཉིས་བདག་གཉེར་བྱས་ཏེDNAགསལ་འབྱེད་བྱེད་པ།

2 ཁྲག་རིགས།

3 ནད་རིགས།

4 འབྲེལ་གཏུག་ཁ་པར།  ཕ་མའི་ལག་འཁྱེར་ཨང་གྲངས།

5 སྒེར་གྱི་གཞི་རྩའི་གནས་ཚུལ།

6 ཁྱིམ་སྤྱོད་ཁ་པར།

འདི་དག་ཚར་གསུམ་བྱས་ཏེ། བྱིས་པ་དང་ཁྱིམ་བདག དགེ་རྒན་བཅས་ནས་རེ་རེ་བཟུང་ཏེ། ས་འགུལ་སོགས་གློ་བུར་བའི་གནོད་སྐྱོན་ཁྲོད་སྨན་ཁང་དུ་སྤྲད་དེ་མྱུར་སྐྱོབ་བྱེད་པ་དང་། ཐོབ་ཐང་གསལ་འབྱེད། བོར་བའི་དོན་རྐྱེན་བྱུང་དུས་ཉེན་བརྡ་དང་བཙལ་བར་སྟབས་བདེ་བཟོ་བ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-14

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།