མཛེས་རྩལ་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཛེས་རྩལ་སློབ་གསོ།
སློབ་མ་ཚོར་མཛེས་དཔྱོད་ལྟ་བ་ཡང་དག་པ་ཆགས་པ་དང་། མཛེས་སྡུག་ཉམས་སུ་མྱོང་བ་དང་། མཛེས་སྡུག་གསར་སྐྲུན་བྱེད་པའི་སློབ་གསོ་ཞིག་ཡིན་ལ། དེ་གཙོ་བོ་རང་བྱུང་ཁམས་དང་། འཚོ་བ། སྒྱུ་རྩལ་སོགས་ཕྱོགས་མང་པོའི་མཛེས་དཔྱོད་བྱ་འགུལ་བརྒྱུད་ནས་སློབ་མར་སློབ་གསོ་གཏོང་བ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美育
སྒྲ་ཡངས་འཇུག
མཛེས་རྩལ་དེ་རིག་ཚན་སོ་སོའི་སློབ་ཁྲིད་ཁྲོད་ཡོད་པ།
སྒྲ་དོག་འཇུག
སྒྱུ་རྩལ་སློབ་གསོ་རྐྱང་བ།
བྱུང་དུས།
1793ལོར།
ཚབ་བྱེད་མི་སྣ།
ཞིས་ལི།
1 དོན་སྙིང་།

རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་འཚོ་བ། རང་བྱུང་ཁམས་ཆེན་པོ་བཅས་ཀྱི་མཛེས་སྡུག་གི་སློབ་གསོ་བརྒྱུད་ནས། སློབ་མའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ཡང་དག་པ་གསོ་སྐྱོང་བྱ་ཞིང་། ཁོ་ཚོར་མཛེས་སྡུག་ཚོར་བ་དང་། མཛེས་སྡུག་རོལ་བ། མཛེས་སྡུག་བསྐྲུན་པ། མཛེས་སྡུག་མཚོན་པ་བཅས་ཀྱི་ནུས་པ་ལྡན་པར་བྱ་དགོས་པ་རེད་ལ། སློབ་མ་རྣམས་ལ་མ་འོངས་པའི་དངོས་པོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཁྲོད་དུ་མཛེས་དཔྱོད་ཀྱི་ལྟ་བ་ཆགས་པར་བྱ་ཐུབ་ལ། དེང་རབས་ཅན་གྱི་ཐོན་སྐྱེད་ཁྲོད་མཛེས་རྟོག་རིག་པ་དང་ཐོན་སྐྱེད་ལག་རྩལ་གཉིས་ཚད་མཐོན་པོའི་ངང་གཅིག་གྱུར་བྱ་ཐུབ་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ལ་མེད་དུ་མི་རུང་བ་ཞིག་ཡིན་ཏེ། སློབ་གྲྭའི་ནང་གི་མཛེས་རྩལ་སློབ་གསོ་དེ་དངོས་གཙོ་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་རྩ་དོན་གྱིས་རྨང་གཞི་བྱས་ནས། སློབ་མའི་དངོས་གཙོ་རིང་ལུགས་ཀྱི་མཛེས་དཔྱོད་ལྟ་བ་སྐྱེད་སྲིང་བྱ་ལ། བསམ་པའི་ཀུན་སྤྱོད་བློ་སྦྱོང་ཡག་པོ་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་བསམ་པའི་ཀུན་སྤྱོད་ལྡན་པར་སྐྱེད་སྲིང་བྱེད་པ་དང་། བསམ་པའི་ཀུན་སྤྱོད་སློབ་གསོ་དང་ཤེས་རིག་སློབ་གསོ། ལུས་རྩལ་སློབ་གསོ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེ་ཐོན་གྱིན་ཡོད་པ་དང་སློབ་མས་བདེ་བླངས་ངང་གོ་བ་ལེན་པར་རོགས་རམ་གང་མང་བྱེད་ཀྱིན་ཡོད།

2 འོས་འགན།

སློབ་མའི་ཡང་དག་གི་མཛེས་དཔྱོད་ལྟ་བ་དང་བླ་ན་མེད་པའི་མཛེས་དཔྱོད་དུངས་སེམས། མཛེས་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱས་ཏེ། ཡང་དག་པའི་མཛེས་དཔྱོད་ལྟ་བ་དང་གཞུང་ལུགས་ཤེས་པར་བྱས་ནས། ཁོ་ཚོར་འབྱོར་མེད་གྲལ་རིམ་གྱི་མཛེས་དཔྱོད་རིག་པའི་ཤེས་བྱ་རྟོགས་པར་བྱ་དགོས་པ་དང་། སྒྱུ་རྩལ་གྱི་མཛེས་སྡུག་དང་ཚན་རིག་གི་མཛེས་སྡུག འཚོ་བའི་མཛེས་སྡུག་སོགས་ཕྱོགས་མང་བོའི་གསར་སྐྲུན་གྱི་ནུས་པ་སྐྱེད་སྲིང་བྱས་དགོས་ལ། ད་དུང་སློབ་མར་བདེ་ཐང་གི་བསམ་བློ་དང་། གསར་བརྗེའི་བརྩེ་བ། སྤྱོད་པ་ཡག་པོ། དེ་མིན་བློ་བག་ཡངས་པོའི་མི་གཤིས་སོགས་ལྡན་པར་བྱས་ནས། སེམས་རྒྱུད་མཛེས་པ་དང་། སྐད་ཆ་མཛེས་པ། སྤྱོད་པ་མཛེས་པར་བསྒྱུར་དགོས།

3 ནང་དོན་དང་ཐབས་ལམ།
3_1 སྒྱུ་རྩལ་གྱི་མཛེས་སྡུག

སྒྱུ་རྩལ་སྣང་བརྙན་ལ་བརྟེན་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་མཛེས་སྡུག་ཕྱིར་མཚོན་པས། སྒྱུ་རྩལ་གྱི་མཛེས་སྡུག་དང་དངོས་ཡོད་མཛེས་སྡུག་གཉིས་བསྡུར་ན་སྔ་མར་གཅིག་བསྡུས་རང་བཞིན་ལྡན་ཏེ། སྒྱུ་རྩལ་ལ་མིག་གི་བལྟ་བྱའི་སྒྱུ་རྩལ་དང་། རྣ་བའི་ཉན་བྱའི་སྒྱུ་རྩལ། སྐད་ཆའི་སྒྱུ་རྩལ། དེ་མིན་སྣ་འཛོམས་སྒྱུ་རྩལ་སོགས་ཀྱི་དབྱེ་ཆོག་ལ། སློབ་གྲྭར་གཙོ་བོ་རོལ་དབྱངས་དང་། རི་མོ། རྩོམ་རིག བྲོ་གར་སོགས་ལ་བརྟེན་ནས་སྒྱུ་རྩལ་གྱི་མཛེས་སྡུག་གི་སློབ་གསོ་གཏོང་བ་ཡིན།

3_2 རང་བྱུང་མཛེས་སྡུག

86d6277f9e2f07087884d77be924b899a801f2cc.jpg.jpgརང་བྱུང་ཁམས་ཆེན་པོའི་ཡུལ་ལྗོངས་སུ་མཛེས་སྡུག་གི་རྒྱུ་འདྲ་མིན་སྣ་ཚོགས་ཡོད།དེར་ས་གཞི་ཡང་ཤིང་རྒྱ་ཆེ་བ་དང་། མཐའ་ཡས་རྒྱ་མཚོ། རི་བོ་རྔམ་བརྗིད་སོགས་མཛེས་སྡུག་བླ་ན་མེད་པ་ཡོད། དེ་དག་ཐམས་ཅད་ནི་མཛེས་རྩལ་སློབ་གསོའི་སློབ་དེབ་ཡིན། དགེ་རྒན་གྱིས་སློབ་མའི་མཛེས་སྡུག་མྱོང་ཚོར་གྱི་ནུས་པ་སྐྱེད་སྲིང་བྱ་དགོས་ལ། སློབ་མར་རྩོམ་ཡིག་འབྲི་བ་དང་། པར་ལེན་པ། དམར་དཔེ་ལེན་པ། ལྗོངས་རྒྱུའི་ཟིན་ཐོ་འབྲི་བ་སོགས་ལ་མཛུབ་སྟོན་བྱས་ནས། ཁོ་ཚོའི་མཛེས་སྡུག་བསྐྲུན་པ་དང་མཛེས་སྡུག་མཚོན་པའི་ནུས་པ་གོང་སྤེལ་དུ་གཏོང་དགོས།

3_3 སྤྱི་ཚོགས་ཀྱི་མཛེས་སྡུག

སྤྱི་ཚོགས་འཚོ་བའི་ཁྲོད་དུ་སྤྱི་ཚོགས་ཀྱི་སྣང་ཚུལ་མཛེས་པ་དང་མི་མཛེས་པ་ཧ་ཅང་མང་བ་དེའང་མཛེས་རྩལ་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད། སྤྱི་ཚོགས་ཀྱི་མཛེས་སྡུག་ཁྲོད་ང་ཚོས་སློབ་མར་སློབ་སྦྱོང་ཡག་པོ་དང་འཚོ་བ་སྐྱིད་པོ་རོལ་བའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ལ། སློབ་གྲྭས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ལམ་ལྡན་པ་དང་གོ་རིམ་ལྡན་པའི་སློབ་སྦྱོང་གི་ཆ་རྐྱེན་བཟང་བོ་བསྐྲུན་ནས་སློབ་མ་རྣམས་ལ་སྤྱི་ཚོགས་ཀྱི་མཛེས་སྡུག་གི་ཁྲོད་ནས་སློབ་གསོ་བཟང་བོ་ཐོབ་པར་བྱ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-25

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།