ཡོངས་འཛིན་རིག་མཛོད། >སློབ་གསོ། >དམའ་འབྲིང་སློབ་གསོ།

སློབ་ཁྲིད་རྩ་དོན།

སྐད་ཡིག་སློབ་ཁྲིད་ཁྲོད་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་མཛེས་དཔྱོད་ཀྱི་སློབ་གསོ་གཏོང་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་རྩ་བའི་རྩ་དོན་ཞིག་ཡིན་ཞིང་། རྩ་དོན་འདི་ནི་སྐད་ཡིག་གི་བསམ་བློའི་ནང་དོན་དང་རྣམ་པ་གཉིས་ཀྱི་གཅིག་གྱུར་དང་སྐད་ཡིག་སྦྱོང་བརྡར་ཁྲོད་ཀྱི་ཤེས་རིག་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། མཛེས་དཔྱོད་སློབ་གསོ་བཅས་ཀྱི་གཅིག་གྱུར་གྱི་ཆོས་ཉིད་ལ་བརྟེན་པ། དེའང་སྐད་ཡིག་སློབ་ཁྲིད་ཀྱི་བསམ་བློའི་སློབ་གསོའི་ཁྱད་ཆོས་ཀྱིས་གཏན་འཁེལ་བྱས་པ་ཡིན། རྒྱ་ཡིག་གི་མིང་། 教学原则 རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་ཁྲིད་རྩ་དོན།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

རྩོམ་འབྲིའི་སྦྱོང་བརྡར།

རྩོམ་འབྲིའི་ལག་ལེན་ཁྲོད་རྩོམ་འབྲིའི་ཐབས་རྩལ་སྣ་ཚོགས་གསོག་འཇོག་དང་གསར་གཏོད་བྱས་ཡོད་པ་དང་མཚོན་སྟངས་ཐབས་ཤེས་ལ་མཚོན་ན་ད་དུང་མུ་མཐུད་འགྱུར་བ་དང་འཕེལ་རྒྱས་འགྲོ་བཞིན་ཡོད། དེར་བརྟེན་རྩོམ་འབྲིའི་སློབ་ཁྲིད་སྐབས་དགེ་རྒན་གྱིས་སློབ་མར་རྩོམ་འབྲིའི་ཐབས་རྩལ་ཐབས་ལམ་དག་ལ་སྣེ་ཁྲིད་བྱས་ནས་སློབ་མས་རྩོམ་ཡིག་གི་བརྗོད་བྱ་མཚོན་དུས་སྐབས་དང་བསྟུན་ནས་བེད་སྤྱོད་གཏོང་ཤེས་པ་བྱས་ཏེ་མཚོན་སྟངས་ཀྱི་ནུས་པ་ཤུགས་སྣོན་ཐེབས་པ་བྱེད་དགོས། རྒྱ་ཡིག་གི་མིང་། 写作训练 རིག་ཚན། སློབ་གསོ་རིག་པ། ཁོངས། རྩོམ་འབྲི། རིགས། སྐད་ཡིག ཚན་པ། དམའ་འབྲིང་། ནང་དོན་ངོ་སྤྲོད། གཅིག ཇི་བཞིན་བརྗོད་པའི་ཐབས་རྩལ་སྦྱོང་བརྡར་ལ། རིམ་འཇུག་དང་ལྡོག་འཇུག སྲུབས་འཇུག་བཅས་ཀྱི་སྦྱོང་བརྡར་དང་ཕྲ་རགས་ནས་བཤད་ན་རགས་འབྲི་དང་ཞིབ་འབྲིའི་སྦྱོང་བརྡར།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སྐད་ཡིག་རིག་ཚན་གྱི་རྒྱུགས་ལེན།

སློབ་སྦྱོང་བྱས་ནས་དུས་ཡུན་གང་འཚམས་སོང་རྗེས་སྦྱངས་འབྲས་ཆེ་ཆུང་གི་གནས་ཚུལ་རྟོག་ཞིབ་བྱས་པ་ལ་ཟེར། རྒྱ་ཡིག་གི་མིང་། 语文学科考试 རིག་ཚན། སློབ་གསོ་རིག་པ། ཁོངས། རྩོམ་འབྲི། རིགས། སྐད་ཡིག ཚན་པ། སློབ་འབྲིང་། ནུས་པ། གཅིག སློབ་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ། རྒྱུགས་ལེན་གང་འདྲ་ཞིག་ཡིན་རུང་བསྐྱར་སྦྱོང་དང་འབྲེལ་བ་ཡོད། བསྐྱར་སྦྱོང་བྱ་རྒྱུ་དེ་ཡང་སྦྱངས་ཟིན་པའི་ཤེས་བྱ་ཁག་བསྐྱར་ཟློས་དང་དྲན་གསོ་བྱ་རྒྱུ་ཙམ་ཞིག་མིན་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡུས་དང་། ལེགས་བསྒྲིགས།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སྐད་ཡིག་སློབ་ཁྲིད་རྩ་འཛིན།

སྐད་ཡིག་ནི་སློབ་སྦྱོང་དང་ལས་དོན་པའི་རྨང་གཞིའི་ལག་ཆ་ཞིག་ཡིན་ཞིང་། སྐད་ཡིག་རིག་ཚན་ནི་རིག་ཚན་གཞན་སྦྱོང་བའི་རྨང་གཞིའི་རིག་ཚན་ཞིག་ཀྱང་ཡིན། སྐད་ཡིག་འབྱོང་པོ་བསླབས་ཐུབ་ན་རིག་ཚན་གཞན་བདེ་བླག་ངང་སྦྱོང་རྒྱུར་མཐུན་རྐྱེན་སྐྲུན་ཐུབ་ལ་སླད་འབྱུང་ལས་དོན་སྒྲུབ་པའམ་དེ་བས་རྒྱ་ཆེ་བའི་རིག་ལམ་སྦྱོང་རྒྱུར་ཡང་རྒྱུ་ལ་འབྲས་བུ་འདོགས་ངེས་ཡིན། རྒྱ་ཡིག་གི་མིང་། 语文教学大纲 རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་ཁྲིད་ཀྱི་རྩ་འཛིན། ཚན་པ། དམའ་འབྲིང་། རིགས། སྐད་ཡིག དོན་སྙིང་། སློབ་མའི་བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུ། ཕུགས་བསམ་ལྡན་པ།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

བལྟ་ཀློག་སློབ་ཁྲིད།

བལྟ་ཀློག་བྱ་རྒྱུ་ནི་རྙོག་འཛིང་གི་བསམ་པའི་སྒུལ་སྐྱོད་ཅིག་ཡིན། བསམ་པའི་སྒུལ་སྐྱོད་ཀྱི་བྱ་རིམ་དེ་རིགས་ནི་ནུས་མེད་དང་གཞན་དབང་ཅིག་མིན་པར། ཧུར་བརྩོན་དང་འཁྲུག་ཆ་དོད་པོ། གསར་གཏོད་ཀྱི་རྣམ་པས་ཁེངས་པ་ཞིག་ཡིན། དེ་ཡང་ཡི་གེའི་བརྡ་མཚོན་གཅིག་མཚུངས་ཡིན་ཡང་ཀློག་པ་པོ་མི་འདྲ་བར་མཚོན་པའི་བསམ་པའི་དོན་སྙིང་གཅིག་མཚུངས་མིན་པ་དེ་ནི་བལྟ་ཀློག་གི་གཞི་རྩའི་ཤེས་བྱ་དང་ཉམས་མྱོང་གཅིག་མཚུངས་མིན་པས་རྐྱེན་གྱིས་ཡིན། བལྟ་ཀློག་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཀླད་པའི་ནང་ཉར་ཚགས་བྱས་པའི་བསམ་བློའི་རྒྱུ་ཆ་དང་བཀླག་བྱའི་ནང་དོན་གཉིས་བར་འབྲེལ་བ་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་གསར་གཏོད་རང་བཞིན་གྱི་བསམ་གཞིགས་བརྒྱུད་སྙིང་བཅུད་ལེན་ཐབས་བྱེད་དགོས།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་ཁྲིད་ཀྱི་ནང་དོན།

རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དགེ་རྒན་གྱིས་ཅི་ཞིག་ཁྲིད་པ་དང་སློབ་མས་ཅི་ཞིག་སློབ་པའི་ཤེས་བྱ་དང་། ནུས་རྩལ། དེ་མིན་དེ་དག་འདུས་པའི་བསམ་བློ། བརྩེ་དུང་། ཀུན་སྤྱོད་སོགས་ཡིན་ལ། རིགས་དང་རིམ་པ་སོ་སོའི་སློབ་གྲྭས་ཁྲིད་དགོས་པའི་བསླབ་ཚན་སོ་སོ་དང་དེ་དག་གི་ཤེས་བྱའི་བརྒྱུད་རིམ་ཡང་ཡིན་པ་དང་། སློབ་གསོའི་དམིགས་ཡུལ་དང་གསོ་སྐྱོང་གི་དམིགས་པ་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་ཞིང་། སློབ་གྲྭས་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་བའི་གཞི་འཛིན་སའང་ཡིན། རྒྱ་ཡིག་གི་མིང་། 教学内容 རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་ཁྲིད་ཀྱི་ནང་དོན།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སྐད་ཡིག

སྐད་དང་རྩོམ་རིག རིག་གནས་བཅས་ཀྱི་བསྡུས་མིང་ཡིན། དེ་ལ་ཁ་སྐད་དང་ཡིག་སྐད་གཉིས་ཡོད་ལ། ཁ་སྐད་ནི་ཅུང་གང་བདེར་སྤྱོད་པ་དང་གོ་སླ་བ་ཡིན། འོན་ཀྱང་ཡིག་སྐད་ནི་བརྡ་སྤྲོད་དང་ཡང་དག་གི་ཐད་ལ་རེ་བ་ནན་མོ་ཡོད། སྤྱིར་བཏང་དུ་སྐད་ཆ་དང་རིག་གནས་ཀྱི་ཕྱོགས་བསྡུས་ཡིན་པ་དང་། སྐད་དང་རྩོམ་ཡིག སྐད་ཆའི་ཤེས་བྱ་དང་རིག་གནས་ཤེས་བྱའི་བསྡུས་མིང་དང་ཡང་བྲལ་ཐབས་མེད། དེ་ནི་ཉན་པ་དང་བཤད་པ། ཀློག་པ། འབྲི་བ། སྒྱུར་བ། སྒྲིག་པ་སོགས་སྐད་ཆའི་ཡི་གེའི་ནུས་པ་དང་ཤེས་བྱ། རིག་གནས་གནས་ཤེས་བྱ་བཅས་ཀྱི་སྤྱི་མིང་ཡང་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

མཛོད་དགེ་བོད་ཡིག་སློབ་འབྲིང་།

མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་ནི་མཁས་དབང་བློ་བཟང་ཉི་མ་མཆོག་གིས་སྤྱི་ལོ1960ལོར་ཐོག་མར་བཙུགས་པ་ཡིན། སྤྱི་ལོ2003ལོར་སློབ་གྲྭ་རྫོང་མཁར(སྟག་ཚ་གྲོང་རྡལ)དུ་གནས་སྤར་བའི་ཆ་ཚང་བོད་ཡིག་སློབ་འབྲིང་ཞིག་ཡིན། བོད་ཡིག་གི་མིང་། མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་། རྒྱ་ཡིག་གི་མིང་། 若尔盖藏文中学 སློབ་གྲྭའི་རིགས། སློབ་འབྲིང་། རིགས། གཞུང་སྒྲུབ་སློབ་གྲྭ། ས་ཟིན་རྒྱ་ཁྱོན། སྨི་གྲུ་བཞི་མ33300 ངོ་སྤྲོད་རགས་བསྡུས།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་མ།

སློབ་མ་ནི་སྤྱིར་བཏང་དུ་སློབ་གྲྭ་དང་སློབ་སྦྱོང་གི་ཁོར་ཡུག་གཞན་དུ་སློབ་གསོ་མྱོང་མཁན་གྱི་མི་ལ་གོ་བ་ཡིན་ཞིང་། ཞིབ་འཇུག་ལས་ཁུངས་སམ་བྱ་བའི་ལས་ཁུངས་སུ་སློབ་སྦྱོང་གི་མི་ཡིས་ཀྱང་རང་གིས་རང་ལ་སློབ་མ་ཞེས་འབོད་པ་ཡིན་ལ། སྔོན་ཆད་སློབ་མའི་ངོ་བོ་དང་གཅིག་འདྲ་ཡིན་པ་ནི་དགེ་ཕྲུག་སོགས་མང་བོ་ཡོད་པ་ཡིན། སློབ་ནི་སློབ་སྦྱོང་དང་མ་ནི་བདག་སྒྲ་ཡིན་པས། རིམ་པ་མི་འདྲ་བར་བསྟུན་ནས་སློབ་སྔོན་སློབ་མ་དང་སློབ་ཆུང་སློབ་མ། སློབ་འབྲིང་སློབ་མ།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

བྱིས་པས་ལག་དངུལ་བཀོལ་སྟངས།(ཕྱི་རྒྱལ་གྱི་སློབ་གསོ་གཏོང་སྟངས)

བྱིས་པའི་ལག་དངུལ་བཀོལ་སྟངས་ཞེས་པར་ཕྱི་རྒྱལ་གྱི་སློབ་གསོ་གཏོང་སྟངས་གཞིར་བཟུང་ནས། ཕྱི་གླིང་གི་རྒྱལ་ཁབ་ཁག་ཅིག་གིས་སློབ་གསོ་གཏོང་བའི་ཚུལ་བདམས་ཡོད། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། ཆུང་འབྲིང་སློབ་མ། ངོ་སྤྲོད། ཨ་མེ་རི་ཁ།  ལག་དངུལ་ཙག་ཙིག་བཀོལ་བ་ལས་དངུལ་ལོར་བདག་གཉེར་ཤེས་པ། ཨ་མེ་རི་ཁར་ཕལ་ཆེར་བྱིས་པ་ཚང་མར་ལག་དངུལ་ཙག་ཙིག་ཡོད། ཁོ་ཚོའི་ལག་དངུལ་ཙག་ཙིག་རྣམས་ནི་ཕ་མར་རོགས་རམ་བྱས་པ་དང་ཡང་ན་ཁྱིམ་མིར་ལས་ཀ་ལས་རྗེས་ཐོབ་པ་རེད།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་མའི་སེམས་ཁམས་བདེ་ཐང་།

བདེ་ཐང་ནི་ལུས་པོའི་བདེ་ཐང་དང་སེམས་ཁམས་ཀྱི་བདེ་ཐང་ཟུང་དུ་འབྲེལ་བའི་བདག་ཉིད་ཅིག་ལ་གོ་དགོས་ཤིང་། རྣམ་ཀུན་སློབ་མའི་ཟས་སྤྱོད་ལ་དོ་སྣང་དང་ལུས་སྦྱོང་རྒྱུན་འཁྱོངས་ཀྱིས་ལུས་པོའི་བདེ་ཐང་ལ་འཐུས་ཤོར་མ་བྱུང་བའི་རྨང་གཞིའི་ཐོག སློབ་མའི་སེམས་ཁམས་ཀྱི་བདེ་ཐང་དོ་ཁུར་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་ནི་དཔེ་ཁྲིད་མི་སྐྱོང་གི་དགེ་བའི་བཤེས་གཉེན་གྱི་ཚོགས་དང་། རྒྱ་ཆེའི་ཁྱིམ་བདག་རྣམ་པ། སྤྱི་ཚོགས་ཧྲིལ་པོ་བཅས་ཚང་མས་སྣང་ཆུང་བྱ་མི་རུང་བའི་དོན་ཆེན་ཞིག་ཡིན། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། ཆུང་འབྲིང་སློབ་མ། ངོ་སྤྲོད།  བདེ་ཐང་ནི་ལུས་པོའི་བདེ་ཐང་དང་སེམས་ཁམས་ཀྱི་བདེ་ཐང་ཟུང་དུ་འབྲེལ་བའི་བདག་ཉིད་ཅིག་ལ་གོ་དགོས་ཤིང་།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

དམའ་འབྲིང་།

དམའ་རིམ་སློབ་འབྲིང་གི་བསྡུས་མིང་ཡིན་ལ། དམའ་འབྲིང་ནི་སློབ་འབྲིང་དུས་ཀྱི་དམའ་རིམ་དུས་སྐབས་ཡིན། དམའ་རིམ་སློབ་འབྲིང་ནི་སྤྱིར་བཏང་ལོ་དགུའི་འོས་འགན་སློབ་གསོའི་སློབ་འབྲིང་ཡིན་ལ། དེ་ནི་མཐོ་རིམ་སློབ་འབྲིང་དུ་བར་བརྒལ་བྱེད་པའི་དུས་སྐབས་ཤིག་ཡིན་ལ། འབྲིང་རིམ་སློབ་གསོའི་ཁྱབ་ཁོངས་སུ་གཏོགས། རྒྱ་ཡིག་གི་མིང་། 初级中等学校 ཕྱི་ཡིག་གི་མིང་། Middle School/Junior High School སློབ་དུས། ལོ་གསུམ། ཁོངས་གཏོགས། འོས་འགན་སློབ་གསོ། སློབ་གསོའི་ལམ་ལུགས། ཀྲུང་གོའི་སློབ་གྲྭའི་སློབ་གསོ་ཆེ་ས་ནས་སློབ་ཆུང་དང་སློབ་འབྲིང་།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

འཆད་ཉན་སློབ་ཁྲིད།

འཆད་ཉན་སློབ་ཁྲིད་ནི་སློབ་འབྲིང་སྐད་ཡིག་སློབ་ཁྲིད་ནང་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། སྐད་ཆ་འཆད་རྒྱུ་དང་ཉན་རྒྱུ་གཉིས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ནང་ཕན་ཚུན་འབྲེལ་བ་བྱེད་པའི་མ་མཐའི་ཆ་རྐྱེན་ཞིག་དང་། དེ་ནི་དེང་སྐབས་ཆ་འཕྲིན་དར་ཁྱབ་ཆེ་བའི་སྤྱི་ཚོགས་ནང་མེད་དུ་མི་རུང་བའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན། སློབ་མའི་འཆད་ཉན་གྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དགོས་མཁོ་ཙམ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་། ཤུལ་འཛིན་པ་གསོ་སྐྱོང་བྱ་བའི་གལ་ཆེའི་དགོས་མཁོ་ཞིག་ཀྱང་ཡིན་པས་དེས་སློབ་མས་རིག་སྟོབས་སྐྱེད་བསྲིང་དང་། འབྲི་ཀློག་གི་ནུས་པ་མཐོ་རུ་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་པ་ཡིན། རིག་ཚན།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་ཁྲིད་ཀྱི་བླང་བྱ།

དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་ནས་བསླབ་ཚན་ཚད་གཞིའི་གཏན་འཁེལ་ལྟར་སློབ་མས་ངེས་པར་དུ་ཤེས་དགོས་ལ། ཆུ་ཚད་ཚད་གཞིར་ཐོན་དགོས་པའི་ཤེས་བྱའི་ནང་དོན། རྒྱ་ཡིག་གི་མིང་། 教学要求 རིག་ཚན། སློབ་གསོ་རིག་པ། རིགས། སྐད་ཡིག ཚན་པ། དམའ་འབྲིང་། ལྟ་ཀློག ཚིག་མཛོད་སོགས་ལ་བརྟེན་ནས་ལྟ་ཀློག་གི་གོམས་གཤིས་བཟང་བོ་འཇགས་པའི་ཐོག་ཇི་བཞིན་བརྗོད་པ་དང་། གསལ་བཤད། གོ་བདེའི་དགག་སྒྲུབ་བཅས་གཙོ་བོར་བྱས་པའི་དེང་རྩོམ་དང་ཉེ་རྩོམ་ལྟ་ཀློག་ཐུབ་པ་བྱས་ཏེ་རྩོམ་ཡིག་གི་མིང་ཚིག་དང་། རྗོད་པ།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་ཁྲིད་ཀྱི་དམིགས་ཚད།

སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་གཏན་འཁེལ་བྱས་པའི་དམིགས་ཡུལ་ལ་ཐོན་ཡོད་མེད་ཀྱི་ཚད་གཞི་ཞིག་ཡིན། སློབ་མས་ངེས་པར་དུ་སྦྱངས་ནས་འབྲས་བུ་ལོན་དགོས་པའི་ཚད་གཞི་ཅིག་ཡིན། རྒྱ་ཡིག་གི་མིང་། 教学指标 རིག་ཚན། སློབ་གསོ་རིག་པ། ཁོངས། སློབ་ཁྲིད་ཀྱི་དམིགས་ཚད། རིགས། སྐད་ཡིག ཚན་པ། དམའ་འབྲིང་། ལོ་རིམ་དང་པོ། རྨང་གཞིའི་ཤེས་བྱ། ༡ དག་ཆ། སློབ་ཆུང་གི་རྨང་གཞིའི་ཁར་མིང་ཚིག350ཡི་དག་ཆ་གསར་དུ་ཤེས་པ་དང་བེད་སྤྱོད་ཐུབ་པ་དགོས། ༢ ཡིག་གཟུགས། དབུ་མེད་ཀྱི་ཡིག་སྲོལ་དར་ཆེ་བའི་ཁུལ་དུ་ཚུགས་ཐུང་གི་ཡི་གེ་ཚགས་དམ་པོ་དང་། ཆེ་ཆུང་སྙོམ་པོ།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

རྩོམ་འབྲིའི་སློབ་ཁྲིད།

རྩོམ་འབྲིའི་སློབ་ཁྲིད་ནི་སྐད་ཡིག་སློབ་ཁྲིད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། དེའི་ལས་འགན་ནི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། རྩོམ་འབྲིའི་སློབ་ཁྲིད་ཀྱི་དོན་སྙིང་དང་རེ་བ། ལས་འགན་བཅས་ནི་རྩོམ་འབྲིའི་སློབ་ཁྲིད་ཀྱི་མཛུབ་ཁྲིད་བསམ་བློ་ཡིན་ཞིང་། དེ་དག་གིས་རྩོམ་འབྲིའི་སྦྱོང་བརྡར་གྱི་ནང་དོན་དང་རྣམ་པ་སྤྱོད་སྟངས་དང་རྩོམ་འབྲིའི་སློབ་ཁྲིད་བརྒྱུད་རིམ་སོ་སོར་ཚོད་འཛིན་དང་། རྩོམ་འབྲིའི་སློབ་ཁྲིད་ལ་ཞིབ་འཇུག་དང་བསྒྱུར་བཅོས་བྱེད་པར་ཚོད་འཛིན་བྱེད་ཀྱི་ཡོད།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

རྩོམ་ལུས་རྩོམ་འབྲིའི་སྦྱོང་བརྡར།

རྩོམ་ལུས་ནི་རྩོམ་འབྲིའི་ལག་ལེན་ཁྲོད་དུ་གྲུབ་པའི་མཚོན་སྟངས་ཀྱི་རྣམ་པ་དང་དཔེ་གཞི་ཞིག་ཡིན་ཞིང་། རྩོམ་ལུས་སོ་སོའི་རྩོམ་འབྲིའི་སྦྱོང་བརྡར་སྐབས་སོ་སོའི་འགག་རྩའི་མ་ལག་ལ་བསྟུན་ནས་དགེ་རྒན་གྱིས་འགག་རྩ་དག་བཀྲོལ་ནས་འོས་འཚམས་ཀྱིས་ནང་དོན་བཀོད་སྒྲིག་ལེགས་པོ་བྱེད་དགོས། རྒྱ་ཡིག་གི་མིང་། 体裁写作训练 རིག་ཚན། སློབ་གསོ་རིག་པ། ཁོངས། རྩོམ་འབྲི། རིགས། སྐད་ཡིག ཚན་པ། དམའ་འབྲིང་། གནད་འགག གཅིག ཁ་གསལ་འབྲི་དགོས། དུས་ཚོད་ཀྱི་སྔ་ཕྱི་གཞིར་བཟུང་ནས་རྒྱུ་ཆ་བཀོད་སྒྲིག་དང་རྒྱས་བསྡུས་འཚམས་པོའི་སྒོ་ནས་གནས་ཚུལ་གྱི་རྒྱ་རྐྱེན་དང་། བརྒྱུད་རིམ།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

ཧུང་ཡོན་རྫོང་སློབ་འབྲིང་།

ཧུང་ཡོན་རྫོང་སློབ་འབྲིང་ནི་རྒྱལ་གཉེར་གྱི་རྫོང་རིམ་པའི་མཐོ་དམའ་གཉིས་ལྡན་གྱི་སློབ་གྲྭ་ཞིག་ཡིན་ཞིང་། སློབ་གྲྭ་འདི་ནི་སྤྱི་ལོ1965ལོའི་ཟླ8པར་བཙུགས་པ་དང་། སྔར་གྱི་ཧུང་ཡོན་རྫོང་ཆུང་འབྲིང་སློབ་གྲྭ་བྱ་བ་དེ་ཡིན་ལ། རྗེས་ནས་མིང་བསྒྱུར་ནས་ཧུང་ཡོན་རྫོང་སློབ་འབྲིང་ཟེར་བ་རེད། རྒྱ་ཡིག་གི་མིང་། 红原县中学 ཕྱི་ཡིག་གི་མིང་། middle school of hongyuan county བཙུགས་ལོ། སྤྱི་ལོ1965ལོའི་ཟླ8པ། རིགས་དབྱེ། རྒྱལ་གཉེར་གྱི་མཐོ་དམའ་གཉིས་ལྡན་གྱི་སློབ་འབྲིང་།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

རྔ་བ་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ།

རྔ་བ་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནི་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་འཛུགས་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་དང་ཕྱོགས་བསྡུས་རིགས་ཀྱི་ཞིང་ཆེན་པུའུ་རིམ་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་གལ་ཆེན་ཞིག་ཡིན་པ་དང་། རྒྱ་ཁྱོན་ལ་མུའུ420ལྷག་ཡོད་པ་དང་། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི18ཡོད། མའོ་རྫོང་དང་གཟི་ཚ་སྡེ་དགུ་གཉིས་སུ་སློབ་ཁུལ་ཡོད་པ་དང་། མིག་སྔར་དགེ་བཟོ་བ225ཡོད། དེ་ནི་སི་ཁྲོན་ཞིང་ཆེན་ལས་རིགས་སློབ་གསོ་བསྒྱུར་བཅོས་གསར་གཏོད་ཀྱི་སྔོན་ཐོན་ལས་ཁུངས་དང་གྲོང་གསེབ་ངལ་རྩོལ་ནུས་ཤུགས་གནས་སྤོ་བྱས་པའི་གསོ་སྦྱོང་ལྟེ་གནས་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

བསྟོད་བསྔགས།

འདིའི་བསྟོད་བསྔགས་ཞེས་པའི་བརྗོད་བྱའམ་བསྟོད་ཡུལ་ནི་སློབ་མ་ཡིན་ལ། སློབ་མའི་ནང་ནས་ཀྱང་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ལ། མི་གཤིས་ཀྱི་ཀུན་སྤྱོད་བཟང་བ། ད་དུང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེ་བའི་སློབ་བུ་དག་ནི་བསྟོད་བསྔགས་བྱ་ཡུལ་ཡིན། དེས་སློབ་བུ་ཡོངས་ཀྱི་སློབ་སྦྱོང་གི་ཁོར་ཡུག་དང་། སྦྱང་བརྩོན་གྱི་འདུན་པ། འགྲན་སློང་གི་སྙིང་སྟོབས་སོགས་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་ནོ། ། སྡེ། སློབ་གསོ། རིགས། སློབ་གྲྭའི་སློབ་གསོ། ཁྱབ་ཁོངས། ཆུང་འབྲིང་སློབ་མ། བསྟོད་ཡུལ། སློབ་མའི་ཁྲོད་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པ་དང་།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

གཤར་སྦྱོང་ཐབས།

གཤར་སྦྱོང་ཐབས་ཞེས་པ་སློབ་མས་དགེ་རྒན་གྱི་མཛུབ་སྟོན་ལྟར་གཤར་སྦྱོང་བྱས་ཏེ། ཤེས་བྱ་སྲ་བརྟན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན། རྒྱ་ཡིག་གི་མིང་། 练习法 ཕྱི་ཡིག་གི་མིང་། exercise method རིག་ཚན། སེམས་ཁམས་རིག་པ། ངོ་སྤྲོད། གཤར་སྦྱོང་ཐབས་ཞེས་པ་སློབ་མས་དགེ་རྒན་གྱི་མཛུབ་སྟོན་ལྟར་གཤར་སྦྱོང་བྱས་ཏེ། ཤེས་བྱ་སྲ་བརྟན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན། གྲུབ་ཚུལ། གཤར་སྦྱོང་ཐབས་ཀྱི་རྩ་དོན་ནི་སློབ་མས་དགེ་རྒན་གྱི་མཛུབ་ཁྲིད་འོག་ལག་ལེན་རང་བཞིན་གྱི་སློབ་སྦྱོང་ཞིག་ཡིན།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

སློབ་འབྲིང་སློབ་གསོ།

སློབ་འབྲིང་སློབ་གསོ་ནི་སློབ་ཆུང་སློབ་གསོའི་རྒྱུན་མཐུད་པ་དང་མཐོ་རིམ་སློབ་གྲྭ་ཆེན་མོར་ཞུགས་པའམ་ཡང་ན་འབྲིང་རིམ་སློབ་གྲྭ་གཞན་དག་ཏུ་བསྒྱུར་བའི་གྲ་སྒྲིག་གི་དུས་རིམ་ཞིག་ཡིན། གནས་སྐབས་སློབ་རིམ་འཕར་མི་ཐུབ་པའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མས་ལས་ཞུགས་གྲ་སྒྲིག་བྱེད་པའི་སློབ་སྦྱོང་གི་དུས་རིམ་ཡིན། སློབ་འབྲིང་གི་སློབ་གསོའི་ཁ་གཏད་ནི་ལོ་ན11དང་།12ནས17བར།18བར་བཅས་ཀྱི་གཞོན་ནུ་ལོ་ཆུང་ཡིན་ཞིང་། ཁོང་ཚོ་ནི་ལུས་ཁམས་དང་སེམས་ཁམས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་གློ་བུར་དུ་འགྱུར་བའི་ཁ་ཕྱོགས་འགྱུར་མཚམས་སུ་གནས་ཡོད་པས། ཤེས་བྱ་འཐོབ་ཐབས་དང་འཇོན་ཐང་ཆེ་རུ་འགྲོ་བ།

རིགས་དབྱེ།   སློབ་གསོ།དམའ་འབྲིང་སློབ་གསོ།

དམའ་འབྲིང་སློབ་གསོ།  བརྡ་འགྲེལ 22 ཡོད།