གཤར་སྦྱོང་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཤར་སྦྱོང་ཐབས།
གཤར་སྦྱོང་ཐབས་ཞེས་པ་སློབ་མས་དགེ་རྒན་གྱི་མཛུབ་སྟོན་ལྟར་གཤར་སྦྱོང་བྱས་ཏེ། ཤེས་བྱ་སྲ་བརྟན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
练习法
ཕྱི་ཡིག་གི་མིང་།
exercise method
རིག་ཚན།
སེམས་ཁམས་རིག་པ།
1 ​ངོ་སྤྲོད།

གཤར་སྦྱོང་ཐབས་ཞེས་པ་སློབ་མས་དགེ་རྒན་གྱི་མཛུབ་སྟོན་ལྟར་གཤར་སྦྱོང་བྱས་ཏེ། ཤེས་བྱ་སྲ་བརྟན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན།

2 གྲུབ་ཚུལ།

གཤར་སྦྱོང་ཐབས་ཀྱི་རྩ་དོན་ནི་སློབ་མས་དགེ་རྒན་གྱི་མཛུབ་ཁྲིད་འོག་ལག་ལེན་རང་བཞིན་གྱི་སློབ་སྦྱོང་ཞིག་ཡིན།

3 ཁྱད་ཆོས།

གཤར་སྦྱོང་ཐབས་ཀྱི་ཁྱད་ཆོས་ནི་སློབ་མའི་འཕེལ་རྒྱལ་ལ་ཕན་པའི་བྱེད་ཐབས་ཤིག་ཡིན་པ་མ་ཟད། དེས་སློབ་མའི་གཤར་སྦྱོང་ཇི་ལྟར་བྱེད་དགོས་པ་དང་ཤེས་བྱ་མཐོར་འདེགས། ཁྱད་པར་དུ་དགེ་རྒན་གྱི་མཛུབ་ཁྲིད་ལྟར་ཤེས་བྱ་སྤྱི་དང་བྱེ་བྲག་ལ་ཇི་ལྟར་གཤར་སྦྱོང་བྱེད་ཚུལ་གདམས་ཡོད་པས་ཕན་ནུས་ཁྱད་པར་བ་ཐོན་ཡོད་དོ། །

4 དོ་སྣང་བྱེད་ས།

གཅིག གཤར་སྦྱོང་གི་དམིགས་ཡུལ་དང་རེ་འདུན་གསལ་བོ་ཡིན་དགོས། སློབ་མས་ཇི་ལྟར་གཤར་སྦྱོང་བྱེད་དགོས་ཚུལ་ཤེས་སུ་འཇུག་པ་དང་། ཅི་འདྲ་བྱས་ན་གཤར་སྦྱོང་གི་རེ་འབྲས་མངོན་འགྱུར་བྱེད་ཐུབ་ཚུལ་གདམས་ཡོད་པས། སློབ་མའི་གཤར་སྦྱོང་གི་རང་རྟོགས་དང་། བརྩོན་སེམས་གོང་སྤེལ་གྱིས་ཡིག་རྨོངས་སེལ་བར་བྱེད་པའི་ཐབས་ལེགས་པོ་ཞིག་ཡིན།

གཉིས། འགོ་ཁྲིད་ཀྱིས་གཤར་སྦྱོང་གི་ཐབས་ཡང་དག་ལག་བསྟར་བྱེད་དགོས། དགེ་རྒན་གྱིས་གཤར་སྦྱོང་མ་བྱས་སྔོན་དུ་གསལ་འདེབས་དང་གཤར་སྦྱོང་གི་ཁ་ཕྱོགས་གསལ་བོར་བསྟན་ནས། སློབ་མར་ཐབས་ཤེས་ཁོང་དུ་ཆུད་པར་བྱས་ནས་གཤར་སྦྱོང་གི་བྱེད་ནུས་མཐོ་རུ་གཏོང་དགོས།

གསུམ། གཤར་སྦྱོང་གི་གོ་རིམ་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས། སྦྱོང་བརྡར་གང་ཞིག་ཡིན་རུང་སློབ་མའི་བསམ་གཞིགས་ཀྱི་ཧུར་བརྩོན་རང་བཞིན་དགོས། གཤར་སྦྱོང་རྒྱུ་ཆ་ཁ་ཤས་ཀྱིས་གཤར་སྦྱོང་བྱེད་ཐབས་ཡོངས་རྫོགས་སྤྱད་ཆོག་པ་དང་། སྦྱོང་བརྡར་གྱི་རྒྱུ་ཆ་ལ་ལར་སྦྱོང་བརྡར་གྱི་ཐབས་སྤྱད་ཆོག་སྟེ། སྦྱོང་བརྡར་འགོ་ཚུགས་སྐབས་དགེ་རྒན་གྱིས་འགྲེལ་བཤད་དང་དཔེ་སྟོན་བྱས་པ་བརྒྱུད་སློབ་མར་འབྲེལ་ཡོད་སྦྱོང་བརྡར་གྱི་བྱེད་ཐབས་དང་བྱ་སྤྱོད་དངོས་ཀྱི་མངོན་ཚུལ་གསལ་པོ་ཞིག་ཐོབ་པ་དང་། དེ་ནས་སློབ་མས་སྦྱོང་བརྡར་བྱས་ཏེ་སྔོན་ལ་ཡང་དག་པ་དང་། དེ་ནས་བྱང་དུ་ཆུབ་པར་བརྩོན་དགོས། སྦྱོང་བརྡར་བྱེད་སྟངས་འོས་འཚམ་གྱི་སྣ་མང་ཅན་དུ་བསྒྱུར་ནས། སློབ་མའི་སྦྱོང་བརྡར་གྱི་སྤྲོ་སྣང་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། 

བཞི། སྦྱོང་བརྡར་གྱི་ལྗིད་ཚད་དང་ཐེངས་གྲངས། དུས་ཚོད་བཅས་འོས་འཚམ་གྱིས་བགོ་དགོས། རྩལ་ནུས་དང་ལག་རྩལ། གོམས་སྲོལ་བཅས་ཆགས་པར་སྦྱོང་བརྡར་འདང་ངེས་ཤིག་བྱ་དགོས། འོན་ཀྱང་། སྦྱོང་བརྡར་གྱི་ལྗིད་ཚད་དང་ཐེངས་གྲངས་དེ་རིག་ཚན་གྱི་ངོ་བོ་དང་། སྦྱོང་བརྡར་གྱི་རྒྱུ་ཆ། སློབ་མའི་ཁྱད་ཆོས་བཅས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པ་ལས། ཇི་ལྟར་མང་ན་དེ་ལྟར་བཟང་བ་ཞིག་མིན།    

ལྔ། སྦྱོང་བརྡར་གྱི་མཇུག་འབྲས་ལ་རྒྱུས་ལོན་བྱེད་པ། སྦྱོང་བརྡར་ཐེངས་རེ་བྱས་རྗེས། ཕྱོགས་གང་དག་ལ་གྲུབ་འབྲས་ཡོད་པ་དང་། ཕྱོགས་གང་དག་ལ་སྐྱོན་ནམ་ནོར་འཁྲུལ་ཡོད་པ། དགོས་ངེས་དང་དམིགས་ཡུལ་དང་མཐུན་པའི་འགུལ་སྟངས་སོར་ཉར་བྱེད་པ། འགུལ་སྐྱོད་ལྷག་མ་དོར་བའམ་ཡང་ན་དག་བཅོས་རང་བཞིན་གྱི་སྦྱོང་བརྡར་སྒྲིག་འཛུགས་བྱེད་དགོས། སློབ་ཕྲུག་ལ་གནས་ཚུལ་ཁྱད་པར་བ་བྱུང་སྐབས་ལུས་ཁམས་ཀྱི་ཚད་གཞི་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད། དགེ་རྒན་གྱིས་སློབ་མའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་རོགས་བྱས་ཏེ་ཁོང་ཚོར་བྱེད་སྒོའི་གྲུབ་ཆ་རྙིང་པ་འགྱུར་ལྡོག་གཏོང་རོགས་དང་བྱ་ཐབས་གསར་པ་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་པ་དང་འབྲེལ་ཁོང་ཚོའི་ཡིད་ཆེས་ཆེ་རུ་བཏང་ནས་ཁོང་ཚོར་ས་མཐོའི་རྣམ་པ་ལས་བརྒལ་ཏེ་ཡར་རྒྱས་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་ལྕག་སྐུལ་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-22

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།