སྦྱོང་ཐབས་མཛུབ་ཁྲིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྦྱོང་ཐབས་མཛུབ་ཁྲིད།
སློབ་འབྲིང་སློབ་མར་སྐད་ཡིག་སྦྱོང་ཐབས་མཛུབ་ཁྲིད་བྱ་རྒྱུ་དེ་སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་འབྲེལ་བ་ཡོད་པ་མ་ཟད་སློབ་མས་སྐད་ཡིག་སློབ་སྦྱོང་བྱེད་པའི་ཁྱབ་ཁོངས་ཚང་མའི་ནང་ཁྱབ་པ་ཞིག་ཡིན། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་རིམ་པ་མི་འདྲ་བ་དང་། ཐབས་ཤེས་མི་འདྲ་བ། ཚད་གཞི་དང་ཐབས་ལམ་མི་འདྲ་བའི་ཐོག་ནས་མཛུབ་ཁྲིད་བྱ་རྒྱུ་དང་སློབ་མ་རང་ཉིད་ནས་ཀྱང་རྒྱུན་ཆད་མེད་པར་ལག་ལེན་དངོས་བརྒྱུད་སློབ་འབྲིང་གི་དུས་སྐབས་སུ་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་སྐད་ཡིག་སྦྱོང་ཐབས་ཤིག་ཁོང་དུ་ཆུད་པ་བྱས་ཏེ་སྐད་ཡིག་རང་སྦྱོང་བྱེད་པའི་ནུས་པ་གོང་མཐོར་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学习方法指导
རིག་ཚན།
སློབ་གསོ་རིག་པ།
ཁོངས།
སློབ་སྦྱོང་བྱེད་ཐབས།
རིགས།
སྐད་ཡིག
ཚན་པ།
དམའ་འབྲིང་།
1 ངོ་སྤྲོད།

གཅིག སློབ་མར་ཡང་དག་པའི་སྒོ་ནས་སྤྱིར་བཏང་གི་བསམ་བློའི་ཐབས་ཤེས་ཁོང་དུ་ཆུད་པ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། དང་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་རྣམ་བཤད་དང་དངོས་གཙོའི་རྩོད་སྒྲུབ་རིག་པའི་བསམ་བློའི་ཐབས་ཤེས་སྤྱོད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་རྣམ་བཤད་དང་དངོས་གཙོའི་རྩོད་སྒྲུབ་རིག་པ་ནི་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་ཡིན་པ་མ་ཟད་བརྟག་ཐབས་སྨྲ་བའི་ཚན་རིག་དང་མཐུན་པའི་ཐབས་ཤེས་ཤིག་ཀྱང་ཡིན། དེས་ན་སློབ་མར་ཡང་དག་པའི་བསམ་བློའི་ལྟ་ཚུལ་དང་བསམ་བློའི་ཐབས་ཤེས་འཛུགས་རྒྱུར་མཛུབ་ཁྲིད་བྱེད་དགོས། ཡང་དག་པའི་བསམ་བློའི་ཐབས་ཤེས་སྐྱེད་བསྲིང་ཐུབ་ན་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐབས་ཤེས་དེ་ཚན་རིག་དང་། མཚན་ཉིད་རིག་པའི་རྨང་གཞིའི་ཐོག་འཛུགས་ཐུབ།

གཉིས། ཡང་དག་པའི་སྒོ་ནས་སྤྱིར་བཏང་གི་སློབ་སྦྱོང་ཐབས་ཤེས་ཁོང་དུ་ཆུད་པ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དེ་ཤེས་བྱ་དང་ཁ་བྲལ་ཐབས་མེད། མིའི་རིགས་ཀྱིས་རྒྱུན་དུ་མེས་པོས་གསོག་འཇོག་བྱས་པའི་ཤེས་བྱ་སྦྱོང་བའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ་མི་རབས་ནས་མི་རབས་བར་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་ཉམས་མྱོང་དང་ཐབས་ཤེས་ཕུན་སུམ་ཚོགས་པོ་ཞིག་གསོག་འཇོག་བྱས་ཡོད། སློབ་སྦྱོང་གི་ཐབས་ཤེས་སྤྱིར་བཏང་དེ་དག་སྤྱད་ནས་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་ནི་སློབ་སྦྱོང་གི་ཐབས་ཤེས་ཁོང་དུ་ཆུད་པ་བྱེད་པའི་གལ་ཆེའི་གདན་དོན་ཅིག་ཡིན། ཐབས་ཤེས་འདི་དག་རིག་ཚན་གཞན་དག་ཚང་མར་བེད་སྤྱོད་བྱེད་ཆོག་ལ་སྐད་ཡིག་སློབ་སྦྱོང་བྱེད་སྐབས་ཀྱང་བེད་སྤྱོད་བྱེད་ཆོག་པ་ཞིག་ཡིན། བྱེད་ཐབས་ལ། ༡ གོམས་པ་རིམ་བགྲོད་ཀྱིས་ཡར་རྒྱས་དང་དུས་ཐུང་ནང་ཡར་རྒྱས་ཡོང་བ་བྱེད་པའི་ཐབས་ཤེས། ༢ གསར་རྙིང་འབྲེལ་བ་བྱས་ཏེ་རྙིང་པ་སྦྱངས་ནས་གསར་པ་ཤེས་པ་བྱེད་པའི་ཐབས་ཤེས། ༣ སློབ་སྦྱོང་དང་བསམ་གཞིགས་བྱ་རྒྱུ་ཟུང་འབྲེལ་དང་། ཀླད་པ་དང་ལག་པ་མཉམ་སྤྱོད་ཀྱི་ཐབས་ཤེས། ༤ ལད་མོ་ནས་གསར་གཏོད་དང་མངོན་སུམ་ནས་རྗེས་དཔག་ཕྱོགས་ལ་འཁྲིད་པའི་ཐབས་ཤེས། ༥ རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ཐབས་ཤེས།

གསུམ། སློབ་མས་ཡང་དག་པའི་སྒོ་ནས་སྤྱིར་བཏང་གི་སྐད་ཡིག་སྦྱོང་ཐབས་ཁོང་དུ་ཆུད་རྒྱུར་མཛུབ་ཁྲིད་བྱེད་དགོས། རིག་ཚན་གྱི་ངོ་བོ་དང་སྐད་ཡིག་རང་ངོས་ཀྱི་ཁྱད་ཆོས་ལ་བལྟས་ན་སློབ་ཚན་གཞན་དང་མི་འདྲ་བའི་སློབ་སྦྱོང་བྱེད་ཐབས་ཡོད། སྐད་ཡིག་སློབ་སྦྱོང་བྱེད་སྐབས་སྤྱིར་བཏང་གི་བསམ་བློའི་ཐབས་ཤེས་ཁོང་དུ་ཆུད་དགོས་ཁར་སྐད་ཡིག་རང་ངོས་ཀྱི་སློབ་སྦྱོང་ཐབས་ཤེས་ཁོང་དུ་ཆུད་པ་བྱེད་དགོས། སྐད་ཡིག་སློབ་སྦྱོང་བྱ་ཐབས་དེ་སྐད་ཡིག་རིག་ཚན་གྱི་ངོ་བོ་དང་སྐད་ཡིག་སློབ་ཁྲིད་ཀྱི་ཁྱད་ཆོས་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན་ལ། སྡོམ་ཚིག་ལ། ༡ གལ་ཆེ་ཤོས་ནི་སློབ་མ་རང་ཉིད་ཀྱིས་སྐད་ཡིག་རིག་པ་དང་འཚོ་བར་འཛིན་པའི་ཚོར་སྣང་དེ་ཡིན། ༢ སློབ་མ་རང་ཉིད་ཀྱིས་ཡང་ཡང་ལག་ལེན་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། ༣ སློབ་མས་རྒྱུན་དུ་གསོག་འཇོག་དང་བསྐྱར་སྦྱོང་། ཕྱོགས་བསྡོམས་བྱེད་དགོས།

བཞི། སྐད་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་སློབ་མས་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐབས་ཤེས་ཁོང་དུ་ཆུད་རྒྱུར་མཛུབ་ཁྲིད་བྱེད་དགོས། བྱེད་ཐབས་ལ། 

སྔོན་སྦྱོང་གི་ཐབས་ཤེས། སློབ་འབྲིང་དུས་སྐབས་ཀྱི་སྔོན་སྦྱོང་།
དེབ་གཅིག་གི་སྔོན་སྦྱོང་།
ལེ་ཚན་རེ་རེའི་སྔོན་སྦྱོང་།
སློབ་ཚན་གཅིག་གི་སྔོན་སྦྱོང་།
སློབ་ཚན་ཉན་པའི་ཐབས་ཤེས། སློབ་སྦྱོང་གི་ཡོ་ཆས་གྲ་སྒྲིག་བྱེད་པ།
བསམ་བློའི་གྲ་སྒྲིག་ཡག་པོ་བྱེད་པ།
ཉན་པ་དང་ངེས་པའི་ཐབས་ཤེས། བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ།
ཟིན་བྲིས་ལེགས་པོ་འབྲི་བ།
བློ་རྩེ་གཅིག་སྒྲིམ་གྱིས་བསམ་བློ་གཏོང་བ།
བསྐྱར་སྦྱོང་བྱས་ནས་སྲ་བརྟན་གཏོང་བ། ཆད་པ་ཁ་གསབ་བྱ་དགོས།
གོ་བ་སྲ་བརྟན་གཏོང་དགོས།
ཕན་ཚུན་འབྲེལ་མཐུད་བྱེད་དགོས།
རིག་པ་དྭངས་གསལ་གྱིས་བློ་ལ་ངེས་པ།
བེད་སྤྱོད་བྱེད་ཐབས། སྔོན་ལ་བསྐྱར་སྦྱོང་དང་དེ་ནས་ལན་འདེབས་དགོས།
ནན་ཏན་གྱིས་འདྲི་གཞི་ལྟ་ཞིབ་བྱེད་དགོས།
ལན་རྒྱག་ཐབས་སྣ་ཚོགས་འཚོལ་དགོས།
དྲི་ལན་ལ་ཞིབ་དཔྱོད་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།