སློབ་ཁྲིད་ལ་ཉན་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་ཁྲིད་ལ་ཉན་ཐབས།
སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་དམན་ནི་སློབ་ཚན་ཚོགས་ཐུན་ནང་སློབ་མས་ལུས་ངག་ཡིད་གསུམ་བཀོལ་ནས་སློབ་ཁྲིད་ཉན་མིན་ལ་ཐུག་ཡོད། དེ་ཡང་སློབ་ཚན་ཚོགས་ཐུན་གཅིག་ནང་སྤུས་ཚད་ལྡན་པའི་སློབ་ཁྲིད་ཅིག་ཉན་དགོས་ན། དང་ཐོག་སློབ་མ་རང་ཉིད་ཀྱི་སེམས་དྲི་མ་དང་བྲལ་ཞིང་། རྣ་བ་གཏོད་པ། མིག་རྩ་གྲུང་པོ། སུག་འབྲི་འབྱོར་པོ། སྨྲ་ནུས་ལྡན་པ་བཅས་ཀྱི་རྨང་གཞིའི་སྟེང་སློབ་ཚན་ཧྲིལ་པོའི་ནང་བསམ་ཞིབ་ནན་ཏན་དགོས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སློབ་ཁྲིད་ལ་ཉན་ཐབས།
སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
1 ངོ་སྤྲོད། 

སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་དམན་ནི་སློབ་ཚན་ཚོགས་ཐུན་ནང་སློབ་མས་ལུས་ངག་ཡིད་གསུམ་བཀོལ་ནས་སློབ་ཁྲིད་ཉན་མིན་ལ་ཐུག་ཡོད། དེ་ཡང་སློབ་ཚན་ཚོགས་ཐུན་གཅིག་ནང་སྤུས་ཚད་ལྡན་པའི་སློབ་ཁྲིད་ཅིག་ཉན་དགོས་ན། དང་ཐོག་སློབ་མ་རང་ཉིད་ཀྱི་སེམས་དྲི་མ་དང་བྲལ་ཞིང་། རྣ་བ་གཏོད་པ། མིག་རྩ་གྲུང་པོ། སུག་འབྲི་འབྱོར་པོ། སྨྲ་ནུས་ལྡན་པ་བཅས་ཀྱི་རྨང་གཞིའི་སྟེང་སློབ་ཚན་ཧྲིལ་པོའི་ནང་བསམ་ཞིབ་ནན་ཏན་དགོས་པ་གལ་ཆེར་སེམས།

2 ཉན་ཐབས། 


2_1 བློ་རྩེ་གཅིག་སྒྲིམ།

གཞུང་ལས། རབ་ཏུ་དམའ་བའི་བསྟན་ལ་འདུག དུལ་བའི་དཔལ་ནི་རྣམ་པར་སྐྱེད། ཚིག་གི་བདུད་རྩི་འཐུང་བཞིན་དུ། རིམ་གྲོ་སྐྱེད་དེ་རབ་ཉོན་ཅིག་ཅེས་གསུངས་པ་ལྟར་སློབ་ཚན་ཉན་སྐབས་དང་ཐོག་སེམས་ནང་ཞེ་སྡང་དང་། ང་རྒྱལ། ཕྲ་དོག་སོགས་ཀྱི་སྐྱོན་དང་དྲི་མས་མ་འགོས་པར་སེམས་རྣལ་དུ་ཕབ་སྟེ་ཉན་དགོས་པའི་རྨང་གཞིའི་ཐོག་སློབ་ཚན་ཉན་སྐབས་དོན་མེད་ཀྱི་གཏམ་ཤབ་ཤུབ་སྨྲ་བའི་ངག་མ་གུས་པ་དང་། ཕར་ལྟ་ཚུར་ལྟ་དང་རྐང་བརྐྱངས་ལག་བརྐྱངས་བྱེད་པའི་ལུས་མ་གུས་པ། དགེ་རྒན་ལ་མ་གུས་མ་དད་དང་ཤེས་བྱ་ལ་མ་དགའ་བའི་ཡིད་མ་གུས་པའི་སྐྱོན་རྣམས་སྤངས་ནས་སྒོ་གསུམ་གུས་པ་ཆེན་པོས་སློབ་ཁྲིད་ཉན་གྱིན་དུ་བསམ་ཞིབ་བྱེད་དགོས་པ་ཡིན་ནོ། །

2_2 རྣ་བ་མ་གཡེང་པ།

སློབ་ཚན་ཉན་སྐབས་རྣ་བ་ཕྱི་རོལ་ཡུལ་ལ་མ་གཡེང་པར་ཉན་ནས་རང་རྒྱུད་ལ་ཐོས་པ་གསོག་དགོས་ཏེ། སློབ་ཚན་ཉན་བཞིན་དུ་བསམ་ཞིབ་བྱས་ཏེ་ཤེས་བྱ་རྣམས་བློ་ཡི་བང་མཛོད་ནང་བསྡུ་ལེན་གསོག་འཇོག་བྱེད་དགོས། ཉན་པ་ཙམ་ལས་དོན་གནད་ལ་བསམ་བློ་མ་བཏང་ན་སློབ་ཚན་གྱི་གཙོ་གནད་དང་དཀའ་གནད་འཛིན་མ་ཐུབ་པར་ཚོགས་ཐུན་དེའི་འོས་འགན་ལེགས་སྒྲུབ་བྱེད་མི་ཐུབ། དེར་བརྟེན་རྣ་བ་དགེ་རྒན་ལ་ཕྱོགས་ནས་རི་དྭགས་སྒྲ་ལ་གཡེང་པ་ལྟར་བསམ་གཏན་གྱིས་ཉན་དགོས།

2_3 མིག་རྩ་གྲུང་པོ།

སློབ་ཚན་ཚོགས་སྐབས་རང་ཉིད་གཉིད་དང་རྨུག་པར་མ་ཤོར་བར་འདྲེན་བྱེད་དང་སྣང་བའི་ཡུལ་དེ་དགེ་རྒན་ལ་ཕྱོགས་པ་དང་། ནག་པང་ལ་ཕྱོགས་པ། དཔེ་དེབ་ལ་ཕྱོགས་པ་བཅས་རིག་པ་བྱིངས་རྒོད་དུ་མ་བཏང་བར་མིག་རྩ་གྲུང་པོས་སྦྱང་བྱའི་ཤེས་བྱ་རྣམ་གཅིག་འཇུག་གཉིས་མཐུད་ཀྱིས་རང་གི་བློ་ཡུལ་དུ་འདྲེན་པ་དང་གསོག་འཇོག་བྱེད་དགོས།

2_4 སུག་འབྲི་འབྱོར་བ། 

སུག་འབྲི་འབྱོར་བ་ཞེས་པ་ནི་སྦྱང་བྱའི་ཤེས་བྱ་དེ་དག་མིག་གིས་ལྟ་བ་དང་། རྣ་བས་ཉན་པའི་རྨང་གཞིའི་ཐོག་སྨྱུག་རྩེ་སྒུལ་ཏེ་དཔེ་ཁྲིད་ཉན་པའི་ཟིན་ཐོ་འབྲི་རྒྱུ་དེ་ཡིན། སློབ་ཆུང་སྐབས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སློབ་མར་ཟིན་ཐོ་འགོད་པའི་དུས་ཚོད་ངེས་ཅན་ལོགས་སུ་སྤྲོད་པ་དང་། དེ་རྗེས་རིམ་བཞིན་སློབ་མ་རང་རང་སོ་སོས་འབྲི་ནུས་སྦྱོང་བརྡར་སྤྲས་ཏེ་དགེ་རྒན་གྱི་བྲིས་པ་དང་བཤད་པའི་དཀའ་གནད་དང་གཙོ་བོའི་སྙིང་དོན་རྣམས་ཆད་ལུས་མེད་པར་དེའི་རྗེས་དང་མཐུན་པར་གནད་བསྡུས་ཟིན་བྲིས་ཐུབ་པ་བྱ་རྒྱུ་དེ་རེད།

2_5 སྨྲ་ནུས་ལྡན་པ། 

སློབ་ཚན་ཚོགས་ཐུན་དེའི་ནང་སློབ་མས་བློ་ཁོག་ཆེན་པོས་དགེ་རྒན་དང་ཕན་ཚུན་བགྲོ་གླེང་གི་རྣམ་པའི་ཐོག་ནས་བསམ་བློ་བརྗེ་རེས་དང་དྲི་བ་འདོན་རེས་སོགས་བྱས་ཏེ་སློབ་ཚན་ནང་གི་དཀའ་གནད་དང་དོགས་གནད་སེལ་དཀྲོལ་བྱེད་པ་དང་། དགེ་རྒན་དང་སློབ་གྲོགས་ལ་དོགས་སློང་མང་ཙམ་བྱས་ནས་རང་རྒྱུད་ལ་བསམ་ཕོད་པ་དང་ཤོད་ཕོད་པའི་གོམས་གཤིས་བཟང་པོ་གསོ་སྐྱོང་དགོས་པ་དེ་ཡིན། གོང་གསལ་གྱི་ཐབས་ཤེས་དེ་དག་སློབ་མས་སློབ་ཚན་ཉན་པའི་བརྒྱུད་རིམ་གྱི་དུས་ཅིག་ཅར་ནང་སྤྱད་ན་གོ་ཤེས་ཀྱི་ནུས་པ་ཆེན་པོ་ཐོན་ཏེ་སྦྱང་བྱའི་རིག་ཚན་གང་ཡིན་པ་དེ་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་བསམ་འདུན་སྒྲུབ་ངེས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།