ཡོངས་འཛིན་རིག་མཛོད། >སློབ་གསོ། >དགོན་སྡེའི་སློབ་གསོ།

སློབ་ཁྲིད།

དགེ་རྒན་གྱིས་སློབ་ཚན་ཁྲིད་པ་དང་སློབ་མས་སློབ་ཚན་ཉན་པའི་ཐུན་མོང་གི་འགུལ་སྐྱོད་ཅིག་ཡིན།

རིགས་དབྱེ།  

སློབ་དེབ།

སློབ་མའི་གནས་ཚད་རབ་འབྲིང་ཐ་གསུམ་གྱི་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས་རྒྱས་བསྡུས་འབྲིང་གསུམ་དུ་བཟོས་པའི་སློབ་ཁྲིད་ཡིག་ཆ་ཞིག

རིགས་དབྱེ།  

སློབ་སྦྱོང་སྔོན་གྱི་སློབ་གསོ།

བོད་ཀྱི་སློབ་གསོའི་ལམ་ལུགས་ཐོག་གཞུང་ཆེན་མོ་ལྔ་དང་རིག་གནས་སློབ་སྦྱོང་མ་བྱས་གོང་དུ་སློབ་གཉེར་གྱི་རྨང་གཞི་འདིང་བའི་སློབ་གསོ་ཡོད།

རིགས་དབྱེ།  

འཛིན་གྲྭ།

སློབ་གྲྭའི་ཆེས་གཞི་རྩའི་སྡེ་ཁག་ཡིན་ལ། འཛིན་གྲྭའི་སློབ་ཁྲིད་ནི་དེང་རབས་ཀྱི་སློབ་གསོའི་རྣམ་པའི་ཚབ་བྱེད་རང་བཞིན་ཅན་ཡིན། འཛིན་གྲྭ་གཅིག་ལ་རྒྱུན་ལྡན་དུ་དགེ་རྒན་གཅིག་དང་ཡང་ན་རིག་ཚན་མི་གཅིག་པའི་དགེ་རྒན་དང་སློབ་མ་མང་པོ་ཞིག་ལས་གྲུབ་པ་ཡིན་ལ། སློབ་གྲྭའི་སློབ་གསོའི་ནུས་པ་གཙོ་བོ་དེ་ཡང་འཛིན་གྲྭའི་བྱ་འགུལ་ཁྲོད་མངོན་འགྱུར་བྱས་པ་ཡིན།

རིགས་དབྱེ།  

རྒྱུགས་ལེན།

སློབ་སྦྱོང་བྱས་ནས་དུས་ཡུན་གང་འཚམས་སོང་རྗེས་སྦྱངས་འབྲས་ཆེ་ཆུང་གི་གནས་ཚུལ་རྟོག་ཞིབ་བྱས་པ་ལ་ཟེར་ཞིང་། དེ་ལ་ནང་གསེས་ཀྱི་ཕྱེ་ན་ཚིག་རྒྱུགས་དང་། དོན་རྒྱུགས། རྩོམ་རྒྱུགས། ཡིག་རྒྱུགས་བཅས་ཡོད།

རིགས་དབྱེ།  

འཚོ་བའི་མཐུན་རྐྱེན།

སློབ་གཉེར་བ་རྣམས་ལ་དགོས་ངེས་ཀྱི་སྡོད་ཁང་དང་། ཟས་གོས། དཀར་གསལ་བཞུ་མར་སོགས་ལ་ཟེར།

རིགས་དབྱེ།  

སློབ་གསེང་དགུང་གསེང་།

སློབ་སྦྱོང་གི་དུས་ཡུན་རིང་ཙམ་སོང་ཚེ་ངལ་གསོའི་དུས་ཚོད་འོས་འཚམས་ཤིག་འཇོག་པ་ལ་ཟེར།

རིགས་དབྱེ།  

སློབ་གསོའི་འགྲོ་གྲོན།

གཞུང་བཙུགས་དང་སྒེར་བཙུགས་སློབ་གྲྭ་སོ་སོས་སློབ་གསོའི་ཆེད་དུ་གཏོང་བའི་གྲོན་དངུལ་ལ་ཟེར།

རིགས་དབྱེ།  

སློབ་ཡོན།

སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་མཁན་དགེ་རྒན་ལ་སྲིད་གཞུང་དང་སྒེར་ནས་སྐུ་ཡོན་གྲངས་ཚད་ངེས་ཅན་ཞིག་འབུལ་བ་ལ་ཟེར།

རིགས་དབྱེ།  

སློབ་མ་སྣོད་རུང་།

དགེ་བའི་བཤེས་གཉེན་གྱི་ཞལ་ནས། ཆོས་གང་ལ་ཉན་བཤད་བྱེད་པའི་སྔོན་དུ་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་སྤངས་ཏེ། བསམ་པ་དད་གུས་དང་ལྡན་པ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ལ་ཆོས་ཉན་དགོས་གསུང་།

རིགས་དབྱེ།  

དད་པ།

ཡིད་ཆེས་པའི་བསམ་པའི་མིང་སྟེ། སློབ་སྦྱོང་བྱེད་དུས་དེ་ལ་ཡིད་ཆེས་པ་དང་དགའ་བ། སྤྲོ་བ། སྙིང་ནས་འདོད་པ་སོགས་ཀྱི་དོན་ལ་གོ་དགོས། དེ་ལ་དང་བའི་དད་པ་དང་འདོད་པའི་དད་པ། ཡིད་ཆེས་པའི་དད་པ། ཕྱིར་མི་ལྡོག་པའི་དད་པའོ། །

རིགས་དབྱེ།  

གུས་པར་བྱ་བ།

ཆོས་བྱེད་པ་ལ་དད་པ་གལ་ཆེ། ཆོས་སྔ་ན་དད་པ་བཙུན་བྱ་བ་ཡིན་གསུང་། དེ་ལྟར་དད་པ་དང་ལྡན་པས་ཆོས་དང་བླ་མ་ལ་གུས་པར་བྱ་བ་ཡིན་ཏེ། དེ་ལ་ལུས་གུས་པ། ངག་གུས་པ། ཡིད་གུས་པའོ།།

རིགས་དབྱེ།  

ཆོས་ལ་འཇུག་པའི་སྒོ།

བདེ་བར་གཤེགས་པའི་ཆོས་ལ་ཇི་ལྟར་འཇུག་ཅིང་རྟོགས་པར་བྱ་ཞེས་རྣམ་པར་རྟོག་པ་གཉིས་ལ་འཇུག་གོ།། ཆོས་ལ་གསུམ་དང་བཤེས་གཉེན་དང་།། ཐོས་པ་དང་ནི་ཕན་ཡོན་དང་།། ཐེ་ཚོམ་བསལ་བ་རྣམ་པ་ལྔ།། ཆོས་འདི་པ་ཡི་འཇུག་པའི་སྒོ།། དང་པོ་ལ་གསུམ་སྟེ། དགོས་པ་དང་། དབྱེ་བ་དང་། གོ་རིམ་མོ།།

རིགས་དབྱེ།  

འཆད་པ།

འཆད་བྱེད་བཤད་པར་བྱ་བའི་ཡུལ།། བཤད་པར་བྱ་བ་རྣམ་པ་གསུམ།། འཆད་པར་བྱེད་པ་སློབ་དཔོན་དང་།། བཤད་པར་བྱ་བའི་ཡུལ་སློབ་མ།། བཤད་པར་བྱ་བའི་ཆོས་དང་། སངས་རྒྱས་ཀྱི་བསྟན་པ་ལ་བཤད་ཉན་བྱེད་དགོས་ལ་བསྟན་པའི་ངོས་འཛིན་ནི། འོད་ལྡན་ནས། བསླབ་པ་གསུམ་ནི་རབ་སྟོན་ཅིང་།། ཕྱག་རྒྱ་གསུམ་དང་ཡང་དག་ལྡན།། ཐོག་མ་བར་དང་མཐར་དགེ་བ།། སངས་རྒྱས་གསུང་དུ་མཁས་པས་རྟོགས།། ཞེས་བསྒྲུབ་བྱ་བསླབ་པ་གསུམ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་གསུམ་སྟེ། ཆོས་ཐམས་ཅད་བདག་མེད། འདུས་བྱས་ཐམས་ཅད་མི་རྟག ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་སྟེ་གསུམ་སྟོན་ཅིང་ངོ་བོ་ཐོག་མཐར་བར་གསུམ་དུ་དགེ་བ་ལ་བཤད་དོ།།

རིགས་དབྱེ།  

ཉན་པ་ལ་འཇུག་ཚུལ།

རྣ་བས་འཛིན་པའི་དོན་ཏེ། སློབ་དཔོན་གྱིས་གསུངས་པའི་ཆོས་ཇི་བཞིན་དུ་རྣ་བས་ཇི་ལྟར་ཉན་པ་ལ་འཇུག་པའི་དོན།

རིགས་དབྱེ།  

བཤེས་གཉེན་བསྟེན་ཚུལ།

སྙིང་བོ་ངེས་པར་བསྡུ་བ་ལས། རིགས་ལ་གནས་པའི་གང་ཟག་དེས།། བཤེས་གཉེན་དམ་པ་བསྟེན་བྱས་ལ།། ཞེས་དང་། པོ་ཏོ་བའི་གསུང་སྒྲོས་དོལ་བུ་བས་བསྒྲིགས་པ་ལས་ཀྱང་། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི།། བཤེས་གཉེན་དམ་པ་མི་བཏང་བ་ཡིན།། ཞེས་འབྱུང་བ་ལྟར། རིགས་པ་ལ་སྦྱངས་བའི་དུས་སུ་བཤེས་གཉེན་བསྟེན་པའི་ཚུལ་བཤད་པར་གོ།

རིགས་དབྱེ།  

རྩོམ་པ་པོའི་ཡོན་ཏན།

བསྟན་བཅོས་རྩོམ་པ་ལ་རྩོམ་པ་པོར་སེམས་ཀྱི་ཀུན་སློང་དང་ལུས་ཀྱི་སྤྱོད་པ། བསྟན་བཅོས་རྩོམ་པའི་དགོས་པ་སོགས་ཚང་དགོས་པར་གོ།

རིགས་དབྱེ།  

བསྟན་བཅོས་ཀྱི་དབྱེ་བ།

བསྟན་བཅོས་ལ་ཡང་འཇིག་རྟེན་མི་ཆོས་དང་ལྷ་ཆོས་སོགས་གཙོ་བྱས། མིའི་ཀུན་སྤྱོད་དང་སློབ་སྦྱོང་བྱེད་ཐབས། ཕ་མར་བཀུར་བསྟི། དགེ་རྒན་དང་ཕ་མའི་དྲིན་ལན་མཇལ་བ་སོགས་ཀྱི་རིགས་མང་པོ་ཡོད་པ་ལ་གོ།

རིགས་དབྱེ།  

རྩོམ་པའི་ཚུལ།

བསྟན་བཅོས་རྩོམ་པའི་ཚུལ་ལ་བསྟན་བཅོས་རྩོམ་པའི་སྔོན་འགྲོ་དང་རྩོམ་ཚུལ་དངོས། བརྩམས་པའི་ཕན་ཡོན་སོགས་རིམ་པ་བཞིན་གྱི་འབྲི་ཚུལ་ལ་གོ།

རིགས་དབྱེ།  

བསམ་ཡས་སྒྲ་སྒྱུར་གླིང་།

ཐོག་མར་དུས་རབས་བརྒྱད་པའི་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་རྗེས་བོད་མིས་ཆོས་ཁྲིམས་སྲུང་ཐུབ་དང་མི་ཐུབ་བརྟག་པའི་ཆེད་དུ་སད་མི་བདུན་རབ་ཏུ་བྱུང་ནས་བསམ་ཡས་སུ་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡིག་བསྒྱུར་ཁང་བཙུགས་པ་ནི་བོད་དུ་ཡིག་བསྒྱུར་གྱི་ཆེད་ལས་འཛུགས་པའི་ཐོག་མ་ཡིན།

རིགས་དབྱེ།  

སྨན་པའི་སློབ་གྲྭ།

གཡུ་ཐོག་ཡོན་ཏན་མགོན་པོས་རང་ཉིད་སྒེར་གྱི་གཉེར་བའི་བསྐོར་བསྐྱོད་སྨན་པའི་སློབ་གྲྭ་བཙུགས་པ་ནི་སྨན་པའི་སློབ་གྲྭ་དང་སྒེར་བཙུགས་སློབ་གྲྭའི་ཐོག་མ་ཡིན།

རིགས་དབྱེ།  

རིག་གནས་སློབ་སྦྱོང་།

བོད་ལྗོངས་སུ་རིག་གནས་སློབ་སྦྱོང་ཐད་ལ་ཐོག་མར་གསོ་བ་རིག་པ་དང་། སྒྲ་རིག་པ་གཉིས་ལ་སློབ་སྦྱོང་བྱེད་པ་ནས་འགོ་ཚུགས་ཤིང་། རྗེས་སུ་གུ་ཥྲཱྀ་ཧན་གྱིས་གཙང་པ་རྒྱལ་པོའི་སྲིད་གཞུང་རྩ་གཏོར་བཏང་བ་དང་ཆབས་ཅིག་རིག་གནས་སློབ་སྦྱོང་གི་ཐད་ལ་བར་རྐྱེན་ཐེབས་ཡོད།

རིགས་དབྱེ།  

བླ་མ་བསྟེན་པ།

རྒྱས་སྲས་ཞི་བ་ལྷས། མིའོ་ཅོག་གི་ལུས་འདི་ནི།། དགེ་བར་བཀོལ་བ་ཉིད་དུ་ཟད།། ཅེས་དང་། མི་ཡི་གྲུ་ལ་བརྟེན་ནས་སུ།། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།། གྲུ་འདི་ཕྱི་ནས་རྙེད་དཀའ་བས།། རྨོངས་པ་དུས་སུ་གཉིད་མ་ལོག། ཅེས་གསུངས་པ་ལྟར། དམ་ཆོས་དགེ་བ་སྒྲུབ་ཚུལ་དེ་ཡང་མདོ་སྔགས་གཉིས་སུ་ཡོད་ཀྱང་གང་ལྟར་ཡང་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསྟེན་ནས་མདོ་སྔགས་ཀྱི་གཞུང་རྣམས་ལ་ཐོས་བསམ་ཚུལ་བཞིན་དུ་བྱེད་དགོས།

རིགས་དབྱེ།  

བླ་སློབ་ཀྱི་འབྲེལ་བ་བརྟག་པ།

བླ་མ་དགེ་བའི་བཤེས་གཉེན་བསྟེན་པ་ལ་ཐོག་མར་བླ་སློབ་གྱི་འབྲེལ་བ་ལ་བརྟག་དགོས་ཤིང་། བླ་མས་སློབ་མ་ལ་བརྟག་པ་དང་སློབ་མས་བླ་མ་ལ་བརྟག་པ་བྱས་ན་ད་གཟོད་བླ་སློབ་གཉིས་ཀྱི་དམ་ཚིག་ཉམས་པར་མི་འགྱུར་རོ།།

རིགས་དབྱེ།  

སློབ་མས་བླ་མ་བསྟེན་ཚུལ།

སློབ་མས་བླ་མ་ཇི་ལྟར་བསྟེན་ཚུལ་ལའང་བསམ་པ་དད་པས་ཀུན་ནས་བསླང་བ། ཕན་ཡོན་རྗེས་སུ་དྲན་པ། སྦྱོར་བ་ཇི་ལྟར་བསྟེན་ཚུལ་དངོས་སོ།།

རིགས་དབྱེ།  

སྡོམ་པ།

སངས་རྒྱས་བསྟན་པའི་དགེ་ཚུལ་དགེ་སློང་གི་ཆོས་ཡང་དག་པར་བསྒྲུབ་ཉམས་ལེན་ཐུབ་པའི་ཆེད་དུ་ཁྲིམས་བཅོས་པ་ཡིན་ཏེ། དེ་དག་ནི་དུས་རྒྱུན་གྱི་བསྲུང་བྱ་ཡིན་ནོ།།

རིགས་དབྱེ།  

བཤད་པར་བྱ་བའི་ཡུལ་ལ་གཞག་པ།

གང་ལ་བཤད་པར་བྱ་བའི་ཡུལ་སློབ་མའི་རྣམ་པར་གཞག་པ་སྟེ། རིག་གནས་ཤེས་བྱ་འཁྲིད་སའི་ཡུལ་ཏེ་སློབ་མ་ལ་ཇི་ལྟ་བུ་ཞིག་བྱེད་པ་ལ་རྣམ་པར་འཇོག་པ།

རིགས་དབྱེ།  

འཆད་ཉན་དམ་ཚིག་གི་རྣམ་གཞག

འཆད་པ་པོ་སློབ་དཔོན་དེ་ཉིད་འཆད་ཐབས་ཡན་ལག་དྲུག་དང་ལྡན་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཡོན་ཏན་དྲུག་གིས་ཕྱུག་པ། སྐྱོན་དྲུག་སྤངས་པ་ཞིག་དགོས།

རིགས་དབྱེ།  

སློབ་མའི་རྣམ་གཞག

སློབ་མའི་རྣམ་པར་གཞག་པ་ལ། ཉན་པའི་སྐབས་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག་སོགས་སྤངས་ཏེ་འདུ་ཤེས་བཞི་བསྐྱེད་པ་དང་། ཡོན་ཏན་དྲུག་དང་། འཛིན་པའི་ཆོས་དྲུག་དང་ལྡན་ཞིང་། སྤྱོད་ལམ་གཞན་བསྟེན་པའི་སྒོ་ནས་ཉན་དགོས།

རིགས་དབྱེ།  

རྩོམ་རིག་ཆེད་ལས་ཀྱི་སློབ་གསོ་དོ་དམ།

ལས་རིགས་གང་འདྲ་ཞིག་ཡིན་ནའང་དོ་དམ་ནི་ཨང་དང་པོར་འཇོག་དགོས་པའི་གནད་དོན་ཞིག་ཡིན། རྒྱུ་མཚན་ནི་ལས་རིགས་གང་དེར་ཕན་འབྲས་གང་ཐོན་དང་། ལས་ཆོད་ཇི་ཡོང་ལ་སོགས་ནི་དོ་དམ་ལེགས་ཉེས་ལ་རག་ལས་ཡོད།

རིགས་དབྱེ།  

དགོན་སྡེའི་སློབ་གསོ།  བརྡ་འགྲེལ 38 ཡོད།